Jump to content

སོག་ཡུལ།

ཡོང་ཁུངས་Wikipedia
མོང་གོལ་ ནས་ཁ་ཕྱོགས་བསྐྱར་དུ་བཟོས་པ།
Mongol Uls
དར་ཆ། རྒྱལ་རྟགས།
(སོག་པོའི་རྒྱལ་ཁབ་ཀྱི་རྒྱལ་དར།) (སོག་པོའི་རྒྱལ་ཁབ་ཀྱི་རྒྱལ་རྟགས།)
རྒྱལ་ཁབ་ཀྱི་སྐད་ཡིག སོག་པོའི་སྐད།
རྒྱལ་ས། ཝུ་ལན་བ་ཐུར
སྲིད་གཞུང་། སྲིད་གྲོས་སྤྱི་མཐུན་རྒྱལ་ཁབ།
སྲིད་འཛིན། ཚ་ཁྱ་གྷིན་ ཨལ་བག་རྡོར་རྗེ།
སྲིད་བློན། འཆི་མེད་དྷིན་ ས་མཁྱེན་བལ་ཇིག་
སའི་རྒྱ་ཁྱོན་།
 - རྒྱ་ཁྱོན་ཧྲིལ་པོ་།
 - མཚོ་ཐོག་རྒྱ་ཁྱོན་གི་བརྒྱ་ཆ།

  1,564,115.75 km2
0.43%
མི་འབོར།
 - མི་འབོར་ཧྲིལ་པོ། (༢༠༡༠)
 - མི་འབོར་མཐུག་ཚད་།

  2,966,294
 1.88/km²
དངུལ་ལོར། ཐོག་རོག་ (MNT)
དུས་ཚིགས་ས་ཁུལ། (UTC+7 to +8)
རྒྱལ་གླུ། Монгол Улсын төрийн дуулал
ཏར་ཡིག་ཨང་རྟགས། +976

མོང་གོལ་རྒྱལ་ཁབ་ནི་ཡུར་མ་ཡུར་བ་ཞིག་རེད། ཨུ་རུ་སུའི་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་གནས་ཡོད། རྒྱལ་ས་ནི་གྲོང་ཁྱེར་ཆེ་ཤོས་ཡིན། སོག་པོའི་ཡུལ་ནི་སྲིད་འཛིན་ཞིང་ཆེན་དང་། གྲོང་ཁྱེར། རྒྱལ་ས། རྒྱལ་ས། པ་ཐོ་བཅས་ཀྱིས་གྲུབ་ཅིང་། དེའི་ངོས་སུ་སྤྱི་ལེ་ངོས་གྲུ་564116ཡོད་པ་རེད། སྔོན་གྱི་སོག་པོའི་ཡུགས་ས་ནི་གནའ་རབས་ཀྱི་ཞུང་ནུའུ་དང་། ཞན་པའེ། རུའུ་རན། ཐུའུ་ཅུའེ་དང་། ཡན་ཀ་སི། ཧུའེ་ཆི། ཆི་ཏན་སོགས་ཡིན། འབྲོག་པའི་མི་རིགས་ཀྱི་འཚོ་བ་དང་སྔར་སྲིད་བློན་ཆེན་པོ་ཞིག་བཙུགས་ཡོད། 1206ལོར་ཇིང་གིར་རྒྱལ་པོས་སོག་པོའི་ཏི་ཝང་བཙུགས། 1271ལོར་ཁོང་གི་ཧུའུ་པི་ལེ་ཡིས་ཡོན་རྒྱལ་རབས་བཙུགས་པ་དང་། ཡོན་རྒྱལ་རབས་བསྣུབས་རྗེས་སོག་པོ་རྣམས་སོག་པོའི་རྩྭ་ཐང་དུ་ལོག ཡིན་ནའི་རྟག་པར་རྒྱལ་ཁམས་ན་ཡོད། སོག་པོ་སྐུ་ཕྲེང་16པ་ནས་17པའི་བར་བོད་དུ་སངས་རྒྱས་ཆོས་ལུགས་ཀྱི་གྲིབ་གཟུགས་ཕོག་ཅིང་། རྒྱལ་རྒྱུད་17པའི་དུས་མཇུག་དང་སོག་པོའི་མངའ་ཁོངས་ཡོངས་ཆིང་རྒྱལ་རབས་ཀྱི་མངའ་ཁོངས་སུ་སླེབས་པ་དང་། 1911ལོར་ཆིན་རྒྱལ་རབས་ཀྱི་པེང་ཡུས་རྒྱལ་རབས་ཀྱི་སོག་པོ་རྣམས་ཀྱིས་ལི་ལི་ཞེས་ཁྱབ་བསྒྲགས་བྱས་མྱོང་། ཡང། ༡༩༢༡ལོར་མི་དམངས་གསར་བརྗེ་ལ་ཨུ་རུ་སུའི་ཚོད་འཛིན་འོག་ཀྲོང་ངེར་ལངས་པ་དང་། ༡༩༢༤ལོར་བཙུགས་པའི་སྤྱི་ཚོགས་ཀྱི་གཙོ་འཛིན་དང་སོག་པོའི་མི་དམངས་ཀྱི་ཐུན་མོང་གི་ཁེ་ཕན་ལ་ཤུགས་རྐྱེན་ཆེན་པོ་ཐེབས། སྐར་མ་དུ་བ་མཇུག་རིང་། 1989ལོ་ནས་བཟུང་། སོག་པོའང་1990ལོའི་ལོ་འགོར་དམངས་གཙོའི་གསར་བརྗེ་བྱུང་ཞིང་། 1992ལོར་ཡུར་མ་ཡུར་བ་དང་། མགོ་བརྩམས་ཏེ་གྲོང་ཁྱེར་གྱི་ཕྱོགས་སུ་བསྐྱོད་པ། སོག་པོའི་ས་འབུར་ངོས་1,564 སྤྱི་ལེ་གྲུ་བཞི་མ་116ཡོད་པ་དང་། དེ་ནི་འཛམ་གླིང་སྟེང་གི་ས་འབུར་ངོས་ཀྱི་ཁྱིམ་ཚང་ཆེན་པོ་19ཡིན། ཧ་ལེ་ཁེ་ཡི་འཛམ་གླིང་གི་ཆེས་ཆེ་བའི་ཁྱིམ་ཚང་གཉིས་པ་ཡང་ཡིན། མི་འབོར་330ནི་འཛམ་གླིང་ཐོག་མི་འབོར་འདུས་ཚད་དམའ་ཤོས་ཀྱི་བདག་པོ་གཙོ་བོ་ཡིན། སོག་པོའི་ཡུར་མ་ཡུར་བ་ཉུང་ལ། ་ས་མང་ཆེ་བ་རྩྭ་ཐང་དུ་ལྷུང་། བྱང་ཕྱོགས་དང་ནུབ་ཕྱོགས། རི་བོ་མང་པོ། ལྷོ་རྒྱུད་ཀྱི་བྱེ་ཐང་། 30%ཡི་མི་འབོར་གྱིས་ཕྱུགས་འཚོ་བ་དང་ཕྱེད་ཕྱུགས་འཚོ། སོག་པོའི་ཆོས་ལུགས་གཙོ་བོ་སངས་རྒྱས་ཆོས་ལུགས་དང་མི་རིགས་གཙོ་བོ། དེ་ལ་ཧ་ཅི་ཁེ་དང་ཝ་ཅི་སོགས་མི་རིགས་གཞན་དག་ནུབ་རྒྱུད་དུ་ཁྱབ་ཡོད་པ་དང་། མི་རེའི་ཆ་སྙོམས་སུ་རིན་ཐང་ཧ་ཅང་ཆེན་པོ་ཡོད། ཨ་སྒོར660(2016ལོ) སོག་པོས་༡༩༩༧ལོར་འཛམ་གླིང་ལ་ཞུགས་ན་ཤིན་ཏུ་བདེ།

མིང་གི་འབྱུང་ཁུངས།

[རྩོམ་སྒྲིག]

རྒྱལ་རབས་ལོ་རྒྱུས།

[རྩོམ་སྒྲིག]

ཇིང་གིར་ཧན་སྐུ་གཤེགས་རྗེས། ཁོང་གི་སྲས་ཨའོ་ཋེ་ཧན་ཆེན་མོར་གྱུར། རྗེ་བོ་ཇིང་གེར་དང་སྐབས་དེའི་མོང་གོལ་བ་ཡོངས་ལ་བསྡུར་ཚེ། རྒྱལ་པོ་འདི་པ་ཞི་བདེ་ལ་སྨོན་ཞིང་བྱམས་སྙིང་རྗེ་ཡི་བདག་ཉིད་ཅན་ཡིན་འདུག། ཁོས་རྒྱུན་པར་འདི་ལྟར་འཆད་རྒྱུར་མོས་ཏེ། “འུ་བུ་ཅག་གི་མེས་པོ་ཇིང་གེར་ཧན་གྱིས་རྒྱ་ཆེ་བའི་ངལ་རྩོལ་མི་མང་ལ་བརྟེན་ནས་ང་ཚོར་རྒྱལ་རབས་ཤིག་མངའ་བརྙེས་པ་རེད། ད་ནི་འབངས་མི་སེར་ལའང་རྒྱུ་ནོར་དང་ཞི་བདེ་ཞོད་འཇགས་ཀྱི་འཚོ་བ་རོལ་བཅུག་སྟེ། ཁོ་ཚོའི་ཕྲག་སྟེང་གི་ཁུར་ལྕི་བའི་རྡོག་ཁྲེས་ཇེ་ཡང་དུ་གཏོང་བའི་དུས་ལ་བབས་ཡོད།” ཟེར།

ཁོང་གི་རྒྱལ་ཤུལ་རྒྱུད་འཛིན་གྱི་དུས་ཡུན་རིང་། བཀས་བཀོད་རྒྱུན་འཛིན་གྱི་མངའ་བདག་ཅིག་གི་ཚུལ་དུ། ཁོའི་བསམ་གཞིག་གཏོང་སྟངས་ལ་ཐུགས་སྣང་འཇོག་འོས་མོད། འོན་ཀྱང་དབང་སྒྱུར་གྱི་དུས་རབས་ད་དུང་ཡོངས་སུ་མཇུག་མ་བསྒྲིལ། སོག་པོའི་སྟོབས་འབྱོར་མངའ་ཐང་མུ་མཐུད་དབྱར་མཚོ་བཞིན་རྒྱས་བཞིན་པའི་སྒང་ཡིན། དམག་སྤྱི་ཆེན་མོ་སེ་བྷོ་ཋེ་ཡི་བཙན་འཛུལ་འོག་ཡོ་རོབ་གླིང་ལ་དབང་སྒྱུར་ཐེངས་གཉིས་པ་ཐེབས། ཡོ་རོབ་གླིང་གི་དམག་དཔུང་དང་དམག་སྤྱི་ཚོས་སེ་བྷོ་ཐེའི་གཡུལ་ངོ་མ་ལྡོག། དམག་དཔོན་འདི་པས་དགྲ་ཟླའི་རྒྱལ་ཁབ་ཁག་ནང་འཁོས་ཀ་ལྡན་པའི་ངོ་ཚབ་དང་གསང་མྱུལ་རུ་ཁག་མངག་གཏོང་དང་ཕ་རོལ་བོའི་གནས་ཚུལ་རྟོག་ཞིབ་ཀྱིས་རང་དམག་གི་གནས་གཞི་བརྟན་སྲུང་བྱས། ཁོ་ཐེངས་འདིའི་གཡུལ་འགྱེད་ལས་རྣམ་པར་མ་རྒྱལ་སྔོན་ལ་ཡུལ་ལུང་དེ་དག་གི་ཆབ་སྲིད་དམག་དོན་སོགས་གསལ་བོར་རྒྱུས་ལོན་བཏུབ་པ་བྱུང་། གཡུལ་ས་རུ་ཁོ་དམག་འཐབ་མཁས་ཆེན་དེ་ཡིན་ཞིང་ཁོང་གི་དམག་དོན་སྒྱུ་རྩལ་དང་བསྡུར་ཚེ། ཡོ་རོབ་གླིང་གི་དམག་སྤྱི་ཚོ་འཐབ་འཛིང་མཁན་ལས་དང་པོ་བ་ལྟ་བུ་ཡིན། སེ་བྷོ་ཋེས་ཐད་ཀར་ཨུ་རུ་སིར་རྒྱང་འདུལ་གྱིས། ལྷོ་ནུབ་རྒྱུད་ཀྱི་བྷ་གྷི་ཊ་དང་སིད་ཇོ་ཁི་གཉིས་ཞི་བདེ་ཞོད་འཇགས་སུ་བཏང་། མི་ལོ་དྲུག་རིང་དམག་དཔོན་འདི་པས་མུ་མཐུད་རྒྱང་འདུལ་དམག་འཁྲུག་བརྒྱབ་ཏེ། རྒྱལ་ས་མའོ་སི་ཁོ་དང་། ཁའེ་ཝེ་ཕའོ་ལན་ཊི་ཧིང་གྷ་རི་ཁཱ་རཱ་ཁའོ་སོགས་རེབ་བཅོམ་སྡེབ་འཕྲོག་བྱས། 1241 ལོར་ཡོ་རོབ་ཀྱི་ལྟེ་བའི་མངའ་ཁུལ་སེ་ལེ་སེ་ཡ་ཞོལ་མའི་ལའེ་བྷེ་ནཱེ་ཙི་ས་ཆར་ཕའོ་ལན་དང་འཇར་མན་གྱི་དམག་དཔུང་ཆམ་ལ་ཕབ།

ཧ་ལམ་ཡོ་རོབ་གླིང་ཧྲིལ་བོར་ཚར་གཅོད་ཐེབས་ཡོད་ཤས་ཆེ། སོག་དམག་གི་གདུང་བསུ་མཁན་གཅིག་ཀྱང་ཡོད་མ་གྱུར། སོག་ཡུལ་ནས་ཐོན་པའི་དམག་དཔོན་ཆེན་མོ་འདིའི་སྔུན་ནས་འཛམ་གླིང་ཡུལ་གྲུ་གང་སར་ཕིར་ཞའི་ཡའི་བཙན་རྒྱལ་ཆེན་མོ་རུ་འབོད་པའི་ཧྥ་རེ་ཊི་རེ་ཁི་ཁྲི་རབས་གཉིས་པའང་འཇིགས་སྐྲག་གིས་ངོ་དམངས་སྐྱ་བོར་ཆགས་པ་བསྙོན་མེད་རེད། གློ་བུར་དུ་བསམ་ཡིད་ལས་འདས་པའི་སྣང་ཚུལ་དེ་མངོན་དུ་བྱུང་བའི་མོད་ལ། ཡོ་རོབ་གླིང་གི་རྒྱལ་པོ་དང་དབང་སྒྱུར་མཁན་ཚོ་འཇིགས་དངངས་ཁྲོད་དབུགས་ཀྱང་ཧལ་ཧལ་དུ་གྱུར། ཧན་ཆེན་མོ་ཨའོ་ཋེ་ཚེ་ལས་འདས་རྗེས། རྒྱང་འདུལ་དམིག་འཁྲུག་དཀའ་ཁག་ཕྲན་བུར་ཕྲད་རྐྱེན། ཡོ་རོབ་གླིང་གི་སོག་དམག་གིས་མུ་མཐུད་དབང་བསྒྱུར་མ་ནུས། 1214 ལོར་ཕྱིར་རང་ཡུལ་དུ་འཁོར་ནས་ཤར་ཕྱོགས་སུ་རྒྱང་འདུལ་དམག་འཁྲུག་བརྒྱབ་པ་དང་། ཡོ་རོབ་གླིང་གིས་སླར་ཡང་དབུགས་རྔ་ཙམ་ལེན་ཐུབ་པ་བྱུང་། དུས་མཚུངས་སུ། སོག་པོའི་དམག་དཔུང་གིས་རྒྱ་ནག་ཏུ་མངའ་ཁོངས་རྒྱ་བསྐྱེད་དེ། ཁིན་བྱང་མ་ཚར་གཅོད་བཏང་བ་མ་ཟད། ཐ་ན་སུང་ལྷོ་མའང་རང་གི་ཟིལ་འོག་ཏུ་བཅུག། 1252 ལོར་མན་གྷོ་ཧན་ ཧན་ཆེན་མོར་གྱུར་ཞིང་། རྒྱལ་པོ་འདི་པས་ཁའོ་བྷ་ལའེ་ཡ་རྒྱ་ནག་ཡུལ་གྱི་སྤྱི་དཔོན་ཆེན་མོར་བསྐོས། གནའ་བོའི་མོང་གོལ་གྱི་རྒྱལ་ས་ཁཱ་རཱ་ཁཱོ་རམ་དུ་བཙུགས་པའི་མན་གྷོ་ཧན་གྱི་ཕོ་བྲང་དུ་ཨེ་ཤ་ཡ་དང་ཡོ་རོབ་གླིང་སོགས་ནས་ཕེབས་པའི་འཐུས་ཚོགས་གཟབ་རྒྱས་ངང་འདུ་འཛོམ་བྱུང་། འབྲོག་གི་ཡུལ་སྲོལ་ལྟར་སྐབས་དེར་ཧན་ཆེན་མོ་ད་དུང་གུར་ནང་དུ་འཚོ་ནའང་། སོག་གུར་འདི་དག་སྐམ་སའི་སྟོབས་འབྱོར་དང་འཕྲོག་ཐོབ་རྒྱུ་ནོར་སོགས་ཀྱིས་འབྱོར་ཕྱུག་རབ་ཏུ་རྒྱས་ཡོད། ཡུལ་གྲུ་གང་སའི་ཟོང་པ ༼དམིགས་སུ་ཁ་ཆེ་ཚོང་པ༽ སོག་ཡུལ་དུ་འོངས་དེ་ཡུལ་དེའི་གཏོང་ཕོད་ཅན་གྱི་འཛད་སྤྱོད་མཁན་གསར་དུ་ངོ་ཤེས། སྒྱུ་རྩལ་མཁས་ཅན་དང་སྐར་རྩིས་མཁན། རྩིས་རིག་མཁན། དེང་གི་ཚན་རིག་མཁན་ཚང་མ་སོག་གུར་གྱི་གྲོང་ཁྱེར་འདིར་ལྷན་འཛོམ་བྱུང་བ་ནི་འཛམ་བུ་གླིང་ཟིལ་གྱིས་གནན་པར་སྣང་ངོ་།

རྒྱ་ཆེ་བའི་མོང་གོལ་བཙན་པོའི་རྒྱལ་ཁམས་ཡོངས་ཞི་བདེ་བཀའ་བཀོད་ཀྱིས་གཞལ་ཞིང་། སྐམ་ས་འཕྲེད་དུ་བཅད་པའི་ཚོང་སྡེ་བགྲོད་ལམ་སྟེང་ཕར་འགྲོ་ཚུར་འོང་གི་མིས་ཁེངས། དེ་ལ་དེར་བརྟེན་གྱིས་ཡོ་རོབ་དང་ཨེ་ཤ་ཡ་གཉིས་དབར་འབྲེལ་འདྲེས་ཟམ་མོ་བྱུང་། དེའི་རྗེས་རྒྱལ་ས་ཁཱ་རཱ་ཁཱོ་རམ་གྱི་ཆོས་ལུགས་མི་སྣའི་བར་རིགས་རྒྱུད་དབྱེ་གཅོད་ཀྱི་རྙོག་འཛིང་ཆེ། ཁོ་ཚོ་ཀུན་པོས་འཛམ་གླིང་གི་དབང་སྒྱུར་མཁན་ཚང་མ་ཁོ་ཅག་གི་ཆོས་ལུགས་ལྟ་གྲུབ་ཏུ་བསྒྱུར་ན་འདོད། ཆོས་ལུགས་འདིའི་ཕྱོགས་གཅིག་ནས་དབང་ཤེད་ཅན་གྱི་མི་མང་ཟིལ་འོག་ཏུ་བཙུད་པས། ཆོས་ལུགས་འདིའི་སྟོབས་ཤུགས་ཇེ་ཆེར་བསྐྱེད་ཅིང་མ་འོངས་པའི་ཚེ་ན། ཆོས་ལུགས་ཆབ་སྲིད་ཀྱི་སྟོབས་ཤུགས་གཞན་ཚང་མ་རང་གི་དབང་འོག་ཏུ་གཞུག་པར་སྣང་། གནམ་བདག་ཆོས་རྒྱལ་གོང་མས་རྒྱལ་ས་རོམ་ནས་ཕོ་ཉ་མངགས། གདོད་མའི་ནཱེ་སི་ཋོ་རཱེ་ཡན་ཡི་ཤུ་བ་མང་དུ་བསླེབས། ཁ་ཆེ་ཙམ་མ་ཟད་ད་དུང་ནང་པའང་བདོག སྐབས་དེར་མོང་གོལ་བས་ཆོས་ལུགས་གསར་བ་ཞིག་རང་ལུགས་སུ་བསྟེན་པར་བྲེལ་ཟིང་དེ་ཙམ་མི་ཆེ། སྤྱིར་ཁོ་ཚོ་ཆོས་ལུགས་ལ་དད་ཞེན་ཆེ་བའི་མི་རིགས་ཤིག་ཀྱང་མ་རེད། མན་གྷོ་ཧན་ཆེན་མོས་ཡི་ཤུ་ཆོས་ལུགས་བསྟེན་པའི་བཞེད་དགོངས་བསྟན་པར་སྣང་ཡང་། ཁོས་གནམ་བདག་ཆོས་རྒྱལ་གོང་མའི་དབང་ཐོབ་ལ་ཐུགས་བཟོད་གུ་ཡངས་གནང་མ་བཏུབ། མཐའ་གཞུག་སོག་རིགས་རྣམས་རང་ཡུལ་གྱི་ཆོས་ལུགས་གྲུབ་མཐའ་ཁག་ནང་བྱིང་། རྒྱ་ནག་དང་སོག་ཡུལ་དུ་མི་རིགས་མང་ཤོས་ནང་པར་གྱུར། ཨེ་ཤ་ཡའི་ལྟེ་བའི་མི་མང་ཁ་ཆེ་བར་གྱུར་ལ། ཧིང་གྷ་རི་དང་ཨུ་རུ་སི་བ་ཁ་ཅིག་ཡི་ཤུ་བར་གྱུར་ཡོད་ཤས་ཆེ། དེང་འདིར་ད་དུང་ཡང་མན་གྷོ་ཧན་གྱིས་གནམ་བདག་ཆོས་རྒྱལ་ལ་སྤྲིངས་པའི་འཕྲིན་ཡིག་དངོས་མ་དེ་རོམ་གྲོང་ཁྱེར་གྱི་ཆོས་རྒྱལ་གོང་མའི་ཕོ་བྲང་གི་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་ཡོད། འཕྲིན་ཡིག་དེ་ཨ་རབ་སྐད་ཡིག་ཐོག་བཀོད་འདུག།འཕྲིན་ཡིག་ཏུ་ཨའོ་ཋེ་ཧན་ཆེན་མོ་སྐུ་གཤེགས་རྗེས། གནམ་བདག་ཆོས་རྒྱལ་གོང་མས་ཧན་གསར་བ་མན་གྷོ་ཧན་ལ་ཡང་བསྐྱར་ཡོ་རོབ་གླིང་དབང་དུ་བྱ་མི་རུང་བའི་ཉེན་བརྡའི་བང་ཆེན་བརྫངས་མྱོང་བར་སྣང་། འཕྲིན་ལན་དུ་མན་གྷོ་ཧན་གྱིས་ཁོས་དེ་སྔོན་ཡོ་རོབ་གླིང་ལ་དབང་བསྒྱུར་དོན་ནི། ཡོ་རོབ་པས་ཁོང་ལ་སྤྱོད་ལམ་ལེགས་པོ་མ་བསྟན་པས་ཡིན་ལུགས་བརྗོད། དེ་ཡང་མ་ཟད། མན་གྷོ་ཧན་གྱི་དུས་རབས་སུ་ད་དུང་དབང་སྒྱུར་གཏོར་བཅོམ་གྱི་རླབས་རྒྱུན་གཞན་མང་དུ་འཕྱུར་མྱོང་། ཁོང་གི་ཕུ་བོ་ཧོ་ལ་གྷོ་སྟག་ཟིག་ཡུལ་གྱི་སྤྱི་དཔོན་ཆེན་མོ་རེད། བྷ་གྷི་ཊའི་ཁཱ་ལེ་ཧྥ་སྣང་མེད་རྒྱ་ཡན་དུ་དོར་ཏེ། ཧོ་ལ་གྷོ་ཡིས་ཁོ་ལ་ཕུལ་བའི་འཕྲིན་ཡིག་ཏུ། ཁོས་དེ་སྔའི་ཁས་ལེན་དམ་བཅའ་མ་བསྲུང་བར་དྲག་ཏུ་བཀྱོན་ཁར། མ་འོངས་པར་ཁོས་རང་ཉིད་ཀྱི་སྤྱོད་ངན་ཡོ་བསྲང་གཏོང་ངམ། རང་གི་རྒྱལ་རབས་མགོ་རྟིང་སློག་གཞུག་རྒྱུ་ཡིན་མིན་གསལ་འདེབས་གནང་། ཁཱ་ལེ་ཧྥ་ནི་རྒྱལ་པོ་བློ་གྲོས་ཅན་མིན་ཁར་རྒྱལ་སྲིད་ཀྱི་མྱོང་བ་ཞན་པས། ཁོས་མི་མང་ཁ་རུབ་ལག་རུབ་ཀྱིས་ཧོ་ལ་གྷོ་ཧན་ཆེན་མོའི་ཕོ་ཉར་བརྙས་བཅོས་ཁྱད་གསོད་གཏོང་བཅུག་སྟེ། བཙན་གཏམ་གྱི་འཕྲིན་ལན་བསྐུར། ངང་ཚུལ་དེར་ཧོ་ལ་གྷོ་དྲག་ཏུ་ཁྲོས་ཤིང་། ཁོང་ཁྲོའི་ངང་བྷ་གྷི་ཊར་རྒྱང་འདུལ་དམག་འཁྲུག་བརྒྱབ། བགྲང་བྱ་བཞི་བཅུའི་གཡུལ་འགྱེད་ཁྲོད་བྷ་གྷི་ཊ་མཁར་གྲོང་ཕབ། འདི་ནི་མི་ལོ 506 རིང་གི་རྒྱལ་རབས་ཀྱི་བང་མཛོད་དང་ཨ་རབ་མཚན་མོའི་གྲོང་ཁྱེར་གྱི་ཚེ་འཇུག་ཏུ་སླེབས་པ་རེད། ཁཱ་ལེ་ཧྥ་དང་ཁོང་གི་རྒྱལ་སྲས་རྣམས་མ་ཟད། ཁོང་གི་ཤ་ཉེ་དུ་ཀུན་ལྔ་བའི་ལམ་དུ་དྲངས། གཟའ་འཁོར་འགའ་ཞིག་རིང་སྤྱི་དམངས་སྡེབ་གསོད་བཏང་སྟེ། ཡ་གླིང་གི་ཋེ་གྷི་རེ་སི་གཙང་བོ་ཁྲག་ལ་བསྒྱུར།

མི་མང་ས་ཡ་གཅིག་དང་ཕྱེད་ཙམ་ཚར་གཅོད་བཏང་བར་བཞེད་ཅིང་། སྒྱུ་རྩལ་རྩོམ་རིགས་ཀྱི་ནོར་བུའི་བང་མཛོད་དང་དཔེ་མཛོད་ཁང་ཆེན་མོ་སོགས་རྩ་མེད་རྡུལ་དུ་བརླགས། མཐའ་གཞུག་བྷ་གྷི་ཊ་ཉམས་རྒུད་དུ་སོང་། ཐ་ན་ཧོ་ལ་གྷོ་ཡིས་ཨེ་ཤ་ཡ་ནུབ་རྒྱུད་ཀྱི་གདོད་མའི་ཞིང་ལས་ལམ་ལུགས ༼མི་ལོ་སྟོང་ཕྲག་རིང་གི་ལོ་རྒྱུས་ལྡན༽ ཀྱང་གཏོར་བཅོམ་བཏང་། ཨ་ལའེ་པོ་དང་ཨེ་དྷེ་སཱ་གཙོས་གྲོང་ཁྱེར་གཞན་མང་པོར་ཡང་ལས་དབང་གཅིག་འདྲའི་གོད་ཆག་ཐེབས་ཤིང་། ཨེ་ཤ་ཡའི་ནུབ་རྒྱུད་མཚན་སྨག་གིས་བཀླུབས་པའི་ཚོར་སྣང་བསྐྱེད་པར་བྱས། དུས་སྐབས་དེའི་ལོ་རྒྱུས་སྨྲ་བ་ཚོས་རྣམ་པ་འདི་ལ “ལེགས་ཚོགས་དང་ཚན་རིག་རིགས་གནས་ཉམས་རྒུད་ཀྱི་དུས་བསྐལ” ཞེས་ཀྱང་བཞེད། པཱ་ལེ་སི་ཐན་རྒྱལ་ཁབ་དུ་བཀྱེས་པའི་སོག་པོའི་དམག་དཔུང་ཨེ་ཅེབ་ཀྱི་ཁྲི་རབས་བཞི་བ་བྷེ་བྷར་སི་སུད་ཐན་གྱིས་ཕམ་ཉེས་སུ་བཏང་། བཙན་རྒྱལ་འདི་ལ་བྷན་ཊོ་ཁི་ཊར་ཞེས་གཅེས་མིང་སྙིང་ཉེ་བོ་ཞིག་ཡོད། དེའི་གོ་དོན་ཡང་། “མེ་མཚོན་གསར་བཟོའི་དུས་རབས” ཀྱི་དབང་གིས་དེ་ལྟར་བཏེགས་པ་ཞིག་རེད། དུས་ཡུན་རིང་པོར་རྒྱ་ནག་རྒྱལ་ཁབ་མེ་རྫས་དྲག་ཆས་ལ་རྒྱུས་མྱོང་ཟབ་ཅིང་། མོང་གོལ་བས་ཀྱང་རྒྱ་ནག་ནས་སྦྱངས་པ་ཡིན་ཤས་ཆེ། སོག་དམག་གི་གཡུལ་འཐབ་རེ་རེའི་ཁྲོད་ཀྱི་རྒྱལ་ཁ་དེའང་མེ་མཚོན་གྱི་དྲག་ཤུགས་ལ་བརྟེན་པ་བསྙོན་མེད་རེད། སོག་དམག་བརྒྱུད་དེ་མེ་མཚོན་དྲག་ཆས་ཡོ་རོབ་ཏུ་དར་ཁྱབ་བྱུང་། 1258 ལོར་བྷ་གྷི་ཊ་བཅོམ་པ་དེས་མཐའ་གཞུག་ཨ་བྷེ་སེ་དྷ་རྒྱལ་རབས་༼ཡང་ན་ཁཱ་ལེ་ཧྥ་རྒྱལ་རབས་ཞེས་ཀྱང་འབོད༽ ལྷག་ལུས་མེད་པར་རྩ་མེད་དུ་སོང་། འདི་ནི་སྔར་བྱུང་མ་མྱོང་བའི་ཨེ་ཤ་ཡ་ནུབ་རྒྱུད་ཀྱི་ཨ་རབ་པའི་ཤེས་རིག་དཔལ་ཡོན་གྱི་ཚེ་འཇུག་ཏུ་འཁེལ་བ་རེད། རྒྱང་རིང་ཡུལ་གྱི་སི་ཕེན་ལྷོ་རྒྱུད་ཀྱི་གྷ་རེ་ནཱ་དྷ་རྒྱལ་ཁམས་སུ་ད་དུང་ཨ་རབ་ཀྱི་ཡུལ་སྲོལ་གོམས་གཤིས་སྲུང་འཛིན་བྱེད། སོག་དམག་གི་བརྡབ་གསིག་མ་འཐེབས་སྔོན་ལ་ཨ་རབ་པའི་ཤེས་རིག་དཔལ་ཡོན་ནི་བགྲང་བྱ 200 རིང་མ་ཉམས་པར་གནས་མོད། དུས་དེ་ནས་བཟུང་ཨ་རབ་ལ་ཡང་ནས་བསྐྱར་དུ་ཉམས་རྒུད་ཐོར་ཞིག་ཐེབས་ཤིང་ཨ་རབ་མི་རིགས་ཀྱིས་འཛམ་གླིང་ལོ་རྒྱུས་གར་སྟེགས་སུ་ཆབ་དཔལ་རིག་གསུམ་གྱི་ཟློས་གར་ལེགས་པོ་ཞིག་འཁྲབ་མ་བཏུབ། ཕྱིས་སུ་ཁོ་ཅག་གནའ་བོའི་ཨོ་ཊོ་མན་ཏུར་ཀིའི་རྒྱལ་རབས་ཀྱི་ཆ་ཤས་སུ་གྱུར། 1914 ལོ་ནས 1918 ལོ་དབར་གྱི་འཛམ་གླིང་འཁྲུག་ཆེན་དང་པོའི་སྐབས་སུ་སླེབས་པ་ན། དབྱིན་ཇིའི་སྣེ་ཁྲིད་འོག ཏུར་ཀིའི་བཙན་རྒྱལ་ལ་རྒོལ་བའི་ཨ་རབ་པའི་འོས་ལངས་ཆེན་མོ་བྱུང་། ཧ་ལམ་དུས་དེ་ནས་བཟུང་ཨ་རབ་རྒྱལ་ཁབ་རང་བཙན་བྱས།

མི་ལོ་གཉིས་རིང་ཁཱ་ལེ་ཧྥ་རྒྱལ་ཤུལ་རྒྱུན་འཛིན་མ་བྱུང་། དེའི་རྗེས་ཨེ་ཅེབ་ཀྱི་བྷེ་བྷར་སུད་ཐན་གྱིས་ཨ་བྷེ་སེ་དྷ.ཁཱ་ལེ་ཧྥའི་གཉེན་ཉེ་ཞིག་ཁཱ་ལེ་ཧྥའི་རྒྱལ་ཁྲིར་བཀོད་མོད། ཁོ་བོར་ཆབ་སྲིད་ཀྱི་དབང་ཤུགས་ཞན་ཁར། ཆོས་ལུགས་ལ་དད་ཞེན་མཁན་ཞིག་རེད། མི་ལོ 300 རྗེས་སུ་ཁཱ་ལེ་ཧྥ་ཞེས་པའི་ཆོ་ལོའི་མཚན་ཐོབ་དེ་ཁཱོན་སི་ཊན་ཊེ་ནཱོ་ཕོལ.ཏུར་ཀིའི་སུད་ཐན་ཆེན་མོར་བདག་པར་གྱུར། མི་ལོ་འགའི་སྔོན་ལ་མའོ་སི་ཊ་ཧྥ.ཁཱ་མལ་པ་ཤཱ་ཆེན་མོས་ཚར་གཅོད་འཐེབས་རེག་བར་དུ། ཏུར་ཀིའི་བཙན་རྒྱལ་འདི་པས་ཁཱ་ལེ་ཧྥ་ཆོ་ལོའི་མཚན་གནས་བཟུང་། ངས་གཏམ་རྒྱུད་འདིའི་འཕྲོས་བཤད་དུ། 1239 ལོར་མན་གྷོ་ཧན་ཆེན་མོ་སྐུ་གཤེགས། ཁོ་མ་འདས་སྔོན་ལ་བོད་ཀྱང་དབང་དུ་བྱས་ཟིན། ད་ནི་གོང་དུ་གླེང་ཟིན་པའི་རྒྱ་ནག་གི་སྤྱི་དཔོན་ཆེན་མོ་ཁའོ་བྷ་ལའེ་ཡཱ་ཧན་ཆེན་མོར་གྱུར། ཁའོ་བྷ་ལའེ་ཡཱས་དུས་ཡུན་རིང་བོར་རྒྱ་ནག་ཏུ་རྒྱལ་སྲིད་བཟུང་ཞིང་རྒྱ་ནག་གིས་ཀྱང་ཁོང་ལ་གློ་བ་ཉེ་ཉེ་བྱེད། དེ་འདྲ་ཡིན་པའི་རྒྱུ་མཚན་གྱིས། ཁོས་རང་ཉིད་ཀྱི་རྒྱལ་ས་པེ་ཅིང་དུ་གནས་སྤོས་ཏེ་རྒྱལ་སའི་མིང་ལ་ཁན་བྷ་ལེ་ཁི་སྟེ་རང་སྐད་དུ “ཧན་ཆེན་མོའི་རྒྱལ་ས” ཞེས་པར་བསྒྱུར། ཁའོ་བྷ་ལའེ་ཡཱ་རྒྱ་ནག་གི་སྲིད་དོན་ལ་མོས་ཆེ་པས། རང་ཉིད་ཀྱི་རྒྱལ་རབས་འཁུར་མེད་བག་ཡངས་སུ་བཏང་། རིམ་རིམ་གྱིས་གཞི་རྒྱ་ཆེ་བའི་མོང་གོལ་མངའ་སྡེ་ཆེ་ཁག་རང་བཙན་བྱས། ཁའོ་བྷ་ལའེ་ཡཱས་རྒྱ་ནག་ཧྲིལ་བོ་དབང་དུ་བྱས་མོད། འོན་ཀྱང་ཁོང་གི་དཔུང་དམག་དེ་སྔའི་སོག་དམག་གི་དཔུང་སྟོབས་དང་ཡེ་ནས་མི་འདྲ། སྐབས་དེར་དྲག་ཤུགས་གཏོར་བཅོམ་གྱི་སྦྱོར་བ་ཉུང་། རྒྱ་ནག་གིས་ཁའོ་བྷ་ལའེ་ཡཱའི་སྲིད་དབང་ལ་བཏང་སྙོམས་བཟོས་ཁར། སྤྱི་ཚོགས་གོང་འཕེལ་དང་ཤེས་རིག་དར་སྤེལ་བཏང་། རྒྱ་མི་རིགས་ཀྱིས་ཁོང་ལ་བཀའ་དྲིན་བསམ་ཤེས་གནང་ཞིང་རང་རིགས་ཀྱི་འདུ་ཤེས་བཟུང་། དོན་ལ་བཙན་པོ་འདི་པས་རྒྱ་ནག་ལ་ཡོན་རྒྱལ་རབས་ཞེས་པའི་རྒྱ་ནག་སྔར་སྲོལ་གྱི་རྒྱལ་རབས་ཤིག་བཙུགས། ཁའོ་བྷ་ལའེ་ཡཱས་ཨེ་ཤ་ཡའི་ཤར་ལྷོ་ཁུལ་གྱི་ཋོང་ཁཱན་དང་འབར་མ་ཨ་ནེམ་བཅས་རང་གི་རྒྱལ་ཁོངས་སུ་བསྣན། འཇར་པན་དང་མཱ་ལེ་ཞཱི་ཡ་གཉིས་དབང་དུ་བྱ་བར་བརྩམས་མོད། བསམ་དོན་མ་འགྲུབ། རྒྱུ་མཚན། མོང་གོལ་བའི་དམག་དཔུང་མཚོ་ཐོག་གཡུལ་འགྱེད་དང་དམག་གྲུ་བཟོ་སྐྲུན་གྱི་ཤེས་བྱ་དམན་པས་རེད། མན་གྷོ་ཧན་གྱི་སྲིད་དབང་སྐབས་སུ། ཧྥ་རན་སིའི་རྒྱལ་པོ་ལོ་ཡེ་སི་ཁྲི་རབས་དགུ་བའི་རྒྱལ་ཚབ་རྣམས་ཧན་ཆེན་མོར་མཇལ་འཕྲད་གནང་དུ་འོངས། རྒྱལ་པོ་ལོ་ཡེ་སི་ཡིས་ཁ་ཆེ་ཆོས་ལུགས་ཀྱི་ཁ་གཏད་དུ་ལངས་ཏེ། མོང་གོལ་དང་ཡོ་རོབ་གླིང་གི་ཡི་ཤུ་བའི་སྟོབས་ཤུགས་དབར་མནའ་མཐུན་གྱི་འབྲེལ་ལམ་དམ་པོ་གཟུག་དགོས་སྙམ་མོད། “སེར་དམག་གཡུལ་འགྱེད” སྐབས་སུ། སྙིང་རྗེའི་ཡུལ་དུ་གྱུར་བའི་རྒྱལ་པོ་ལོ་ཡེ་སི་འཇུ་བཟུང་བཙོན་འཇུག་ཐེབས། མོང་གོལ་གྱིས་དེ་ལྟའི་མནའ་འབྲེལ་ཞིག་གཟུག་རྒྱུར་བློས་མི་འདོད་ཁར། ཁ་ཆེ་དད་ལྡན་མི་མང་ལ་དཔུང་འཇུག་བཙན་འདུལ་ཡང་བགྱི་མ་འདོད། མོང་གོལ་བས་ཅིའི་ཕྱིར་ཡོ་རོབ་གླིང་གི་རྒྱལ་པོ་དང་རྒྱལ་སྲས་ཚོར་དེ་ལྟའི་སེམས་ཆུང་བགྱིས་ཤིང་། ཅིའི་ཕྱིར་ཁོ་ཅག་གི་ཁ་གཏད་དུ་ལངས་མ་ནུས་པ་རེད་ཅེ་ན། ཁོ་ཚོ་ཡོ་རོབ་ནུབ་མའི་རྒྱལ་ཕྲན་སིལ་མ་ཁག་གི་ཁ་ཆེ་མངའ་སྡེ་ཁག་ལ་གཡུལ་དགྱེ་བར་ཅུང་འཚེར་སྣང་སྐྱེས་ཀྱི་ཡོད། དེ་ཡང་ཡོ་རོབ་གླིང་ཁོ་ཚོའི་དབང་འོག་ནས་བྲོས་བཤོལ་དུ་གྱར་བའི་གོ་སྐབས་ལེགས་པོ་ཞིག་ཡིན་པ་དང་། སིད་ཇོ་ཁི་ཏུར་ཀི་བས་སྔར་ནས་སོག་པོར་གཉའ་བསྒུར་ནས་ཁྲལ་མཇལ་རྟེན་འབུལ་གནང་གི་ཡོད། ཨེ་ཅེབ་ཀྱི་གོང་མ་ཁོ་ནས་ད་གཟོད་སོག་དམག་མཐར་སྐྲོད་བཏང་མྱོང་ཡང་། གལ་ཏེ་སོག་དམག་གིས་དཀའ་སྤྱད་འཐབ་འཛིང་དྲག་ཏུ་བགྱིས་ཡོད་ཚེ། ཨེ་ཅེབ་ཀྱི་གོང་མ་ཆེན་མོ་ཡང་བཏུལ་ཞིང་བཅོམ་ཐུབ་ཡོད་པ་སྨོས་ཅི། མོང་གོལ་བཙན་རྒྱལ་གྱི་ཟིལ་སྟོབས་ཨེ་ཤ་ཡ་དང་ཡོ་རོབ་གླིང་ཀུན་ཏུ་ཁྱབ་ཅིང་། འཛམ་གླིང་བྱུང་རབས་ལོ་རྒྱུས་སྟེང་དེ་སྔར་མོང་གོལ་བཙན་རྒྱལ་གྱི་དབང་སྒྱུར་ལ་བསྡུར་འོས་པའི་བཙན་རྒྱལ་འགའ་ཡང་མེད་ལ། འདི་འདྲའི་གཞི་རྒྱ་ཆེ་བའི་རྒྱལ་རབས་ཤིག་ཚུགས་མྱོང་ཡོད་པ་མ་རེད།

དོན་དངོས་སྟེང་། སྐབས་དེའི་མོང་གོལ་བཙན་རྒྱལ་ནི་འཛམ་གླིང་གི་མངའ་བདག་ལྟ་བུར་སྣང་། དུས་སྐབས་དེར་རང་ཅག་གི་མེ་རྒྱལ་ཡང་མོང་གོལ་བཙན་རྒྱལ་འོག་ལས་སླ་མོར་རང་དབང་ཐོབ་པ་རེད། རྒྱུ་མཚན། ཁོ་ཚོས་གོང་སྨོས་ལྟར་བཙན་པོའི་ཟིལ་ཤུགས་དེ་འདྲ་ལག་བསྟར་མ་གནང་བ་དང་། མངའ་ཁོངས་ཀྱི་རྒྱ་ཁྱོན་རང་རྒྱལ་ཙམ་ལས་མེད་པའི་ཡོ་རོབ་ནུབ་མའང་སོག་པོའི་བཙན་རྒྱལ་ཀྱི་ཕྱི་རོལ་ཡུལ་དུ་མཆི་མོད། འོན་ཀྱང་ཡུལ་ལུང་འདི་དག་བཟོད་བསྲན་དཀྱེལ་ཡངས་ཀྱིས་འཚོ་བས། མོང་གོལ་བས་ཀྱང་ཁོ་ཚོ་ཁྱུར་མིད་གཏོང་བར་དམིགས་མ་བཙུགས་པ་རེད། དེའི་སྟབས་པས། ཡུལ་ལུང་དེ་དག་གི་གནས་བབ་དུས་རབས་བཅུ་གསུམ་པ་དང་ཤིན་ཏུ་མཚུངས་ཤས་ཆེ། དེ་ལྟར་ཡང་། མོང་གོལ་བཙན་རྒྱལ་གྱི་ཟུངས་ཤུགས་ཆེན་པོ་ཟད་ལ་ཉེ་བ་འདྲ། དབང་སྒྱུར་གྱི་ངར་ཤུགས་ཀྱང་རིམ་རིམ་གྱིས་རྒུད་བཞིན་ཡོད།

དུས་སྐབས་དེའི་དམག་དཔུང་རྣམས་རྟག་ཏུ་རྐང་ཤུགས་རྟ་ཤུགས་ཁོ་ནར་བརྟེན་ནས་རྒྱང་སྐྱོད་གནང་གི་ཡོད་ཀྱི། འགུལ་ཤུགས་མྱུར་བའི་བྱེད་ཐབས་གཞན་ཡང་གང་མེད་པ་ངེས་སུ་ཆུགས། སོག་དམག་ཅིག་སོག་ཡུལ་ནས་ཡོ་རོབ་ནུབ་མཐའི་རྒྱལ་ཁམས་བགྲོད་པ་ལ་ཕལ་ཆེར་ལོ་གཅིག་གི་རིང་ལ་འགྲུལ་བཞུད་གནང་གི་ཡོད། གལ་ཏེ་དམག་རྒྱག་བཅོམ་འཕྲོག་གི་ཐོབ་སྐལ་འགའ་ཡང་མེད་དུ་ཆུགས་ན། ཁོ་ཚོ་རང་གི་རྒྱལ་ས་ནས་དེ་འདྲའི་བགྲོད་དཀའ་བའི་འགྲུལ་བཞུད་ཐོད་ཀྱིས་བསུས་ཏེ། མུ་མཐུད་ནུབ་ཕྱོགས་སུ་རྒྱང་འདུལ་དམག་འཁྲུག་རྒྱག་མི་འདོད་དེ། ཆ་ཞིག་བཞག་ན། གཡུལ་འགྱེད་འཕྲོག་བཅོམ་གྱི་སྦྱོར་བས་སོག་དམག་གི་སྟོབས་འབྱོར་མངའ་ཐང་རྒྱས་སུ་བཅུག། ཐ་ན་སོག་དམག་མང་པོ་ཞིག་ལ་བྲན་གཡོག་ཀྱང་ཡོད་སྲིད་པ་རེད། དེ་བས། ཁོ་ཚོས་གྲགས་མེད་ཚོར་མེད་ངང་འཛམ་བུ་གླིང་ཞི་བདེ་ཞོད་འཇགས་སུ་གཏོང་འགོ་བརྩམས་པ་ན། མི་ཞིག་ལ་ཅི་མཁོ་ཀུན་ཐོབ་དེ་དག་ཚང་མ་ཆེས་མོས་པའི་བཀའ་རྒྱ་དང་ཞི་བདེའི་ཁྲོད་ཐོབ་སོང་བ་རེད། མོང་གོལ་གྱི་རྒྱ་ཆེ་བའི་མངའ་ཁོངས་འཛིན་སྐྱོང་དོ་དམ་བྱེད་རྒྱུ་དེའང་དཀའ་སྡུག་ཆེས་ཆེ་བའི་ལས་ཤིག་ལོས་ཡིན། དེའི་རྐྱེན་པས། མོང་གོལ་བཙན་རྒྱལ་ཁ་གྱར་འགོ་ཚུགས་པ་དེ་ཧ་ལས་དགོས་པ་ཞིག་ལར་ནས་མ་ཡིན། 1229 ལོར་ཧན་ཆེན་མོ་ཁའོ་བྷ་ལའེ་ཡཱ་ཚེ་ལས་འདས་རྗེས། སོག་ཡུལ་དུ་ཧན་ཆེན་མོ་གཞན་ཞིག་བྱོན་མ་གྱུར། མོང་གོལ་རྒྱལ་རབས་དེ་ཉིད་རྒྱ་ཆེ་བའི་ས་ཁུལ་ལྔ་རུ་སིལ་བུར་ཐོར་བ་འདི་ལྟ་སྟེ།

དང་པོ། མན་ཇི་དང་བོད། མོང་གོལ་བཅས་ཚུད་པའི་རྒྱལ་ནག་གི་རྒྱལ་རབས་རེད། འདི་ནི་ཡོན་རྒྱལ་རབས་ཀྱི་ཧན་ཆེན་མོ་ཁའོ་བྷ་ལའེ་ཡཱའི་རྒྱལ་ཤུལ་རྒྱུད་འཛིན་འོག་གི་རྒྱལ་རབས་གཙོ་བོ་གཅིག་རེད།
གཉིས་པ། རྒྱང་རིང་བའི་ནུབ་རྒྱུད་ཀྱི་ཨུ་རུ་སི་དང་། ཕའོ་ལན་ཊི། ཧིང་གྷ་རི་བཅས་ཀྱི་གྷོ་ཊིན་ཧོར་ཊི་ ༼མོང་གོལ་བས་དེ་ལྟར་འབོད༽ རྒྱལ་རབས་རེད།
གསུམ་པ། གནའ་བོའི་མའེ་སཱོ་ཕཱོ་ཊེ་མཱེ་ཡ་དང་སྟག་ཟིག། གླེང་ཆེན་ཨེ་ཤ་ཡ་དབུས་མ་བཅས་ཀྱི་མོང་གོལ་ཧན་རྒྱལ་རབས་རེད། འདི་ནི་ཧོ་ལ་གྷོ་ཧན་ཆེན་མོས་བཙུགས་པའི་རྒྱལ་རབས་ཡིན་ཞིང་སིད་ཇོ་ཁི.ཏུར་ཀི་བས་ཁྲལ་མཇལ་རྟེན་འབུལ་གནང་གི་ཡོད།
བཞི་བ། ཨེ་ཤ་ཡ་ལྟེ་བའི་བོད་ནུབ་རྒྱུད་ཀྱི་ཙེ་གྷ་ཋེ་རྒྱལ་རབས་སུ་འབོད་པའི་ཏུར་ཀིའི་བཙན་རྒྱལ་ཆེན་མོ་ཡིན་ཞིང་།
ལྔ་བ། སོག་པོ་དང་གྷོ་ཊན.ཧོར་ཊི་གཉིས་ཀྱི་དབུས་སུ་མངའ་བརྙེས་པའི་མོང་གོལ་སེ་བྷི་རེ་ཡན་རྒྱལ་རབས་རེད།

མོང་གོལ་བཙན་རྒྱལ་ཆེན་མོའི་རྒྱལ་རབས་དེ་ལྟར་ཐོར་ཞིག་ཏུ་སོང་ཡོད་རུང་། ས་ཁུལ་ལྔ་རུ་གྱར་བའི་སིལ་བུ་རེ་རེ་བཞིན་སྟོབས་འབྱོར་མངའ་ཐང་ལྡན་པའི་རྒྱལ་རབས་སུ་ཚུགས་འདུག

ཕྱིའི་སྣོད་བཅུད།

[རྩོམ་སྒྲིག]

ཆབ་སྲིད།

[རྩོམ་སྒྲིག]

དཔལ་འབྱོར།

[རྩོམ་སྒྲིག]

དཔྱད་གཞིའི་ཡིག་ཆ།

[རྩོམ་སྒྲིག]

ད་དུང་གཟིགས།

[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།

[རྩོམ་སྒྲིག]

པར་རིས་བར་འཁྱམས།

[རྩོམ་སྒྲིག]