Jump to content

ཁྲི་ལྡེ་གཙུག་བརྟན།

ཡོང་ཁུངས་Wikipedia
ཁྲི་ལྡེ་གཙུག་བརྟན་ ནས་ཁ་ཕྱོགས་བསྐྱར་དུ་བཟོས་པ།
   མི་གཞན་གྱིས་ཁྱེད་ཀྱི་ཤོག་ལྷེ་འདིའམ་དུམ་བུ་འདི་འབྲེལ་དགོས་པའི་བསམ་འཆར་འདུག „ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་ཅན་“!
ཞིབ་ཅིང་ཕྲ་བའི་གླེང་མོལ་ མང་པོ་མཐོང་ཐུབ།

ཁྲི་ལྡེ་གཙུག་བརྟན་ཡང་ན་མེས་ཨག་ཚོམ་ནི་བོད་ཀྱི་བཙན་པོ་ཞིག་རེད། ཁོང་གིས་སྤྱི་ལོ་ ༧༠༤ ནས་ ༧༥༥ བར་དབང་བསྒྱུར་བྱས་པ་རེད། བོད་ཀྱི་བཙན་པོའི་རྒྱལ་རབས་སུམ་ཅུ་སོ་བདུན་པ་གཞོན་ནུའི་དུས་ནས་ཞལ་རྒྱན་སྨ་ར་དང་བཅས་པའི་བགྲེས་ཉམས་ཆེ་བ་ཞིག་ཡོད་པར་བརྟེན་མཚན་ལ་མེས་ཨག་ཚོམས་ཅན་ཡང་ཟེར། བཙན་པོ་འདིའི་འཁྲུངས་ལོ་འབྲུག་ཡིན་པར་ལོ་རྒྱུས་ཡིག་ཆ་མང་ཆེ་བ་མཐུན་ཀྱང་ལོ་ཁམས་གང་ཡིན་ལ་གསུང་ཚུལ་མི་མཐུན་པ་ཡོད། ཏུན་ཧོང་གི་ཡིག་རྙིང་ལས་བཤད་པ་ལྟར་གཞི་བཟུང་ན་ཡབ་བཙན་པོ་འདུས་སྲོང་མང་པོ་རྗེ་དང་ཡུམ་མཆིམས་བཟའ་བཙན་མེ་ཏོག་གཉིས་ཀྱི་སྲས་སུ་གནས་བརྟན་པའི་ལུགས་ཀྱི་སངས་རྒྱས་འདས་ལོ( ༡༢༤༨ )ཤིང་འབྲུག( ༧༠༤ )ལོར་འཁྲུངས། <<ཐང་ཧྲུའུ་རྙིང་མ>>ལས། ཐང་རྒྱལ་རབས་ཀྱི་གོང་མ་ཨུ་ཙེ་ཐའན་གྱི་ཁྲང་ཨན( ]]长安 )ཁྲི་ལོ་གསུམ་པ་ཆུ་ཡོས( ༧༠༣ )ལོར་ཁྲི་ལྡེ་གཙུག་བརྟན་བཙན་པོར་བསྐོས་པ་དང༌། དེ་དུས་དགུང་ལོ་བདུན་ལ་སླེབས་ཡོད་པར་བཤད་པ་ལྟར་ན། གོང་མ་ཨུ་ཙི་ཐའན་གྱི་ཧྲིན་ལི་ཁྲི་ལོ་དང་པོ་ས་ཁྱི( ༦༩༨ )ལོར་འཁྲུངས་དགོས་པས་བརྟག ཐོག་མའི་མཚན་ལ་རྒྱལ་གཙུག་རུ་ཞེས་འབོད་པ་དང༌། འཁྲུངས་པའི་ལོ་དེར་ཡབ་རྒྱལ་པོ་འདུས་སྲོང་འཇང་ཡུལ་དུ་དམག་ལ་ཕེབས་པ་དམག་ཐོག་ཏུ་གཤེགས་ཤིང་སྲས་སྐུ་ན་ཕྲ་བར་བརྟེན་ཡབ་འདུས་སྲོང་གི་ཡུམ་དང་བཙན་པོ་འདིའི་རྨོ་བོ་ཡིན་པ་འབྲོ་བཟའ་ཁྲི་མོ་ལོད་ཅེས་དབང་གྲགས་ལྡན་པ་ཞིག་བྱུང་བ་དེས་སྲིད་དོན་བསྐྱངས། ཐོག་མའི་ལོ་ཤས་ནང་བློན་འབངས་ཁག་གཅིག་གིས་ངོ་ལོག་བྱུང་བ་རྣམས་ལྷིང་འཇགས་གཏོང་དགོས་བྱུང་ཚུལ་ཏུན་ཧོང་གི་ཡིག་རྙིང་ནང་གསལ་ཞིང༌། བཙན་པོ་འདི་དགུང་ལོ་བདུན་ལ་ཕེབས་པ་ས་བྱ( ༧༠༩ )ལོར་ཐང་རྒྱལ་རབས་ཀྱི་གོང་མ་ཀྲུང་ཙུང(]]中宗李显)གི་ཅིན་ལུང(]]景龙)ཁྲི་ལོ་གསུམ་པར་བོད་ནས་བློན་ཆེན་ཞང་ཏོ་རེ་སོགས་མངགས་ཏེ་གོང་མའི་སྲས་མོ་ཞིག་སློང་བར་རྒྱལ་ས་ཁྲང་ཨན་དུ་འབྱོར། སྐབས་དེར་གོང་མ་ཐང་ཀྲུང་ཙུང་གིས་སྐྱེད་ཚལ་གྱི་ནང་དུ་གསོལ་སྟོན་བཤམས་ཏེ་ཧྥུ་མ་ཏུ་ཝེའི་གོ་གནས་ཡོད་པའི་བློན་པོ་དབྱང་ཧྲིན་ཅའོ་དང༌། བོད་ཀྱི་ཕོ་ཉ་རྣམས་ཕན་ཚུན་རྟ་ཐོག་པོ་ལོའི་འགྲན་བསྡུར་བྱས་པར་ཐོག་མར་བོད་ལ་རྒྱལ་ཁ་ཐོབ་ཅིང༌། འགྲན་བསྡུར་ཐེངས་གཉིས་པར་གཉིས་ཀ་འདྲ་མཉམ་གྱི་ཐོག་ནས་མཚམས་འཇོག་བྱས་པར་བཤད། དེའི་ཕྱི་ལོ་ལྕགས་ཁྱི( ༧༡༠ )ལོར་གོང་མས་ཡུང་ཝང་གི་གོ་གནས་ཡོད་པ་ལི་ཧྲིག་ལི་བྱ་བའི་སྲས་མོ་ཅིན་ཁྲིན་ཀོང་ཇོ་གོང་མ་རང་གི་སྲས་མོ་ཡིན་པའི་ཚུལ་གྱིས་བག་མར་བྱིན་པ་སོགས་གོང་དུ་ཀིམ་ཤིང་ཀོང་ཇོ་ཞེས་པའི་འགྲེལ་བཤད་དུ་བཀོད་པ་ལྟར་དང༌། བཙན་པོ་འདིའི་དུས་སུ་འཇང་དང་གཉེན་འབྲེལ་བཙུགས་ཏེ་ལྗང་མོ་ཁྲི་བཙུན་མནའ་མར་བླངས་ཤིང་འཇང་བོད་ཐུན་མོང་དུ་ཐང་ལ་དམག་དྲངས་ཏེ་ཐང་གི་ས་ཆ་མི་ཉུང་བ་ཞིག་བོད་ཀྱིས་བླངས་པ་སོགས་<<ཐང་ཧྲུའུ་གསར་རྙིང>>གཉིས་སུ་གསལ། <<རྦ་བཞེད>>ལས་ལོ་ཁམས་གསལ་བར་མ་འཁོད་ཀྱང༌། རྒྱ་ཕྲུག་བློན་པོསང་ཤི་སོགས་མི་བཞི་ཐང་གི་གོང་མའི་དྲུང་དུ་མངགས་ཏེ་སངས་རྒྱས་ཆོས་ལུགས་ཀྱི་ཆོས་དཔེ་མང་པོ་སློང་དུ་བཏང་བ་ལ། གོང་མས་མཐིང་ཤོག་ལ་གསེར་ཆུས་བྲིས་པའི་ཆོས་དཔེ་བམ་པོ་སྟོང་གནང༌། ཧྭ་ཤང་མངོན་ཤེས་ཅན་ཀིམ་ཧྭ་ཤང་གིས་<<དགེ་བ་བཅུའི་མདོ>> <<ཤེར་ཕྱིན་རྡོ་རྗེ་གཅོད་པ>> <<ས་ལུ་ལྗང་པའི་མདོ>>བཅས་བསྐུར་ནས་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐུ་ནར་སོན་པ་དང་བསྟུན་ནས་གོ་རིམ་མ་ནོར་བར་འབུལ་བར་གྱིས་ཤིག་ཅེས་པ་སོགས་བཀའ་སློབ་མང་པོ་གནང་ནས་བོད་དུ་ལོག་ཡོང་སྐབས། དེའི་ཤུལ་དུ་ཡབ་ཁྲི་ལྡེ་གཙུག་བརྟན་གཤེགས་པའི་གནས་ཚུལ་འཁོད་པ་ལྟར་ན་བཙན་པོ་ཁྲི་ལྡེ་གཙུག་བརྟན་གཤེགས་པའི་ལོ་དེར་ཡིན་པར་མངོན་ཞིང༌། བཙན་པོ་གཤེགས་པའི་ལོ་ནི་དགུང་ལོ་ང་གཅིག་པ་ཤིང་རྟ( ༧༥༤ )ཡིན་ཅིང༌། ཞོལ་རྡོ་རིང་ཕྱི་མ་དང་ཏུན་ཧོང་གི་ཡིག་རྙིང་ལས། བློན་པོ་འབལ་ལྡོང་ཚབ་དང་ལང་མེས་གཟིགས་གཉིས་ཀྱིས་བཀྲོངས་ཞེས་གསལ་ཞིང༌། <<རྦ་བཞེད>>ལས་བློན་པོ་དེ་གཉིས་ཆོས་ལ་དད་པའི་རྐྱེན་གྱིས་ཞང་མ་ཞང་གིས་ནག་ཉེས་བཙུགས་ཏེ་བཀྲོངས་པར་བཤད་པ་རྡོ་རིང་ཡི་གེ་དང་མི་མཐུན། ལོ་རྒྱུས་ཞིབ་པ<<རྦ་བཞེད>>དང༌། <<མཁས་པ་ལྡེའུའི་ཆོས་འབྱུང>> <<ཐང་དེབ་གསར་རྙིང>> <<བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ>>ལྕགས་དཔར་མའི་ཤོག་གྲངས ༢༥༧ ནས ༢༧༦ བར་གསལ།

མི་ཚེ།

[རྩོམ་སྒྲིག]

སྒྲུང་།

[རྩོམ་སྒྲིག]

ཆོས་ལུགས།

[རྩོམ་སྒྲིག]

པར་རིས་བར་འཁྱམས།

[རྩོམ་སྒྲིག]

ཟིན་ཐོ་འམ་དཔྱད་གཞི།

[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག།

[རྩོམ་སྒྲིག]

ད་དུང་གཟིགས།

[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།

[རྩོམ་སྒྲིག]
སྔོན་མ།
འདུས་སྲོང་མང་པོ་རྗེ།
བོད་ཀྱི་བཙན།
༧༠༤-༧༥༥
རྗེས་ལ།
ཁྲི་སྲོང་ལྡེ་བཙན།