ཟི་ལིང་།

ཡོང་ཁུངས་Wikipedia
གནས་སྤོ། དཀར་ཆག, འཚོལ།
ཟི་ལིང་།

ཟི་ལིང་(རྒྱ་མིང་: 西宁 ཟི་ལིང་)གྲོང་ཁྱེར་ནི་མཚོ་སྔོན་ཞིང་ཆེན་གི་ལྟེ་བའི་གྲོང་ཁྱེར་རེད།

མིང་འབྱུང་ཚུལ།[རྩོམ་སྒྲིག]

ཟི་ལིང་། ཞེས་པའི་མིང་འདི་ནི་བོད་སྐད་ཀྱི་ས་དེ་ཀའི་མིང་རྙིང་པ་རེད། དེ་ཡང་ས་དེའི་སྐུ་འབུམ་ཚོ་དྲུག་གི་སྟོད་ན་ཟི་ན་ཚོ་བ་དང་། སྨད་ན་ལིང་པ་ཚོ་བ་ཡོད་པས་ཚོ་བ་དེ་གཉིས་ཀྱི་བར་དུ་ཡོད་པའི་ས་དེའི་སྤྱི་མིང་ལ་ཟི་ལིང་ཞེས་འབོད། ཅེས་སྟག་འཚར་རིན་པོ་ཆེའི་རྣམ་ཐར་མདོ་སྨད་པ་ཡོན་ཏན་རྒྱ་མཚོའི་གསུང་ན་གསལ་བོར་འཁོད་ཡོད། འོན་ཀྱང་དེ་ལས་ཀྱང་རྙིང་བའི་མིང་ནི་ཙོང་ཁ་ཞེས་འབོད། འདི་ལ་ཡི་གེ་མི་འདྲ་བ་གཉིས་འབྲི་སྲོལ་འདུག ཙོང་ཁ་ཞེས་དང་། ཡང་བཙོང་ཁ་ཞེས་འབྲི་སྲོལ་གཉིས་འདུག ཙོང་ཁ་ཟེར་ན་ས་དེའི་བརྒྱུད་དུ་སྔོ་ཚལ་ཙོང་གི་ཐོན་ཁུངས་གནའ་ནས་ད་བར་ཤིན་ཏུ་ལེགས་པས་ཙོང་ཁ་ཞེས་འབོད། འོན་ཀྱང་བཙོང་ཁ་ཟེར་ན་བརྒྱད་སྟོང་བ་ལས་འབྱུང་བའི་ལོ་རྒྱུས་ཅིག་ལ་སྦྱར་ནས་བྱུང་བ་སྟེ། དེ་ཡང་རྟག་ཏུ་ངུ་ཡིས་རང་ལུས་བཙོང་སྟེ་བྱང་ཆུབ་སེམས་དཔའ་ཆོས་འཕགས་ལ་བསྙེན་བཀུར་བྱེད་སའི་གནས་ཡིན་པས་ན་བཙོང་ཁ་ཞེས་འབོད། འདི་ནི་ཚེ་ཏན་ཞབས་དྲུང་གི་ཏན་ཏིག་དཀར་ཆགས་ལས་མཐོང་། རུ་འོག་ཚང་བསོད་ནམས་ཡེ་ཤེས་ནས།

ལོ་རྒྱུས།[རྩོམ་སྒྲིག]

ས་ཁམས།[རྩོམ་སྒྲིག]

ཟི་ལིང་ནི་བོད་ཨ་མདོ་ས་ཁུལ་བྱང་ཕྱོགས་སུ་གནས་ཡོད་པའི་གྲོང་འཁྱེར་ཞིག་རེད་ གྲོང་འཁྱེར་འདི་ནི་གནའ་སྔ་མོ་ནས་བོད་ཡུལ་དང་རྒྱ་ཡུལ་ སོག་ཡུལ་ ཡུལ་འགུར་སོགས་མཉམ་ལས་བྱེད་པའི་ས་གནས་ཡིན་ཞིང་ མཚོ་སྔོན་པོའི་དཔལ་འབྱོར་དང་འགྲིམ་འགྲུལ་ལ་སོགས་ཀྱི་ལྟེ་གནས་ཡིན་པ་དང་རྒྱ་མཚོའི་ངོས་ནས་མཐོ་ཚད་སྨི་༢༢༠༠ཙམ་ཡོད་ ལོ་ངོ་༢༠༠༠གི་གོང་ནས་གནས་འདིར་མིའི་རིགས་འབྱུང་བ་དང་ ཞིང་ལས་ཡང་ཕེལ་རྒྱས་བྱུང་ཡོད། གྲོང་འཁྱེར་འདི་ནི་ད་ཆ་སྐད་གྲགས་ཡོད་པའི་དབྱར་ཁའི་གྲོང་ཞིག་ཡིན་ རྒྱུ་མཚན་ནི་དེའི་དྲོད་ཚད་ཆུང་བའི་དབྱར་ཁ་དེ་ཡིན་ ས་གནས་འདིའི་ལོའི་ཆ་སྙོམ་དྲོད་ཚད་ཨང་གྲངས་ནི་༧°cཡིན་པ་དང་ དྲོད་ཚད་ཆེ་ཤོས་ནི་༣༤°cདང་ཆུང་ཤོས་ནི་ཀླད་ཀོར་འོག་༡༨°c

སྐྱེལ་འདྲེན།[རྩོམ་སྒྲིག]

ཟི་ལིང་གྲོང་འཁྱེར་ལ་མགྱོགས་ལམ་གཚོ་བོ་བཞི་ཡོད་པ་ནི་༡ཅིང་བོད་མགྱོགས་ལམ་ ༢ལན་ནུབ་མགྱོགས་ལམ་ ༣ཕིན་ནུབ་མགྱོགས་ལམ་༤ཉིང་ཆེན་མགྱོགས་ལམ་བཅས་ཡིན་ རྒྱལ་ལམ་བཞི་ནི་༡༠༩ ༣༡༥ ༢༢༧ ༢༡༤རྒྱལ་ལམ་བཅས་ཡིན། ལྕམས་ལམ་གསུམ་ཡོད་པ་ནི་མཚོ་བོད་ལྕགས་ལམ་ ལན་མཚོ་ལྕགས་ལམ་ ལན་ཤིན་ལྕགས་ལམ་ཨང་གཉིས་པ་བཅས་ཡིན་ རྣམ་གྲུ་ཐང་གཉིས་ཡོད་

དཔལ་འབྱོར།[རྩོམ་སྒྲིག]

མི་འབོར།[རྩོམ་སྒྲིག]

ཆོས་ལུགས།[རྩོམ་སྒྲིག]

པར་རིས་བར་འཁྱམས།[རྩོམ་སྒྲིག]

ཟིན་ཐོ་འམ་དཔྱད་གཞི།[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག།[རྩོམ་སྒྲིག]

ད་དུང་གཟིགས།[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།[རྩོམ་སྒྲིག]