Jump to content

ཨོ་སི་ཐྲི་ཡ།

ཡོང་ཁུངས་Wikipedia
ཨོ་སི་ཐྲི་ཡ་ ནས་ཁ་ཕྱོགས་བསྐྱར་དུ་བཟོས་པ།

ཨོ་སི་ཊི་རི་ཡ་(Österreich)ནི་ཡོ་རོབ་གླིང་གི་རྒྱལ་ཁབ་ཞིག་རེད། དེའི་རྒྱལ་ས་ནི་ཝི་ཨེ་ན་རེད།

མིང་འབྱུང་ཚུལ།

[རྩོམ་སྒྲིག]

སྤྱི་ལོ་༩༩༦ ལོར་ostarrichi ཞེས་པའི་མིང་འདི་བྱུང་། དེ་སྐབས་ལོ་ངོ་༦༠༠ རིང་Habsburgerherrschaft དབང་བསྒྱུར་འོག་བསྡད། དེ་ནས་ལོ་ངོ་བརྒྱ་དང་ལྔ་བཅུའི་རྗེས་སུ་ད་ལྟའི་མིང་འདི་ཉིད་ österreich,ཞེས་པ་འདི་བྱུང་། ost ནི་ཤར་ཕྱོགས་དང་། reich ནི་ཕྱུག་པོའི་དོན་ཡིན་ཟེར།

ལོ་རྒྱུས།

[རྩོམ་སྒྲིག]

རྒྱལ་ཁབ་ཀྱི་མིང་ལ་ཨོ་སོ་ཏྲི་རི་ཡ། austria,Österreich ཡོ་རབ་ཤར་ནུབ་གཉིས་ཀྱི་དབུས་སུ་ཆགས་ཡོད། སྤྱི་ལོ་༩༩༦ ལོར་ostarrichi ཞེས་པའི་མིང་འདི་བྱུང་། དེ་སྐབས་ལོ་ངོ་༦༠༠ རིང་Habsburger ཧན་སེ་བུག་གྷར་གྱི་དབང་བསྒྱུར་འོག་བསྡད། དེ་ནས་ལོ་ངོ་བརྒྱ་དང་ལྔ་བཅུའི་རྗེས་སུ་ད་ལྟའི་མིང་འདི་ཉིད་ österreich,ཞེས་པ་འདི་བྱུང་། ost ནི་ཤར་ཕྱོགས་དང་། reich ནི་ཕྱུག་པོའི་དོན་ཡིན་ཟེར། སྤྱི་ལོ་༡༡༥༦ ལོར་གཞིས་ཀའི་ལམ་ལུགས་ཀྱིས་དབང་བསྒྱུར་བྱས། དེ་རྗེས་སྤྱི་ལོ་༡༤༥༣ ལོར་སླར་ཆེས་མཐོའི་གཞིས་ཀའི་ལམ་ལུགས་སམ་གཞིས་ཀ་ཆེ་ཤོས་ཀྱི་ལུགས་སུ་གནས། དེ་རྗེས་སྤྱི་ལོ་༡༨༠༤ ལོར་གོང་མའི་རྒྱལ་ཁམས་ཀྱིས་ལམ་ལུགས་སུ་བསྡད། དེ་རྗེས་སྤྱི་ལོ་༡༨༦༧ ལོར་ཨོ་སི་ཏྲི་རི་ཡ་དང་ཧུན་གྷར་མི་རིགས་གཉིས་མཉམ་གནས་ཀྱི་རྒྱལ་ཁབ་ཏུ་བསྡད། སྤྱི་ལོ་༡༩༡༨ ལོར་ཨོ་སོ་ཏྲི་རི་ཡ་ཐོག་དང་པོར་གཅིག་མཐུན་རྒྱལ་ཁབ་ཏུ་ཆགས། སྤྱི་ལོ་༡༩༣༨ ལོར་ཧི་ཏི་ལར་གྱིས་ཇར་མན་མཉམ་གཅིག་བསྒྱུར་བཟོས། སྤྱི་ལི་༡༩༤༥ ལོར་སླར་ཡང་གཅིག་མཐུན་རྒྱལ་ཁབ་བྱུང་། སྤྱི་ལོ་༡༩༥༥ ལོར་དམངས་གཙོའི་རྒྱལ་ཁབ་ཆགས། སྤྱི་ལོ་༡༩༩༥ ལོར་ཡོ་རབ་མཐུན་ཚོགས་སུ་ཞུགས།

རྒྱལ་ཁབ་ཀྱི་སྐད་ཡིག་ཇར་མན་སྐད་ཡིག་Deutschཡིན། དེ་མིན་ཀོ་རི་ཏྲི་ཤི། སོ་ལོ་ཝི་ནི་ཤི། ཧུན་གྷར་ཤི། རྒྱལ་ཁབ་ཀྱི་ངོ་བོ། གྲོས་ཚོགས་ལམ་ལུགས་ཀྱི་དམངས་གཙོ། ཁྱོན་མངའ་སྡེ་དགུ་ཡོད། ཝི་ཡན། སྦུ་གྷར་ལན་ཌེ། ཀེའ་རན་ཏན། ནིའ་དར་ཨོ་སི་ཏྲི་རག ཨོ་སྦར་ཨོ་སི་ཏྲི་རག སལ་ཛི་སྦུག ཤེ་ཏེར་མག ཏྲི་རོ། ཧྥོ་རལ་བྷག རྣམས་ཡིན། རྒྱལ་ས་དང་མངའ་སྡེ་གཙོ་བོ་ཝིནWeinཡིན། རྒྱལ་ཁབ་ཀྱི་གཙོ་འཛིན། ཧན་ཛེ་ཧྥི་ཤར།Alexander Van der Bellen. རྒྱལ་ཁབ་ཀྱི་སྲིད་འཛིན། ཝིར་ནར་ཧྥེ་མན།Christian Kern. རྒྱལ་ཁབ་ཀྱི་གཙོ་འཛིན་ལོ་ཡུན་དྲུག་ཡིན། གྲོས་ལ་མཐུས་མི་183 ཡོད།

རྒྱལ་ཁབ་ཀྱི་ས་ཁྱོན། ཀི་ལོ་མི་ཏྲར་གྲུ་བཞི་མ་83.878ཡིན། མི་འབོར།8.872.865, ཀི་ལོ་མི་ཏྲར་གྲུ་བཞི་མ་གཅིག་གི་སྟེང་ཁྱོན་མི་གྲངས་105.སྡོད་ཀྱི་ཡོད། དངུལ་ལོར། ཨོའོ་རོ་Euro.རྒྱལ་ཁབ་ཀྱི་དུས་ཆེན་གཙོ་བོ། སྤྱི་ཟླ་10ཚེས་26 རང་བཙན་ཉིན་མོ་ཡིན། རྒྱལ་དར་ནི། སྟེང་འོག་དམར་པོ་དང་བར་དུ་དཀར་པོ་ཡིན། དམག་དང་འབྲེལ་བའི་རྟགས། བྱ་འབྲུག་གི་དབུས་སུ་རྒྱལ་དར་དང་དེའི་གཤམ་དུ་ལག་གཉིས་ཀྱི་གཡས་ལ་ཐོ་བ་དང་གཡོན་དུ་ཟོར་བ་བཟུང་བ་ཡོད། རྒྱལ་ཁབ་ཀྱི་མཚོན་རྟགས་སུ། ཨ།A ཡིན། རྒྱལ་ཁབ་ཀྱི་ཁ་པར་ཨང་། +43ཡིན། རི་མཐོ་ཤོས། གྷོ་རོ་སི་ལོག་ནར་Großglockner ཡིན། མཐོ་ཚད་མི་ཏྲར་3798 ཡོད། མཚོ་ཆེ་ཤོས། ནོཡ་སི་ད་ལར་སི་Neusiedler Seeཡིན། ཁྱིམ་མཚེས་རྒྱལ་ཁབ་ནི། ཤར་ལྷོར་ཇར་མན་ནི། ལྷོར་ཅེག ལྷོ་ནུབ་ཏུ་སོ་ལོ་ཝི་ཀི་ཡ། ནུབ་ཏུ་ཧུན་གྷར། ནུབ་བྱང་དུ་སོ་ལོ་ཝི་ནན། བྱང་དུ་ཨི་ཊ་ལི། བྱང་ཤར་དུ་སུད་སི། རྒྱལ་ཁབ་རྣམས་ཡིན། བྱང་ཤར་དང་ཤར་མཚམས་སུ་ནག་རི་དང་བྲག་རི་སྤང་རི་གངས་རི་བཅས་རི་ཧ་ཅང་མང་། རི་བརྒྱུད་ནི། ཨལ་པན་Alpen་དང་འབྲེལ་ནས་ཡོད།

ས་ཁམས།

[རྩོམ་སྒྲིག]

དཔལ་འབྱོར།

[རྩོམ་སྒྲིག]

མི་འབོར།

[རྩོམ་སྒྲིག]

UNO city in Austria_Center_Vienna1

པར་རིས་བར་འཁྱམས།

[རྩོམ་སྒྲིག]
ཝི་ཨེ་ན།

ཟིན་ཐོ་འམ་དཔྱད་གཞི།

[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག

[རྩོམ་སྒྲིག]

ད་དུང་གཟིགས།

[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།

[རྩོམ་སྒྲིག]

ཨོ་སི་ཊི་རི་ཡ།