ཐའེ་ཝན།

ཡོང་ཁུངས་Wikipedia
ཐེ་ཝན་ ནས་ཁ་ཕྱོགས་བསྐྱར་དུ་བཟོས་པ།
Jump to navigation Jump to search

རྒྱ་ཡིག་དང་ཉི་ཧོང་ཡིག་ཏུ་台灣དང་臺灣 རྒྱ་ཡིག་སྟབས་བདེ་མར་台湾 དབྱིན་ཡིག་ཏུ་Taiwan རྒྱ་ནག་མི་སེར་གསེར་ལྡན་རྒྱལ་ཁབ་གྱི་རྒྱལ་ཤུལ་ཡིན་པ་དང་། ད་ལྟ་རྒྱ་ནག་རིག་གནས་དངོས་མའི་ཤུལ་འཛིན་ས་ལྟ་བུ་ཆགས་ཡོད། གྲོང་ཁྱེར་ཆེ་ཤོས་ནི་ཐའེ་ཕེའི་Taipeiཡིན།

ཐེ་ཝན།
དར་ཆ། རྒྱལ་རྟགས།
Locator map of the ROC Taiwan.svg
中華民國
Zhōnghuá Mínguó Tiong-hoâ Bîn-kok
Republic of China Chûng-fà Mìn-koet
རྒྱལ་ཁབ་ཀྱི་སྐད་ཡིག
ས་ཁུལ་རིམ་པའི་སྐད་ཡིག།
རྒྱ་ཡིག
ཧོ་ཀིན་དང་ཧ་ཀ ཕོར་མོ་ས།
རྒྱལ་ས། ཐའེ་པེ།
སྲིད་གཞུང་། དམངས་གཙོ་རིང་ལུགས།


མིང་འབྱུང་ཚུལ་དང་ལོ་རྒྱུས།[རྩོམ་སྒྲིག]

གནའ་ནས་བཟུང་ཐེ་ཝན་ས་ཁུལ་ན་ཞི་བདེ་རྒྱ་མཚོའི་ཁྲོད་ཀྱི་མི་རྣམས་མཚོ་གྲུར་བསྡད་ནས་ཐོན་ཡོད་པ་དང་། དེ་དག་གི་རུ་དཔུང་སྐོར་གཅིག་ཐེ་ཝན་ས་ཁུལ་ནས་གཞིས་ཆགས་སྟེ་ད་ལྟ་གྲངས་ཉུང་མི་རིགས་སམ་གཞིས་བསྡད་མི་རིགས་ཞེས་གསོལ། སྡོམ་བརྩིས་བྱེད་པ་ལྟར་ན་མིའི་རིགས་རྒྱ་ནག་དང་ཉི་ཧོང་བར་མི་འདྲ་བའི་རིགས་རྒྱུད་དེ་འདྲ་ཕལ་ཆེར་རིགས་བཅུ་དྲུག་ལྷག་ཡོད་པར་གྲགས། ཀྲུང་གོའི་སྲིད་གཞུང་གི་ཡིག་ཆའི་ཁྲོད་དུ་མི་རིགས་དེ་དག་ལ་ས་མཐོ་མི་རིགས་སམ་གོ་ཧྲན་མི་རིགས་ཞེས་འབོད། ད་དུང་ཞུ་རྒྱུ་ཞིག་ལ། ཧེ་ཝན་ནི་ཆབ་སྲིད་ཀྱི་བརྗོད་བྱ་ཁྱད་པ་ར་ཅན་ཡིན་པས། འོག་ཏུ་བྲིས་ཡོད་པའི་ཡིག་ཚགས་རྣམས་ནི་བོད་ཡིག་གིས་བྲིས་རུང་རྒྱ་གཞུང་གི་བསམ་བློ་མངོན་ཡོད་ཤོས་ཆེ། དེ་བས་ལྟ་མཁན་ཡོངས་ཀྱིས་དེའི་ཆབ་སྲིད་ལངས་ཕྱོགས་སོགས་ལ་གཟབ་པར་འཚལ།

ཐེ་ཝན་དེ་དུས་རབས་དང་པོའི་གཡས་གཡོན་ཙམ་ནས་རྒྱ་ནག་ལྷོ་ཕྱོགས་སུ་ཡོད་པའི་རྒྱལ་ཕྲན་འུའུ། 吳ཞེས་པ་དེའི་མངའ་སྡེ་ཡིན་པ་དང་། སྐབས་དེ་དུས་གླིང་ཕྲན་དེར་ཏུང་ཡིལ།東夷ཟེར་གྱི་ཡོད།

དེ་རྗེས་ལོ་༢༠༠༠ལྷག་རིང་ཐེ་ཝན་དེ་རྒྱལ་ཁབ་མང་པོ་ཞིག་གི་མངའ་ཁུལ་དུ་བརྗེས་འགྱུར་བྱུང་སྟེ། སྤྱི་ལོ་༡༨༩༥ལོར་གླིང་དེར་ཉེ་ཧོང་གིས་བཙན་འཛུལ་བྱས་ནས་མཐར་སྤྱི་ལོ་༡༩༤༥ལོར་ཝེ་ཝན་བསྐྱར་དར།

光復ཐུབ་སྟེ་ཀྲུང་ཧྭ་དམངས་གཙོའི་རྒྱལ་ཁབ། 中華民國གྱི་མངའ་སྡེར་ིགྱུར་ནས་སྤྱི་ལོ་༡༩༤༩ལོའི་ལོ་མཇུག་ཏུ་རྒྱ་ནག་སྲིད་གཞུང་རྙིང་པའི་སྲིད་འཛིན་ཇང་ཅས་ཧྲི་蔣介石ཡིས་གཙོ་བྱས་པའི་སྲིད་རྙིང་དཔོན་རིགས། དམག་མི་དང་དེ་དག་གི་ཁྱིམ་གཞིས། དེ་བཞིན་རྒྱ་ནག་གི་མི་ཟེར་ཆ་ཤས་བཅས་པ་ཐེ་ཝན་ལ་ཕྱིར་གཤོལ་བྱས་ནས་ད་བར་སྐམ་ས་ཆེན་པོ་དང་ཁ་བྲལ་དུ་གྱུར།

ས་ཁམས།[རྩོམ་སྒྲིག]

ཐེ་ཝན་ནི་གླིང་ཕྲན་རྒྱལ་ཁབ་བམ་ས་ཁུལ་ཞིག་ཡིན་པ་དང་ཞ། ས་ཁམས་རིག་པའི་བཤད་ཚུལ་བཟུང་ན་དེ་ནི་ཀྲུང་གོའི་སྐམ་ས་ཆེན་པོའི་མུ་འབྲེལ་ས་ཆད་གླིང་ཕྲན་ཞིག་ཡིན་པར་འདོད། ཐེ་ཝན་ནི་ཡ་གླིང་གི་ཁྲོད་ཀྱི་ཤར་ཕྱོགས་སུ་གནས་ལ། སྐམ་ས་ཧྲིལ་བོ་ཞི་བདེ་རྒྱ་མཚོ་ཆེན་མོས་བསྐོར་ཡོད། དེའི་ཉེ་འབྲེལ་རྒྱལ་ཁབ་ཁག་ནི་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་། ཉི་ཧོང་། ཧྥེ་ལི་ཕེན་སོགས་ཡིན། ཐེ་ཝན་གྱི་རང་བྱུང་ཁོར་ཡུག་ནི་རྒྱ་མཚོ་རང་བཞིན་ཅན་གྱི་ཚ་ཁུལ་ཞོལ་མ་ཡིན་སྟབས། དུས་བཞིའི་ཁྱད་པར་མི་གསལ་བ་དང་། ཞིང་ཏོག་དང་འབྲས་སོགས་འཚོ་བའི་ཐོན་སྐྱེད་བྱེད་ཡོད།

ཕྱི་འབྲེལ།[རྩོམ་སྒྲིག]

མིག་སྔར་འཛམ་གླིང་སྟེང་ན་རྒྱལ་ཁབ་བབཅུ་བདུན་ལྷག་གིས་ཐེ་ཝན་མངའ་ཐང་རྒྱལ་ཁབ་ཞིག་ཏུ་བརྩིས་ནས་ཕྱི་འབྲེལ་ཆགས་ཡོད་པ་ལ། ཡང་སྔོན་ཆད་ཐེ་ཝན་དང་ཕྱི་འབྲེལ་གྱི་འབྲེལ་བ་ཡག་པོ་ཆགས་ཡོད་པའི་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་སྟོབས་ཆེན་སྐོར་ཞིག་ལ་རྒྱ་ནག་གཞུང་གིས་ཤུགས་རྐྱེན་ཐེབས་ནས་ཐེ་ཝན་དང་ཕྱི་འབྲེལ་འབྲེལ་བ་ཆད་པ་རེད། ད་དུང་རྒྱལ་ཁབ་མང་ཤོས་ཀྱིས་རིམ་བཞིན་ཐེ་ཝན་དང་ཕྱི་འབྲེལ་གཅོད་བཞིན་ཡོད།

དཔལ་འབྱོར།[རྩོམ་སྒྲིག]

ཝེ་ཝན་ནི་ཡ་གླིང་གི་འབྱོར་ལྡན་ས་ཁུལ་གྱི་གྲས་སུ་ཚུད་ཡོད་ལ། སྔར་རྒྱལ་དམངས་ཏང་ཁག་གམ་གོ་མིན་ཏང་གིས་ཕྱི་ཕྱོགས་སྒོ་འབྱེད་ཀྱི་དཔལ་འབྱོར་སྲིད་ཇུས་མ་ལྷོད་པར་སྤེལ་མཐར། དུས་རབས་སྔོན་མའི་ལོ་རབས་དྲུག་བཅུ་ནས་བརྒྱད་བཅུ་བར་དཔལ་འབྱོར་གྱི་འཕེལ་ཁ་མྱུར་བས་ཡ་གླིང་གི་འབྱོར་ལྡན་རྒྱལ་ཁབ་བཞིའི་ཡ་གྱལ་དུ་ཆགས་ཡོད། ཐེ་ཝན་ནི་ཚན་རྩལ་བཟོ་ལས་དར་ཞིང་ལས་རིགས་གསུམ་པས་དཔལ་འབྱོར་གྱི་གྲུབ་ཆ་གཙོ་བོར་ཟིན་ཡོད་པའི་ས་ཁུལ་ཞིག་ཡིན།


ཐེ་ཝན་ནི་ཨི་ཤི་ཡ་གླིང་གི་དཔལ་འབྱོར་སྟོབས་ཤུགས་ཅུང་ཆེ་བའི་ས་ཁུལ་ཞིག་ཡིན་པ་མ་ཟད། ད་དུང་ཕྱི་རོལ་པས་རྒྱ་རིགས་སྤྱི་ཚོགས་ཀྱི་རིག་གནས་ཤེས་རྟོགས་ཐུབ་སའི་སྐར་ཁུང་ལྟ་བུ་ཞིག་ཏུ་འགྱུར་ཡོད་སྟེ། འཛམ་གླིང་ཁྱིམ་གཞིས་ཆེན་པོ་དེའི་ནང་མེད་དུ་མེ་རུང་བའི་ཆ་ཤས་ཤིག་ཏུ་གྱུར་ཡོད།

མི་འབོར།[རྩོམ་སྒྲིག]

མི་འབོར་ཁྲི་༢༣༠༠་ལྷག་ཡོད།

ཆོས་ལུགས།[རྩོམ་སྒྲིག]

ཐེ་ཝན་གྱི་ཆོས་ལུགས་ཀྱི་གྲུབ་ཆ་ལ་གདོད་མའི་མི་རིགས་ཀྱི་ཆོས་ལུགས། ཏོའོ་ལུགས། སངས་རྒྱས་ཆོས་ལུགས། ཡེ་ཤུའི་ཆོས་ལུགས་སོགས་འདུས། སངས་རྒྱས་ཆོས་ལུགས་ཀྱི་ཁྲོད་དུ་ཐེག་ཆེན་པའི་ལུགས་དང་བསམ་གཏན་ནམ་ཏིང་ངོས་འཛིན་གྱི་གྲུབ་མཐའ། ད་དུང་བོད་བརྒྱུད་ནང་བསྟན་སོགས་མཆིས། ད་ལྟ་ནང་བསྟན་ནི་ཐེ་ཝན་གྱི་ཕྱི་འབྲེལ་སྤེལ་སྐབས་སུ་གྲུབ་ཆ་གཙོ་བོར་ཆགས་ཡོད། གཞན་ཡང་ཡེ་ཤེས་ཆོས་ལུགས་ཐེ་ཧན་ནས་འཕེལ་རྒྱས་ཀྱི་གོམ་ཁ་ཤིན་ཏུ་མྱུར་བ་རེད།

པར་རིས་བར་འཁྱམས།[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།[རྩོམ་སྒྲིག]

ཀྲུང་ཧ་མི་སེར་རྒྱལ་ཁབ་གྱི་གཞུང་ཕྱོགས་དྲ་གནས། https://www.president.gov.tw/

ཀྲུང་ཧ་མི་སེར་རྒྱལ་ཁབ་གྱི་སྐར་རྩིས། https://www.pronexus-tw.com/chart

ཀྲུང་ཧ་མི་སེར་རྒྱལ་ཁབ། https://zh.wikipedia.org/wiki/%E4%B8%AD%E8%8F%AF%E6%B0%91%E5%9C%8B