མཚོ་སྔོན་ཞིང་ཆེན།

From Wikipedia

མཚོ་སྔོན་པོ།.jpg

[རྩོམ་སྒྲིག] ངོ་སྤྲོད་མདོར་བསྡུས།

མཚོ་སྔོན་ཞིང་ཆེན་གྱི་བསྡུས་མིང་ལ་ཆེན༼青༽ཟེར་ཞིང་། སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི72དང་། མི་གྲངས་ཁྲི་481ཡོད། འདུས་སྡོད་བྱེད་པའི་མི་རིགས་ནི་རྒྱ་རིགས་དང་བོད་རིགས། ཧུའེ་རིགས། ཧོར་རིགས། ས་ལར་རིགས། སོག་རིགས། ཧ་སག་རིགས་སོགས་ཡིན། ཞིང་ཆེན་འདིའི་ལྟེ་གནས་གྲོང་ཁྱེར་ནི་ཟི་ལིང་ཡིན། མངའ་ཁོངས་སུ་ས་ཁུལ 1དང་། རང་སྐྱོང་ཁུལ 6 ས་ཁུལ་རིམ་པའི་གྲོང་ཁྱེར 1 རྫོང་རིམ་པའི་གྲོང་ཁྱེར 2 རྫོང 30 རང་སྐྱོང་རྫོང 7 བཅས་ཡོད། བོད་རིགས་རང་སྐྱོང་ས་ཁུལ་གྱིས་ཞིང་ཆེན་འདིའི་ས་རྒྱ་ཁྱོན་གྱི་80%ལྷག་ཟིན། བོད་རང་གི་སྲོལ་རྒྱུན་གྱི་ས་ཁོངས་དབྱེ་ཕྱོགས་ལྟར་ན་འདི་ནི་ཨ་མདོ་ཡུལ་ལ་ངོས་འཛིན།

[རྩོམ་སྒྲིག] ས་ཁམས་ཁོར་ཡུག

མཚོ་སྔོན་ཞིང་ཆེན་ནི་མདོ་དབུས་མཐོ་སྒང་གི་བྱང་ཕྱོགས་སུ་གནས་ཤིང་། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་སོགས་ཆུ་བོ་ཆེན་པོ་དག་གི་འབྱུང་ཁུངས་ཡིན། ནུབ་བྱང་ནི་ཚྭ་འདམ་གཞོངས་ཡིན་ལ། ལྷོ་ཕྱོགས་ནི་མདོ་དབུས་མཐོ་སྒང་ཡིན། མཚོ་སྔོན་པོ་ནི་བོད་ཁུལ་གྱི་ཆེས་ཆེ་བའི་ཚྭ་ལྡན་མཚེའུ་ཡིན།

[རྩོམ་སྒྲིག] ལྗོངས་རྒྱུ་ས་གནས།

ཡུལ་སྐོར་བྱེད་ས་གཙོ་བོ་ལ་སྐུ་འབུམ་དགོན་པ་དང་རི་བོ་ཉི་ཟླ། མཚོ་སྔོན་པོ་སོགས་ཡོད།