དཀོན་མཆོག་གསུམ།
དཀོན་མཆོག་གསུམ་ཞེས་པ་ནི་ནང་པའི་ཆོས་ལུགས་ཀྱི་མཐར་ཐུག་གི་སྐྱབས་གཙོ་བོ་གསུམ་སྟེ། སངས་རྒྱས་དང་ཆོས་དང་དགེ་འདུན་མཆོག་གསུམ་མོ། །
སྒྲ་བཤད།
[རྩོམ་སྒྲིག]རིན་པོ་ཆེ་དང་འདྲ་བའི་རྙེད་པར་དཀའ་ཞིང་ཡོན་ཏན་གྱིས་ཁྱད་པར་ཅན་གྱི་ཆོས་དང་ལྡན་པས་མཆོག་ཏུ་གྱུར་སྐྱབས་གསུམ་ཡིན་པས་དེ་ལྟར་བརྗོད་དོ། །
ནང་དོན།
[རྩོམ་སྒྲིག]བླ་ན་མེད་པའི་ཞིང་།
"བླ་ན་མེད་པའི་ཞིང་ཡིན་"[༡]ཞེས་གསུངས་པའི་དཀོན་མཆོག་གསུམ་ལས་མཆོག་ཏུ་གྱུར་པའི་ཞིང་གཞན་གང་ཡང་མེད་དོ། །
"བླ་ན་མ་མཆིས་པའི་ཞིང་"[༢]ཞེས་གསུངས་ཏེ་འཇིག་རྟེན་ནང་གི་ཡུལ་ཐམས་ཅད་ལས་བླ་ན་མེད་པའི་ཞིང་མཆོག་ཡིན་ནོ། །
"ཡུལ་བླ་ན་མེད་པའི་ཡོན་ཏན་གྱི་ཞིང་ཁྱད་པར་ཅན་དཀོན་མཆོག་གསུམ་"[༣]ཞེས་པས་དཀོན་མཆོག་གསུམ་ཡོན་ཏན་ཆེན་པོས་ཁྱད་པར་དུ་ཕྱེ་བའི་ཞིང་གི་ཁྱད་ཆོས་ཡིན་པ་དང་། སངས་རྒྱས་ནི་མ་རིག་པའི་མུན་པ་སངས་ཤིང་ཤེས་བྱའི་ཡེ་ཤེས་རྒྱས་པས་ན་སངས་རྒྱས་ཞེས་བརྗོད། ཆོས་ནི་འཁྲུལ་པ་དང་སྡུག་བསྔལ་ལས་སྐྱོབ་པའི་ཆོས་ཉིད། དགེ་འདུན་ནི་ཆོས་ལ་སྤྱོད་པའི་ཚོགས་ཏེ་གསུམ་པོ་འདི་ནི་སེམས་ཅན་ཐམས་ཅད་ཀྱི་སྐྱབས་གནས་མཆོག་ཡིན་ནོ། །
ཕན་འདོགས་པའི་ཞིང་དང་གི་ཁྱད་པར།
"ཕན་འདོགས་པའི་གཤིས་"[༤]ཞེས་པས་ཕ་མས་བུ་ཕྲུག་ལ་ཕན་པ་གཏོང་བའི་ཞིང་ཡིན། ཡིན་ཡང་དཀོན་མཆོག་གསུམ་ནི་དེ་ལས་ཀྱང་མཆོག་ཏུ་གྱུར་པའི་ཡོན་ཏན་གྱི་ཞིང་ཁྱད་པར་ཅན་ཡིན་པས། དཀོན་མཆོག་གསུམ་གྱི་ཡོན་ཏན་ནི་ཕ་མ་ལས་ཀྱང་ཁྱད་པར་དུ་གྱུར་པ་ཞིག་ཡིན་པར་བསྟན།
"ཡོན་ཏན་གྱི་ཁུར་དུ་ལྕི་ཞིང་བཀུར་བར་འོས་པའི་ཞིང་"[༥]ཞེས་དཀོན་མཆོག་གསུམ་དང་བླ་མ་དེ་དག་ནི་ཡོན་ཏན་ཆེན་པོ་ལྡན་པས་ཤིན་ཏུ་བཀུར་སྟི་ཞུ་དགོས་པའི་ཞིང་ཡིན་པར་ངེས་འཛིན་བྱས་པ་ཡིན་ནོ། །
གནོད་པ་བྱས་པའི་ཉེས་དམིགས།
[རྩོམ་སྒྲིག]ལུས་ངག་ཡིད་གསུམ་གྱིས་གནོད་པ།
"ཀུན་སློང་ཆགས་སྡང་རྨོངས་གསུམ་ལ་སོགས་པའི་ཉོན་མོངས་པའི་སྒོ་ནས་སྦྱོར་བ་ལུས་ཀྱིས་བཅོམ་བརླག་བརྡུང་བརྡེག་སོགས་དང་ངག་གིས་སྐུར་འདེབས་ངན་སྨྲ་སོགས་དང་ཡིད་ཀྱིས་ལོག་ལྟ་ངན་སེམས་སོགས་གནོད་པ་བགྱིས་པ་"[༦]ཞེས་སེམས་ཅན་གྱིས་ཆགས་པ་སྡང་བ་གཏི་མུག་ཉོན་མོངས་པའི་དབང་གིས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་དཀོན་མཆོག་གསུམ་ལ་གནོད་པ་བྱེད་པའི་སྤྱོད་པ་ཐམས་ཅད་ཡིན་ནོ། །
"སྡུག་བསྔལ་གྱི་རྣམ་པར་སྨིན་པ་རྒྱ་ཆེ་བར་གྲགས་པ་ཡིན་"[༧]ཞེས་ལས་དེ་ལྟ་བུ་བྱས་ན་སྡུག་བསྔལ་གྱི་འབྲས་བུ་ཆེན་པོ་དང་རྒྱ་ཆེ་བ་ཞིག་འབྱུང་ངེས་པར་བསྟན་པ་ཡིན།
དཀོར་རྐུ་བའི་ཉེས་དམིགས།
"དཀོར་ནོར་དག་ཀྱང་བརྐུས་སམ་འཕྲོག་ནས་ལས་ངན་ཚབས་ཆེན་གསོག་པར་བྱེད་ལ་ལས་ངན་པ་དེ་དང་དེས་ནི་ཕྱི་མར་དམྱལ་བ་མནར་མེད་ཀྱི་མེས་སྲེག་པ་སོགས་ངན་སོང་གི་སྡུག་བསྔལ་ཆེན་པོ་སྐྱེད་པ་"[༨]ཞེས་དཀོན་མཆོག་གསུམ་གྱི་མཆོད་རྫས་དང་ཡོ་བྱད་ལ་སོགས་པའི་དཀོར་གསང་སྟེ་རྐུ་བའམ་ཤུགས་ཀྱིས་འཕྲོག་པ་ལ་སོགས་པ་བྱས་ན་ཚེ་ཕྱི་མར་མནར་མེད་པའི་དམྱལ་བར་སྐྱེ་བ་ངེས་པར་བསྟན།
"དཀོན་མཆོག་གི་དཀོར་བརྐུས་ན་རབ་ཏུ་ཚ་བའི་དམྱལ་བར་སྐྱེ་བར་ཡང་གསུངས་"[༩]ཞེས་དཀོན་མཆོག་གི་དཀོར་རྐུ་བའི་ལས་ངན་དེ་ཡིས་རབ་ཏུ་ཚ་བའི་དམྱལ་བ་ལ་སོགས་པའི་ཁྱད་པར་ཅན་གྱི་དམྱལ་བར་སྐྱེ་ངེས་པ་གསལ་བར་བསྟན་ཏོ། །
དགེ་འདུན་གྱི་དཀོར་གྱི་ཉེས་པ།
"ཕྱོགས་བཅུའི་དགེ་འདུན་གྱི་དཀོར་དང་དེ་ལས་ཀྱང་ཞལ་དུ་འདུ་བའི་སྒོ་ཉེས་པ་ཤིན་ཏུ་ཆེ་བར་གསུངས་"[༡༠]ཞེས་ཕྱོགས་བཅུའི་དགེ་འདུན་ཚང་མའི་ཐུན་མོང་གི་དཀོར་རྫས་རྐུ་བ་དང་ལྷག་པར་ཞལ་དུ་འདུ་བ་ནི་དཀོར་རྐུ་བ་ལས་ཀྱང་ཉེས་པ་ཆེ་བར་བཤད་དོ། །
ལུས་ལ་ཆགས་པའི་འགལ་རྐྱེན།
[རྩོམ་སྒྲིག]"ཕན་བཏགས་པའི་ཕ་དང་མ་ཡང་གསོད་པར་བྱེད་ཅིང་། དཀོན་མཆོག་གསུམ་གྱི་དཀོར་བརྐུས་ནས་སྡིག་པ་དེས་ནི་མནར་མེད་དུ་བསྲེག་པར་འགྱུར་ན་མཁས་པ་སུ་ཞིག་ལུས་དེ་ལ་གཅེས་པར་གཟུང་ནས་འདོད་ཅིང་བསྲུང་བ་དང་མཆོད་པར་བྱེད་"[༡༡]ཅེས་རང་གི་ལུས་ལ་ཆགས་ནས་ཁེ་དང་རྙེད། གྲགས་པའི་ཕྱིར་དུ་ཕ་མ་ལ་སོགས་པ་ཕན་པ་ཅན་ཡང་གསོད་པ་དང་། དཀོན་མཆོག་གསུམ་གྱི་དཀོར་ཡང་རྐུ་བ་ལྟ་བུའི་ལས་ངན་བྱེད་པའི་ལུས་འདི་ལ་མཁས་པ་གང་ཞིག་གིས་དཀོན་མཆོག་གསུམ་ལ་གནོད་པ་བྱེད་པའི་ལུས་འདི་ལ་ཆགས་པ་ནི་བླུན་པོའི་རྟགས་ཡིན་པར་བསྟན།
བསྡུས་དོན།
[རྩོམ་སྒྲིག]དཀོན་མཆོག་གསུམ་ནི་ནང་པའི་ཆོས་ལུགས་ཀྱི་སྐྱབས་གཙོ་བོ་ཡིན་ལ། སངས་རྒྱས་དང་ཆོས་དང་དགེ་འདུན་གསུམ་པོ་དེ་ནི་བླ་ན་མེད་པའི་ཡོན་ཏན་གྱི་ཞིང་ཡིན་པའི་ཕྱིར། དེ་དག་ལ་གནོད་པ་བྱས་པ་དང་ཁྱད་པར་དུ་དེ་དག་གི་དཀོར་རྐུ་བ་ལ་སོགས་པ་ནི་ཤིན་ཏུ་ལྕི་བའི་སྡིག་པ་ཡིན་ལ། དེའི་རྣམ་སྨིན་ཡང་དམྱལ་བའི་སྡུག་བསྔལ་ལ་སོགས་པ་ཤིན་ཏུ་འཇིགས་པ་ཡིན་པར་གསུངས། དེས་ན་དད་པ་ཅན་གྱིས་དཀོན་མཆོག་གསུམ་ལ་གུས་པ་དང་བཀུར་སྟི་ཡང་དག་པ་ཞུ་དགོས་པའི་གལ་ཆེ་བ་ཆེན་པོ་ཡོད་དོ། །
ལུང་ཁུངས།
[རྩོམ་སྒྲིག]
དཀོན་མཆོག་གསུམ་ནི་ནང་པ་སངས་རྒྱས་པས་སྐྱབས་གནས་སུ་འཛིན་པའི་སངས་རྒྱས་དཀོན་མཆོག་དང་། ཆོས་དཀོན་མཆོག དགེ་འདུན་དཀོན་མཆོག་གསུམ་སྟེ།
གསལ་བཤད།
[རྩོམ་སྒྲིག]
|
པར་རིས་བར་ཁྱམས།
[རྩོམ་སྒྲིག]ཟིན་ཐོའམ་དཔྱད་གཞི།
[རྩོམ་སྒྲིག]དཔྱད་གཞིའི་དཀར་ཆག
[རྩོམ་སྒྲིག]ད་དུང་གཟིགས།
[རྩོམ་སྒྲིག]ཕྱི་ཕྱོགས་དྲྭ་མཐུད།
[རྩོམ་སྒྲིག]
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།