Jump to content

རྗོར་ཌན།

ཡོང་ཁུངས་Wikipedia

རྗོར་ཌན་(الأردنّ)ནི་ཨེ་ཤེ་ཡ་ཡི་རྒྱལ་ཁབ་ཞིག་རེད། དེའི་རྒྱལ་ས་ནི་ཨམ་མན་རེད།

ཇོར་དན་ནི་ནུབ་ཨེ་ཤེ་ཡའི་རྒྱལ་ཁབ་ཅིག་ཡིན་ལ། རྒྱལ་ཁབ་དེ་ལ་གཞུང་འབྲེལ་གྱི་མིང་ཇོར་དན་ཧ་ཤེ་མད་རྒྱལ་པོའི་རྒྱལ་ཁབ་ཟེར། རྒྱལ་ཁབ་དེའི་ས་མཚམས་སུ་ས་དི་ཨ་རབ་དང་བྱང་ཤར་དུ་ཨི་རག  བྱང་དུ་སི་རི་ཡ། ནུབ་ཏུ་པ་ལི་སི་ཐན་རྒྱལ་ཁབ་སོགས་ཡོད་ཅིང་། ཇོར་དན་ནི་ཡོ་རོབ་དང་ཨེ་ཤེ་ཡ། ཨ་ཧྥེ་རི་ཀ་གསུམ་གྱི་ལམ་གྱི་སུམ་མདོ་རུ་ཆགས་ཡོད།  རྒྱལ་ཁབ་དེའི་རྒྱལ་སའམ་གྲོང་ཁྱེར་ཆེ་ཤོས་ལ་ཨེ་མན་ཟེར་ཞིང་གྲོང་ཁྱེར་དེ་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་ཆབ་སྲིད། རིག་གཞུང་གི་ལྟེ་གནས་གཙོ་བོ་ཞིག་ཆགས་ཡོད།


ལོ་རྒྱུས།

[རྩོམ་སྒྲིག]

དེ་ཡང་དུས་རབས་སྔོན་གྱི་ལོ༨༠༠༠ཙམ་ལ་ཇོར་དན་མི་རིགས་འདི་འཇིག་རྟེན་གྱི་གོ་ལ་འདིར་སྐྱེ་འཕེལ་གྱི་མགོ་བཙུགས། ཐོག་མར་ཇོར་དན་རྒྱུག་ཆུའི་ནུབ་ཏུ་འཇིའུ་མི་རིགས་བྱུང་བ་དང་། རིམ་བཞིན་རྒྱུག་ཆུའི་ཤར་ཕྱོགས་སུ་ཨི་ཌོན་དང་གྷི་ལེན་ཌི། མོ་བྷི། ཨེ་མན་ས་ཁུལ་སོགས་གཞིས་ཆགས།  ཇོར་དན་དེ་ཨེས་སི་རི་ཡ་དང་ཨེ་ཇེབ། བྷ་བྷེ་ལོ་ནེ་ཡ། པིར་སི་ཡ་རྒྱལ་ཁབ་སོགས་ཀྱིས་ཀྱང་བཙན་འཛུལ་བྱས་མྱོང་འདུག དུས་རབས་བཞི་པའི་ནང་དུ་ཇོར་དན་གྱི་བྱང་ཁུལ་དེ་སེལ་ལི་སེ་ཌི་རྒྱལ་ཁབ་ཀྱི་ཁོངས་སུ་ཡོད་ཀྱང་ལྷོ་ཁུལ་ཨ་རབ་མི་རིགས་ཀྱིས་དབང་སྒྱུར་བྱས།ས་ཁུལ་དེ་དུས་རབས༧ནས་དུས་རབས༡༦བར་དུ་ཨ་རབ་ཁ་ཆེ་ཡིས་དབང་སྒྱུར་བྱས་ཡོད་པ་དང་། ༡༥༡༧ལོའི་ནང་དུ་ཨོ་ཏོ་མཱན་རྒྱལ་ཁབ་ཀྱིས་དབང་སྒྱུར་བྱས།ཇོར་དན་ནུབ་ཕྱོགས་ཨེ་ཅིབ་དང་ཤར་ཕྱོགས་མེ་སོ་ཕོ་ཐ་ནི་ཡ་གཉིས་ཀྱི་བར་དུ་ཆགས་ཡོད་པས། ལུང་པ་དེ་གཉིས་ཀྱི་ཚོང་ལམ་གཙོ་བོ་ཞིག་ཀྱང་ཆགས་ཡོད་འདུག།

དེ་བཞིན་ས་ཁུལ་དེར་རོ་མན་གྱིས་ལོ་ངོ༤༠༠ཙམ་གྱི་རིང་དབང་སྒྱུར་བྱས་ཡོད་པས། ས་ཁུལ་དེར་ཡེ་ཤིའི་ཆོགས་ལུགས་དར་སྤེལ་བཏང་། ཡང་དུས་རབས་བདུན་པའི་ནང་ཇོར་དན་ལ་ཨ་རབ་ནས་ཁ་ཆེའི་ཆོས་ལུགས་དར་ཞིང་། དེ་ནས་ཇོར་དན་ཁ་ཆེའི་ལུང་པ་ཞིག་ཏུ་གྱུར། སྤྱི་ལོ༡༩༤༦ལོར་ཇོར་དན་དབྱིན་ཇིའི་མངའ་འོག་ནས་རང་བཙན་གཙང་མ་ཐོབ་ཡོད་འདུག

རྒྱལ་ས།

[རྩོམ་སྒྲིག]

ཨེ་མན་ནི་ཇོར་དན་གྱི་རྒྱལ་སའམ་གྲོང་ཁྱེར་ཆེ་ཤོས་དེ་ཡིན་ལ། རྒྱལ་ཁབ་ཀྱི་དཔལ་འབྱོར་དང་ཆབ་སྲིད། རིག་གཞུང་སོགས་ཀྱི་ལྟེ་གནས་གཙོ་བོ་ཞིག་ཆགས་ཡོད། གྲོང་ཁྱེར་དེ་ཇོར་དན་གྱི་བྱང་དབུས་སུ་ཡོད་ཅིང་ཨེ་མན་མངའ་སྡེའི་སྤྱི་ཁྱབ་ལས་ཁུངས་ཀྱང་ས་གནས་དེར་ཡོད་འདུག གྲོང་ཁྱེར་དེར་མི་འབོར་ས་ཡ༤ཙམ་ཡོད་ལ་ས་རྒྱ་སྤྱི་ལེ་གྲུ་བཞི་མ༡.༦༨༠ཙམ་ཡོད། དེང་སང་ཨ་རབ་ཀྱི་གྲོང་ཁྱེར་ཁག་ལས་ཨེ་མན་ནི་ནུབ་ཕྱོགས་པའི་ལམ་སྲོལ་དུ་བསྒྱུར་ཆེ་ཤོས་ཀྱི་གྲོང་ཁྱེར་ཞིག་དང། ད་དུང་གྲོང་ཁྱེར་དེ་ནི་ཡོ་རོབ་དང་ཨ་རབ་ཀྱི་ཡུལ་སྐོར་བ་ཚོའི་ཡུལ་སྐོར་འགྲོ་ཡུལ་གཙོ་བོ་དེ་ཡང་ཆགས་ཡོད། སྤྱི་ལོ༢༠༡༤ལོའི་ནང་ཨེ་མན་དུ་ཡུལ་སྐོར་བ་ཧ་ལམ་ས་ཡ་གཉིས་ཙམ་འབྱོར་ཡོད་པ་དང་། འཛམ་གླིང་ནང་ཡུལ་སྐོར་བ་སླེབས་མང་ཤོས་ཀྱི་གྲོང་ཁྱེར་ཨང་རིམ༩༣པ་དང་། ཨ་རབ་ཀྱི་གྲོང་ཁྱེར་ཁག་ལས་ཨང་ལྔ་པ་དེ་ཆགས་ཡོད་འདུག དེ་བཞིན་ཨེ་མན་ནི་བྱང་ཤར་ཨ་ཧྥེ་རི་ཀའི་གྲོང་ཁྱེར་དག་ལས་དཔལ་འབྱོར་དང་ཐོན་རྫས། ཁོར་ཡུག སྤྱི་ཚོགས་རིག་གནས་སོགས་ཡར་ཐོན་ཆེ་ཤོས་ཀྱི་གྲོང་ཁྱེར་ཞིག་ཀྱང་ཡིན་པ་གྲགས་འདུག

རིག་གནས།

[རྩོམ་སྒྲིག]

ཇོར་དན་གྱི་སློབ་གཉེར་ཁང་མང་པོའི་ནང་ཇོར་དན་གྱི་རིག་གཞུང་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་གཏོང་རྒྱུ་དང་ཁྱད་པར་དུ་ཇོར་དན་གྱི་རི་མོའི་སྒྱུ་རྩལ། རྡོ་རྐོས། པར་ལས་སྒྱུ་རྩལ་སོགས་འཕེལ་རྒྱས་གཏོང་རྒྱུ་ནི་སློབ་གཉེར་ཁང་དེ་དག་གི་དམིགས་ཡུལ་གཙོ་བོ་ཆགས་ཡོད།ལོ་ངོ་ཁ་ཤས་ནང་ཇོར་དན་གྱི་འཁྲབ་སྟོན་སྒྱུ་རྩལ་ཡར་ཐོན་ཆེན་པོ་བྱུང་ཡོད་ལ། སྤྱི་ལོ༢༠༡༦ལོའི་ཟླ༡པོའི་ནང་ཇོར་དན་གྱི་གློག་བརྙན་ཐེ་པི(Theeb)ནི་འཛམ་གླིང་ནང་ཆེས་གྲགས་ཆེ་བའི་གློག་བརྙན་ཞིག་ཀྱང་ཆགས་ཡོད་འདུགཇོར་དན་ནང་འགྲེམ་སྟོན་ཁང་ཆེ་ཆུང་མང་པོ་ཡོད་པ་དག་ལས་འགྲེམ་སྟོན་ཁང་ཆེ་ཤོས་ལ་ཇོར་དན་འགྲེམ་སྟོན་ཁང་ཆེན་མོ་ཟེར། འགྲེམ་སྟོན་ཁང་དེའི་ནང་གནའ་རབས་ཀྱི་ཤོག་དྲིལ་དང་རྡོ་ཐལ་གྱི་ས་སྐུ(Ain Ghasal) ད་དུང་རིན་ཐང་ལྡན་པའི་གནའ་རབས་ཀྱི་ཅ་དངོས་མང་པོ་ཡོད་འདུགཇོར་དན་གྱི་རོལ་ཆའི་རུ་ཁག་དང་གླུ་བ་གླུ་མ་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་པ་དང་། གླུ་བ་ཨབ་དྷ་ལཱ་ཐི་དང་ཊོ་ནེ། དྷེ་ནཱ། མེ་ཐི་ཝ་སི་ཚོ་ནི་ཇོར་དན་གྱི་གླུ་བ་སྙན་གྲགས་ཆེ་ཤོས་དག་ཡིན་ཞིང་། དེ་བཞིན་ཇོར་དན་དུ་ཨ་རབ་ཀྱི་གླུ་གཞས་ཀྱང་དར་སྲོལ་ཆེན་པོ་ཡོད་འདུག

རྩེད་མོ།

[རྩོམ་སྒྲིག]

རྐང་རྩེད་སྤོ་ལོ་ནི་ཇོར་དན་གྱི་དར་སྲོལ་ཆེ་ཤོས་ཀྱི་རྩེད་མོ་ཞིག་ཡིན་ལ། ཇོར་དན་རྒྱལ་ཡོངས་རྐང་རྩེད་སྤོ་ལོ་རུ་ཁག་ནི་ཉེ་བའི་ལོ་ཤས་ནང་ཡར་རྒྱས་ཆེན་པོ་ཕྱིན་ཡོད། འོན་ཀྱང་། འཛམ་གླིང་རྐང་སྤོ་འགྲན་སྡུར་ནང་ད་དུང་ཞུགས་ཐུབ་མེད། སྤྱི་ལོ༢༠༡༤ལོར་ཇོར་དན་རྐང་སྤོ་རུ་ཁག་འཛམ་གླིང་རྐང་སྤོ་འགྲན་སྡུར་ནང་ཞུགས་རྒྱུའི་གོ་སྐབས་ཐོབ་ཡོད་ཀྱང་། ཡོ་རུ་གཱན་དང་ལྷན་དུ་རྩེད་འགྲན་ཕམ་པས་ཞུགས་མ་ཐུབ།ཇོར་དན་གྱི་བུད་མེད་རྐང་སྤོ་རུ་ཁག་ཀྱང་དེ་བཞིན་འཛམ་གླིང་ནང་སྙན་གྲགས་ཇེ་ཆེ་རུ་འགྲོ་བཞིན་པ་དང་། སྤྱི་ལོ༢༠༡༦ལོར་འཛམ་གླིང་ནང་རུ་བསྟར་ཨང༥༨པའི་གོ་གནས་ཐོབ་ཡོད་འདུགདེ་བཞིན་ཇོར་དན་གྱི་རྒྱལ་ཡོངས་ལག་རྩེད་སྤོ་ལོ་རུ་ཁག་ཀྱང་རྒྱལ་སྤྱི་དང་རྒྱལ་ཁབ་རིམ་པའི་ནང་རྩེད་འགྲན་དུ་ཞུགས་ཤིང། རྩེད་འགྲན་མང་པོའི་ནང་རྒྱལ་ཁ་ཐོབ་ཡོད་འདུག

སྒྱུར་མཁན། དབང་ཆེན་འཕྲིན་ལས།  མཐོ་བོད་འཕྲིན་སྟེགས་ནས་དྲངས།



ཟིན་ཐོ་འམ་དཔྱད་གཞི།

[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག།

[རྩོམ་སྒྲིག]

ད་དུང་གཟིགས།

[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།

[རྩོམ་སྒྲིག]