ཁྲི་སྲོང་ལྡེ་བཙན།

ཡོང་ཁུངས་Wikipedia
ཁྲི་སྲོང་ལྡེ་བཙན།

ཁྲི་སྲོང་ལྡེ་བཙན་ནི་སྤྱི་ལོ་༧༥༥ལོར་སྐུ་འཁྲུངས་པ་དང་༧༩༧ཡང་ན་༨༠༤ལོར་ཚེ་ལས་འདས། ཡབ་ཁྲི་ལྡེ་གཙུག་བརྟན་རེད། བཙན་པོ་ཁྲི་སྲོང་ལྡེ་བཙན་ནི་བོད་ཀྱི་རྒྱལ་རབས་ཨང་༣༨ཡིན་པ་དང་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་ཡ་གྱལ་ཡིན་ཞིང་ ཆོས་རྒྱལ་མི་དབོན་རྣམ་གསུམ་ནིི་ཁྲི་སྲོང་ལྡེ་བཙན་དང་ཁྲི་རལ་པ་ཅན་སྲོང་བཙན་སྒམ་པོ་བཅས་ཡིན། ཁོང་གིས་དབང་བསྒྱུར་བྱེད་པའི་དུས་སུ་བོེད་ཀྱི་དམག་ཤུགས་དྲག་ཤོས་མཚམས་ཡིན།

མི་ཚེ།[རྩོམ་སྒྲིག]

ཁྲི་སྲོང་ལྡེ་བཙན ཁོང་ནི་བོད་ལུགས་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ 742 ལོར་ཕོ་བྲང་བྲག་དམར་དུ་ཡབ་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་ཅན་དང་། ཡུམ་སྣ་ནམ་བཟའ་མང་མོ་རྗེ་བཞི་སྟེང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བོད་ལུགས་མེ་ཕོ་བྱི་ལོ་སྟེ་སྤྱི་ལོ 796 ལོར་སྐུ་གཤེགས། ཁོང་དགུང་ལོ་བཅོ་ལྔ་པ་བོད་ལུགས་མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ 756 ལོར་མི་འཇིགས་གདོང་ལྔའི་ཁྲི་ལ་བཞུགས་ནས་ལོ་ངོ་བཞི་བཅུ་ཞེ་གཅིག་རིང་དུ་རྒྱལ་སྲིད་བསྐྱངས་ཏེ་བོད་ཀྱི་ཆབ་སྲིད་མཐའ་བཞིར་བཀྱེད་དེ་འཛམ་གླིང་སུམ་གཉིས་ས་ཡི་དཀྱིལ་འཁོར་དབང་དུ་བཟུང་བར་གྲགས། སློབ་དཔོན་པདྨ་འབྱུང་གནས་དང་མཁན་པོ་ཞི་བ་འཚོ་སོགས་བོད་དུ་གདན་འདྲེན་ཞུས་ཏེ། བསམ་ཡས་གཙུག་ལག་ཁང་སོགས་བཞེངས་ནས་སད་མི་བདུན་རབ་ཏུ་བྱུང་བ་དང་རྒྱལ་བའི་གསུང་རབ་སྒྲ་བསྒྱུར་མཛད་ཅིང་སངས་རྒྱས་ཀྱི་བསྟན་པ་དར་བར་མཛད། ལྷག་པར་དུ་གསོ་རིག་གི་བསྟན་པ་ཉིན་མོ་ལྟར་མཛད་ནས་འགྲོ་བའི་ནད་ཀྱི་སྡུག་བསྔལ་འཇོམས་པར་མཛད། ཁོང་གིས་མཆིམས་བཟང་ལྷ་མོ་བཙན་དང་། མཁར་ཆེན་བཟའ་མཚོ་རྒྱལ། འབྲོ་བཟའ་ཁྲི་རྒྱལ་མོ་བཙན། ཚེ་སྤོང་བཟའ་མེ་ཏོག་སྒྲོན། ཕོ་ཡོང་བཟའ་རྒྱལ་མོ་བཙུན་བཅས་ཁབ་ཏུ་བཞེས་ཤིང་རིགས་སྲས་མུ་ཁྲི་བཙན་པོ་སོགས་སྐུ་འཁྲུངས། ཁོང་གི་བློན་པོ་གྲགས་ཆེ་བ་ནི་སྣང་བཞེར་ཟླ་བཙན་དང་། མཆིམས་རྒྱལ་གཟིགས་ཤུ་ཏིང་། བློན་སྐྱེས་བཟང་རྒྱལ་ཀོང་། ཞང་སྟོང་བཙན། སྦྲང་རྒྱལ་སྒྲ་ལེགས་གཟིགས། དབས་བཙན་བཞེར་མདོ་ལོད། བློན་ཁྲི་སྒྲ་སྟག་ཚབ། སྟག་སྒྲ་ཀླུ་ཁོང་། འགོས་ཁྲི་བཟང་ཡབ་ལྷག གཉེར་སྟག་བཙན་གདོང་གཟིགས། མ་ཞང་གྲོམ་པ་སྐྱེས་བཅས་ཡིན་ནོ། དེ་ལྟར་ཆབ་སྲིད་ཀྱི་ལས་དབང་གྲུབ་སྟེ་[188]དགུང་ལོ་ལྔ་བཅུ་ང་ལྔ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། 《དེབ་ཐེར་ཀུན་གསལ་མེ་ལོང》ལས་ལྐོག་མདའ་བརྒྱབ་སྟེ་བཀྲོངས་ཞེས་འཁོད་འདུག བང་སོ་མུ་ར་རི་ལ་བརྩིགས་ཤིང་མདུན་དུ་རྡོ་རིང་ཡི་གེ་ཅན་ཞིག་བཙུགས་སོ།།

བྱིས་པའི་དུས་སྐབས།[རྩོམ་སྒྲིག]

གཉེན་སྒྲིག[རྩོམ་སྒྲིག]

ཁྲི་སྲོང་ལ་བཙུན་མོ་ལྔ་ཡོད་པ་དང་སྐུ་དྲག་ཁྱིམ་ཚང་ནས་ཡིན་པ་རེད།[༡]:

ཡི་ཤེས་མཚོ་རྒྱལ་ནི་མགར་ཆེན་གྱི་སྲས་མོ་དང་བཙན་སྲོང་ལྡེ་བཙན་གྱི་བཙུན་མོ་དང་སློབ་དཔོན་པདྨ་འབྱུང་གནས་ལ་མནྡྲལ་གྱི་སྟེན་དུ་འཕུལ་བ་ཡིན་ལ་རྗེས་སུ་གུ་རུ་སློབ་མ་ཉེར་ལྔ་ནང་གཅིག་ཡང་ཡིན་ལ་གུ་རུ་དང་གཉིས་སུ་མེད་པ་ཆགས་ཡོད་། བཙུན་མོ་གཞན་རྨ་རྒྱལ་མཚོ་སྐར་མ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་ལུགས་མཐུན་གྱི་བཙུན་མོ་སྟེ་རྒྱལ་སྲིད་ཤུལ་འཛིན་མཁན་གྱི་རྒྱལ་སྲས་ཀྱི་ཡུམ་ཡིན།

ཁྲི་སྲོང་ལྡེ་བཙན་གྱི་སྲས་གཞན་ཞིག་མཚན་ལ་པདྨ་གསལ།

སྲིད་དང་དམག་དོན་གྱི་བྱེད་སྒོ།[རྩོམ་སྒྲིག]

སྤྱི་ལོ་༧༦༣ལོར་རྒྱ་ཡིས་བོད་ལ་བཙན་གནོན་བྱས་པས་ཁྲི་སྲོང་ལྡེ་བཙན་གྱི་དམག་མི་༢༠༠༠༠༠ལྷག་གཏང་ནས་རྒྱ་དང་དམག་འཛིངས་བྱས་། དེའི་སྐབས་བོད་དམག་ལ་རྒྱལ་ཁ་ཐོབ་པ་དང་མུ་ཐུད་ཧྲང་ཨན་དང་པེ་ཅིང་ལ་དམག་སྐྱོད་བྱས་པ་དང་བཙན་ཤེད་ཀྱི་ཐང་རྒྱལ་པོ་རྒྱལ་ས་ནས་ཁ་གྲལ་དགོས་བྱུང་པ་རེད།[༢] དེ་ནས་ཁོང་གིས་སི་ཨམ་དང་གནའ་འབྲེལ་བྱས། སི་ཁྲོན་དབང་དུ་བསྡུས་པ་དང་སྤྱི་ལོ་༧༨༧ལ་རྒྱ་དང་བཞི་བདེའི་འཆིངས་ཡིག་ཞིག་བཞག་པ་རེད་།

ལས་དགོངས་བཞུས་པ་འཆི་བ་དང་ཤུལ་འཇིན་མཁན།[རྩོམ་སྒྲིག]

== ཁྲི་སྲོང་ལྡེ་བཙན་དང་ཁོང་གིས་ནང་ཆོས་ཀྱི་རྒྱབ། ==སད་མི་མི་བདན་རབ་ཏུ་བྱུང་བའི་རྗེས་ལ་ལོ་རྩ་བ་རྣམས་རྒྱ་གར་འཕགས་པའི་ཡུལ་ཏུ་བཏང་ཏེ་མདོ་སྒྱུས་བསྟན་བཅོས་གྱི་རྒྱ་དཔེ་མང་པོ་བོད་དུ་གདན་དྲངས་ཡོད།

བུ་རྒྱུད་དམ་མི་རབས་རྗེས་མ།[རྩོམ་སྒྲིག]

པར་རིས་བར་འཁྱམས།[རྩོམ་སྒྲིག]

ཟིན་ཐོ་འམ་དཔྱད་གཞི།[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག:

  1. Stein, R. A. (1972) Tibetan Civilization, p. 63. Stanford University Press.
  2. Stein, R. A. (1972) Tibetan Civilization, p. 65. Stanford University Press.

དཔྱད་གཞིའི་དཀར་ཆག[རྩོམ་སྒྲིག]

ད་དུང་གཟིགས།[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།[རྩོམ་སྒྲིག]

སྔོན་མ།
ཁྲི་ལྡེ་གཙུག་བརྟན།
བོད་ཀྱི་བཙན།
༧༥༥-༧༩༧
རྗེས་ལ།
མུ་ནེ་བཙན་པོ།