མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ།

ཡོང་ཁུངས་Wikipedia
གནས་སྤོ། དཀར་ཆག, འཚོལ།
Location of Hainan Prefecture within Qinghai (China).png

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འདི་སྲིད་ན་གྲགས་པ་མཐོ་བའི་མཚོ་ཁྲི་ཤོར་རྒྱལ་མོའི་ལྷོ་ན་ཡོད་པས་མཚོ་ལྷོ་ཞེས་འབོད། འདི་ནི་རི་ཀླུང་བརྗིད་མཛེས་རྩྭ་ཐང་གཡུ་བཞིན་སྔོ།། རང་བྱུང་ཐོན་ཁུངས་རྣམ་ཐོས་སྲས་ཀྱི་མཛོད།། སྐྱེ་བོ་ཐམས་ཅད་དཔའ་འཛོམས་བརྩོན་པ་ཆེ།། ཡ་རབས་དཀྱེལ་ཆེ་བློ་གྲོས་ཉི་ཟླའི་འོད།།ཅེས་པ་ཞིག་གོ།

མཚོ་ལྷོ་ཁུལ་ནི་མཚོ་བོད་མཐོ་སྒང་གི་ཤར་བྱང་གི་གྲུ་ན་ཡོད་ཅིང་།སའི་ཐིག་ཚད་ལྟར་ན་བྱང་གི་འཕྲེད་ཐིག34.55ནས101.50སྣོལ་སར་ཡོད། ཤར་ནི་མཚོ་ཤར་ས་ཁུལ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཉིས་ལ་འབྲེལ་བ་དང་། ལྷོ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཐུག་པ་དང་། ནུབ་ནི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་ཕན་ཚུན་ལྟའོ། ། ཤར་ནུབ་གཉིས་ཀྱི་སྲིད་ལ་སྤྱི་ལེ༢༦༠དང་། ལྷོ་བྱང་གི་ཞེང་ལ་སྤྱི་ལེ༢༧༠དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་༤༦.༠༠༠ཙམ་ཡོད་དེ། འབྲུག་ཡུལ་དང་ཆེ་ཆུང་འདྲ། རང་སྐྱོང་ཁུལ་སྲིད་གཞུང་ཆབ་ཆར་བཙུགས་པ་དང་། ཁུལ་གྱི་མངའ་འོག་ཏུ་གུང་ཧོ་དང་། ཁྲི་ཀ་རྫོང་། མང་རྫོང་། འབའ་རྫོང་། ཞིན་ཧེ་རྫོང་སྟེ་རྫོང་ལྔ་དང་ལུང་དབྱང་འགག་དོན་སྒྲུབ་ཁང་ཡོད་ཅིང་། དེ་དག་ལ་ཞང་དང་གྲོང་རྡལ༤༡དང་། སྡེ་དམངས་ཨུ་ཡོན་ལྷན་ཁང༣༨༥དང་། མཉམ་ལས་ཁང༡༢༦༩བཅས་ཡོད།



སྒེར་ཀྱི་ལག་ཆ།

Variants
བྱ་འགུལ།
དཀར་ཆག
ལག་ཆ།
སྐད་རིགས་གཞན།