ལྷོ་ཀོ་རི་ཡ།

ཡོང་ཁུངས་Wikipedia
ཁྲའོ་ཤན་ལྷོ་རྒྱུད ནས་ཁ་ཕྱོགས་བསྐྱར་དུ་བཟོས་པ།
Jump to navigation Jump to search
ལྷོ་ཁོ་རེ་ཡ་།
དར་ཆ། རྒྱལ་རྟགས།
Locator map of South Korea.svg
Republic of Korea
대한민국/大韓民國
Daehan Minguk
རྒྱལ་ཁབ་ཀྱི་སྐད་ཡིག
ས་ཁུལ་རིམ་པའི་སྐད་ཡིག།
ཁོ་རེ་ཡན་སྐད་ཡིག་
དབྱིན་ཡིག་དང་ རྒྱ་ཡིག་
རྒྱལ་ས། སེ་ཨུལ་
སྲིད་གཞུང་། དམངས་གཙོ་རིང་ལུགས།


མིང་འབྱུང་ཚུལ།[རྩོམ་སྒྲིག]

ལྷོ་ཁོ་རེ་ཡའི་གཞུང་འབྲེལ་གྱི་མིང་ལ་དབྱིན་སྐད་དུ་ཁོ་རེ་ཡ་སྤྱི་མཐུན་རྒྱལ་ཁབ་(Republich of Korea)ཟེར་བ་དང་། ཁོ་རེ་ཡའི་སྐད་དུ་ཌ་ཧན་མེན་གྷོག་( 대한민국)དང་། རྒྱ་སྐད་དུ་(大韓民國) ཟེར་གྱིན་ཡོད། རྒྱལ་ཁབ་ཀྱི་མི་འབྱོར་ཕྱེད་ཀ་ཙམ་རྒྱལ་ས་སེ་འུལ་དང་ཡང་ན་རྒྱལ་སའི་ས་ཁུལ་ནང་ཡོད་པའི་ཉེ་འགྲམ་གྱི་གྲོང་ཁྱེར་ནང་གནས་སྡོད་བྱེད་ཀྱིན་ཡོད་ལ། སེ་འུལ་རྒྱལ་སའི་ས་ཁུལ་ནི་འཛམ་གླིང་ཐོག་མི་འབོར་ཆེས་མང་ཤོས་ཀྱི་རྒྱལ་སའི་ས་ཁུལ་གཅིག་ཡིན་པ་མ་ཟད། དོན་ངོ་མར་མང་པོ་ཞིག་གིས་དེ་ནི་ཉི་ཧོང་གི་ཐོ་ཁེ་ཡོའི་འཕྲོ་ནས་མི་འབོར་མང་ཤོས་གཉིས་པ་དེ་ཡིན་པར་བརྗོད་ཀྱིན་ཡོད།

ལོ་རྒྱུས།[རྩོམ་སྒྲིག]

ཌན་གྷུན་ཝང་ཇམ་(Dangun wanggeom)གྱི་གྷོ་ཇོ་སོན་(Gojoseon)ནས་ལྷོ་ཁོ་རེ་ཡའི་ལོ་རྒྱུས་འགོ་བརྩམས་ཡོད་ལ་གྷོ་ཇོ་སོན་ནི་རྒྱ་ནག་ཧན་མི་རིགས་ཀྱིས་དབང་སྒྱུར་བྱས། གྷོ་ཇོ་སོན་ཉམས་པ་དང་བྷུ་ཡེའོ་དང་ཌོང་ཡེ། སམ་ཧན་ལྟ་བུའི་རྒྱལ་ཁབ་མང་པོ་བྱུང་མོད། དེ་དག་ལས་སྟོབས་ཤུགས་ཆེས་ཆེ་བ་ནི་བྷག་ཇི་དང་གྷོ་གྷིར་ཡེའོ། སི་ལཱ་བཅས་ཡིན། དེ་བས་ཁོ་ཚོར་རྒྱལ་རབས་གསུམ་གྱི་དུས་སྐབས་ཤེས་བརྗོད་ཀྱི་ཡོད། གྷོ་གྷིར་ཡེའོ་དང་བྷག་ཇི་གཉིས་སི་ལཱ་དང་ཌང་རྒྱ་ནག་མནའ་འབྲེལ་དམག་མི་ཡིས་དབང་སྒྱུར་བྱས་ཡོད་པ་དང་། སི་ལཱ་ཡིས་རྒྱལ་གཞིས་གསུམ་དེ་གཅིག་གྱུར་བཟོས། བྷ་ལེ་ཞེས་པའི་རྒྱལ་ཁབ་གཞན་ཞིག་ཡོད་པ་དང་དེ་ནི་དྲེ་ཇོ་ཡོང་གིས་གསར་འཛུགས་བྱས་པ་ཡིན། ཕྱིས་སུ་སི་ལཱ་དང་བྷ་ལེ་གཉིས་ཀྱི་དུས་སྐབས་ལ་ལྷོ་དང་བྱང་རྒྱལ་ཁབ་ཀྱི་དུས་སྐབས་ཤེས་བརྗོད་ལ། ཕྱིས་ཀྱི་སི་ལཱ་ནང་བྱུང་བའི་གྱེན་ལངས་ཤིག་གིས་རྒྱལ་ཁབ་གསར་བ་ཞིག་གི་འགོ་བཟུང་ཡོད་པ་དང། རྒྱལ་ཁབ་དེའི་མིང་ལ་གྷོར་ཡེའོ་ཟེར་ཞིང་ཝང་གྷོན་གྱིས་གསར་འཛུགས་བྱས། སོག་པོ་ཡིས་གྷོར་ཡེའོ་ལ་བཙན་འཛུལ་བྱས་ཡོད་ཅིང་གྷོར་ཡེའོ་ཡི་དུས་སྐབས་ཀྱི་མཇུག་ཏུ་སླེབས་ལ་ཉེ་དུས་ལི་སུང་ཇེ་ཞེས་པའི་དམག་དཔོན་རླབས་ཆེན་ཞིག་བྱུང་པ་དང་། གྷོར་ཡེའོ་ཡི་རྒྱལ་པོ་ཡིས་དམག་དཔོན་ཁོ་ལ་ཡོ་ཌུང་བདག་བཟུང་བྱེད་དགོས་པའི་བཀའ་བཏང་མོད། ཁོ་ཡིས་དེ་ལ་ཁ་གཏད་བཅག གང་ལྟར་ཡང་དམག་དཔོན་ཡོ་ཌུང་དབག་བཟུང་བྱེད་དུ་ཕྱིན་པ་དང་དེ་ནས་ཕྱིར་ལོག་སྟེ་ངོ་ལོག་བྱས་ལ། ཁོ་ཡི་གྱེན་ལངས་ལེགས་འགྲུབ་བྱུང་བ་མ་ཟད་ཇོ་སོན་རྒྱལ་ཁབ་གསར་འཛུགས་བྱས། ཇོ་སོན་གྱི་རྒྱལ་བོ་ཐོག་མ་ཐེ་ཇོ་ཡིས་རྒྱལ་ས་ཧན་ཡང་(སི་འུལ།)དུ་གནས་སྤོས། ཇོ་སོན་གྱི་རྒྱལ་ཐོག་བཞི་བ་སི་ཇིང་གིས་ཁོ་རེ་ཡའི་གསལ་བྱེད་དེ་ཧན་གྷུལ་བཟོས། ཇོ་སོན་གྱི་རྒྱལ་ཐོག་ཉི་ཤུ་རྩ་གཉིས་པ་ཇོན་གྷེའོ་ཡིས་སུ་ཝོན་ནང་ཝ་སི་ཨོན་བཙན་རྫོང་འཛུགས་སྐྲུན་བྱས། ཇོ་སོན་གྱི་རྒྱལ་ཐོག་ཉི་ཤུ་རྩ་དྲུག་པ་གྷོ་ཇུང་གིས་རྒྱལ་ཁབ་ཀྱི་མིང་ཌ་ཧན་ཇི་གྷོག་ཅེས་པར་བཅོས་སྒྱུར་བྱས། ཌ་གན་ཇི་གྷོག་གི་སྟོབས་ཤུགས་ཇེ་ཞན་དུ་སོང་ཞིང་། སྤྱི་ལོ་༡༩༤༥ལོའི་འཛམ་གླིང་དམག་ཆེན་གཉིས་པ་བར་ཉི་ཧུང་གིས་ལོ་ངོ་༣༥རིང་ལ་བདག་བཟུང་བྱས། སྤྱི་ལོ་༡༩༥༠ལོར་ཁོ་རེ་ཡ་དམག་འཁྲུག་ཅེས་པའི་དམག་འཁྲུག་ཆེན་པོ་ཞིག་བྱུང་པ་དང་མཐའ་མར་ལྷོ་དང་བྱང་ཅེས་པའི་རྒྱལ་ཁབ་གཉིས་སུ་ཁ་འཐོར་དུ་སོང་།


ས་ཁམས།[རྩོམ་སྒྲིག]

ལྷོ་ཁོ་རེ་ཡ་ནི་ཤར་ཨེ་ཤ་ཡའི་ནང་དུ་ཡོད་ཅིང་བྱང་ཁོ་རེ་ཡ་དང་ས་མཚམས་སྦྲེལ་ནས་ཡོད་ལ། དེ་ཡི་ཕྱོགས་གསུམ་ཆུ་ཡིས་བསྐོར་ཡོད་པ་དང་ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱིས་ལྷོ་ཕྱོགས་ས་ཁུལ་གྲུབ་ཡོད། ཤར་རྒྱ་མཚོ་ཡིས་ལྷོ་ཁོ་རེ་ཡ་ཉི་ཧོང་ལས་སོ་སོར་ཕྱེ་ཡོད་པ་དང་། དེའི་ས་ཆར་གཙོ་བོ་རི་རྒྱུད་མང་པོ་ཡོད་ལ་མཚོ་ངོགས་དང་རིང་དུ་གྱེས་པའི་གླིང་ཕྲན་མང་པོ་ཡོད། རྒྱལ་སའི་གྲོང་ཁྱེར་སི་འུལ་ནི་བྱང་ཁོ་རེ་ཡའི་ས་མཚམས་དང་ཐག་ཧ་ཅང་ཉེ། ཇེ་ཇུས་གླིང་ཕྲན་ནི་གླིང་ཕྲན་ཆེ་ཤོས་ཡིན་ཞིང་དེའི་ནང་གི་རི་བོ་མཐོ་ཤོས་ནི་ཧ་ལ་སན་རི་བོ་ཡིན་འདུག ལྷོ་ཁོ་རེ་ཡ་རྒྱལ་ཁབ་དེ་ནི་འཁྱགས་གླིང་དང་བིར་ཇི་ནི་ཡ་ལས་ཅུང་ཙམ་ཆུང་བ་ཡོད།

ཆབ་སྲིད་དང་སྲིད་གཞུང་།[རྩོམ་སྒྲིག]

ལྷོ་ཁོ་རེ་ཡ་ནི་དམངས་གཙོ་རིང་ལུགས་ཡིན་ལ་མི་དམངས་ཀྱིས་རང་ཉིད་ཀྱི་སྲིད་གཞུང་ཆེད་འོས་ཤོག་འཕེན་ཆོག་གི་ཡོད་པ་དང། སྲིད་འཛིན་གྱི་དུས་ཡུན་ལོ་ངོ་ལྔའི་རིང་ཡིན་ཞིང་བསྐྱར་དུ་སྲིད་འཛིན་འོས་བསྡུའི་ནང་ཞུགས་ཆོག་གི་མེད། སྲིད་འཛིན་ཕག་གྷོན་ཡེ་ལ་ནག་ཉེས་སྐྱོན་འཛུགས་བྱས་པའི་རྗེས་ཀྱི་སྤྱི་ལོ་༢༠༡༧ལོའི་ཟླ་༣ཚེས་༡༠ནས་འཕྲལ་སེལ་སྲིད་འཛིན་ཞིག་བཞག་ཡོད་ལ་ཁོ་ནི་ཝང་ཁོ་ཨན་ཡིན།

ཚན་རིག་དང་བཟོ་རྩལ་རིག་པ།[རྩོམ་སྒྲིག]

ལྷོ་ཁོ་རེ་ཡ་ནི་རྒྱལ་ཁབ་ཧ་ཅང་འབྱོར་ཕྱུག་ལྡན་པ་ཞིག་ཡིན་ལ་དེ་ཡི་བཟོ་རྩལ་རྣམས་མིང་དུ་གྲགས་ཡོད་པ་དང་། རླངས་འཁོར་བཟོ་མཁན་ཧུན་དྲི་(Hyundai)དང་ཁི་ཡ་(Kia)གཉིས་དེའི་ཁོངས་སུ་འདུས་ཡོད། འཛམ་གླིང་ལ་ཡོངས་སུ་གྲགས་པའི་ཚོང་རྟགས་སེམ་སིང་(Samsung)ཡང་ལྷོ་ཁོ་རེ་ཡའི་ཡིན་ལ། དེ་ཡིས་འགུལ་སྐྱོད་ཁ་པར་དང་ཉེ་བའི་བརྒྱུད་རྫས་(semiconductors) དང་གློག་གི་ཡོ་བྱད་སོགས་བཟོ་བཞིན་ཡོད

རིག་གཞུང་།[རྩོམ་སྒྲིག]

ལྷོ་ཁོ་རེ་ཡ་རྒྱལ་ཁབ་ནི་ཕྱེད་གླིང་ཕྲན་ཞིག་ཏུ་གཞི་ཆགས་ཡོད་པར་བརྟེན་གླིང་ཆེན་རིག་གཞུང་དང་རྒྱ་མཚོའི་རིག་གཞུང་གཉིས་ཀྱིས་ཤུགས་རྐྱེན་ཐེབས་ཡོད་ལ། གནའ་བོའི་ལྷོ་ཁོ་རེ་ཡའི་རིག་གཞུང་ནི་སི་བྷི་རི་ཡ་དང་དབུས་ཨེ་ཤ་ཡའི་བྱང་ཕྱོགས་ས་ཁུལ། ཤར་ལྷོ་ཨེ་ཤ་ཡའི་ལྷོ་ཕྱོགས་ས་ཁུལ། ཁྱིམ་མཚེས་རྒྱལ་ཁབ་རྒྱ་ནག་ལྟ་བུའི་རིག་གཞུང་དང་ལྷན་དུ་འཕེལ་རྒྱས་ཕྱིན་ཡོད།

སྐད་ཡིག[རྩོམ་སྒྲིག]

ལྷོ་ཁོ་རེ་ཡའི་ལུགས་སྲོལ་དང་གཞུང་འབྲེལ་གྱི་སྐད་ཡིག་ནི་ཁོ་རེ་ཡན་(Korean)ནམ་ཁོ་ཪེ་ཡའི་སྐད་ཡིག་ཡིན། སྐད་རིགས་སྨྲ་བ་མང་པོ་ཞིག་གིས་ལྷོ་ཁོ་རེ་ཡའི་སྐད་ཡིག་ནི་ཨལ་ཐྲག་སྐད་ཡིག་(Altaic Languages)རྣམས་དང་སྦྲེལ་ཡོད་པར་བཤད་ཀྱིན་ཡོད་པ་དང་། ཁོ་རེ་ཡའི་སྐད་ཡིག་གྲུབ་བྱེད་ཀྱི་གསལ་བྱེད་ཧན་གྷིལ་ནི་སྤྱི་ལོ་༡༤༤༦ལོར་ཇོ་སོན་གྱི་རླབས་ཆེན་རྒྱལ་བོ་སི་ཇོང་ལགས་ཀྱིས་དཔར་འགྲེམ་བྱས་པ་ཡིན་ལ། དེ་ནི་གསར་རྩོམ་པ་དང་གསར་གཏོད་དུས་སྐབས་དང་གསར་གཏོད་རྩ་འཛིན་ཤེས་རྟོགས་བྱུང་ཡོད་པའི་ཚིག་ནང་གི་གསལ་བྱེད་གཅིག་པུ་དེ་ཡང་ཡིན།

ཆོས་ལུགས།[རྩོམ་སྒྲིག]

ལྷོ་ཁོ་རེ་ཡའི་ནང་དུ་མི་དམངས་ཀྱི་བརྒྱ་ཆའི་༡༩.༧ནི་ཡི་ཤུའི་ཆོས་ལུགས་གསར་མ་དང་བརྒྱ་ཆའི་༦.༦ཁེ་ཐོ་ལིག་ཆོས་ལུགས་པ། བརྒྱ་ཆའི་༢༣.༢ནང་པ་སངས་རྒྱས་པ་ཡིན་ལ། བརྒྱ་ཆའི་༤༩.༣གྱིས་ཆོས་ལུགས་ཉམས་ལེན་བྱེད་ཀྱིན་མེད་པ་དང་བརྒྱ་ཆའི་༡.༣ཆོས་ལུགས་གཞན་ལ་དད་པ་བྱེད་མཁན་ནམ་ཤེས་རྟོགས་མེད་པའི་དད་པ་བྱེད་ཡུལ་ཡོད།

རོལ་དབྱངས།།[རྩོམ་སྒྲིག]

ཁོ་རེ་ཡའི་སྲོལ་རྒྱུན་རོལ་དབྱངས་ཀྱི་ཚབ་མཚོན་ཡོད་ན་མེད་ན་དེ་ནི་ཨ་རི་རང་(Arirang)ཡིན་ལ་མངའ་ཁུལ་རེ་རེའི་ནང་དེ་ཡི་དམངས་ཁྲོད་གླུ་གཞས་ཡོད། ཁོ་རེ་ཡའི་པོབ་རོལ་གཞས་རྒྱུན་མ་ཆད་པར་གོང་འཕེལ་དུ་འགྲོ་བཞིན་ཡོད་པས་གཞས་པ་དང་གཞས་མ་མང་པོ་འཛམ་གླིང་ཐོག་སྙན་གྲགས་རྒྱས་ཡོད་པ་དང། བྷོ་ཡ་(Boa)དང་TVXQདང་SJདང་བུ་མོའི་དུས་རབས་ལ་སོགས་པའི་པོབ་གཞས་གཏོང་མཁན་ཧ་ཅང་མང་པོ་ཡོད།

དཔལ་འབྱོར།[རྩོམ་སྒྲིག]

མི་འབོར།[རྩོམ་སྒྲིག]

པར་རིས་བར་འཁྱམས།[རྩོམ་སྒྲིག]

ཟིན་ཐོ་འམ་དཔྱད་གཞི།[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག།[རྩོམ་སྒྲིག]

ད་དུང་གཟིགས།[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།[རྩོམ་སྒྲིག]