མུ་ནེ་བཙན་པོ།

ཡོང་ཁུངས་Wikipedia
གནས་སྤོ། དཀར་ཆག, འཚོལ།

མུ་ནེ་བཙན་པོ་ནི་བོད་ཀྱི་བཙན་པོ་ཞག་རེད། ཁོང་གིས་སྤྱི་ལོ་༧༩༦ནས་༧༩༨བར་དབང་བསྒྱུར་བྱས་པ་རེད།

མུ་ནེ་བཙན་པོ།[རྩོམ་སྒྲིག]

བོད་རྒྱལ་སོ་དགུ་པ། བཙན་པོ་འདི་ཉིད་ཡབ་ཁྲི་སྲོང་ལྡེ་བཙན་དང་ཡུམ་ཚེ་སྤོང་བཟའ་མེ་ཡོག་སྒྲོན་གཉིས་ཀྱི་སྲས་སུ་བོད་ཆུ་སྟག་༨༢༢ལོར་འཁྲུངས་ཞེས་དང་། ལྕགས་ཕག༨༣༡ལོར་འཁྲུངས་སོགས་གསུང་ཚུལ་མི་འདྲ་བ་སྣང་ཡང་《ཆོས་འབྱུང་མཁས་པའི་དགའ་སྟོན》ལྕགས་དཔར་ཤོག་གྲངས་༤༠༤ནང་། རྗེ་ཁྲི་སྲོང་ལྡེ་བཙན་དེ་དང་བཙུན་མོ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་གྱི་སྲས་བཞི་ལས་ཆེ་བ་མུ་ཁྲི་སྲོང་པོ་སྐུ་ཆུང་ངུ་ལ་གཤེགས་པས་བང་སོ་མེད། གཉིས་པ་མུ་ནེ་བཙན་པོ་ཡབ་ཀྱི་དགུང་ལོ་སོ་བཞི་པ་ཆུ་ཕོ་སྟག་ལ་འཁྲུངས། དེའི་ཕྱི་ལོ་ཆུ་ཡོས་ལ་མུ་ཏིག་བཙན་པོ་འཁྲུངས་ཞེས་གསལ་བ་གཞིགས་ན་ཆུ་སྟག་༨༢༢དེ་རང་ཁུངས་བཙན་པར་མངོན་ལ། ཕོ་ཡོང་བཟའ་རྒྱལ་མོ་བཙུན་དང་རུ་ཡོང་བཟའ་མདོ་རྒྱལ་གཉིས་ཁབ་ཏུ་བཞེས་ཀྱང་རིགས་སྲས་ཀྱི་མྱུ་གུ་མ་བྱུང་། རྒྱལ་པོ་འདི་ཉིད་ཀྱིས་ཀྱང་ཡབ་མེས་ཀྱི་རྗེས་སུ་འབྲངས་ནས་བསྟན་པ་ལ་གུས་པར་མཛད་ཅིང་། བསམ་ཡས་དང་ལྷ་ས་ཁྲ་འབྲུག་བཅས་སུ་སྡེ་སྣོད་ཆེན་པོ་གསུམ་གྱི་མཆོད་པ་ཆེན་པོ་བཞི་བཙུགས། འབངས་ཀྱི་དབུལ་ཕྱུག་ལན་གསུམ་སྙོམས་ཀྱང་མི་རིང་བར་སྔར་བཞིན་གྱུར། བྱང་དུ་དཔུང་ཆེན་བཤམས་པ་སོགས་མཛད་པ་ཕྱག་རིས་ཤིན་ཏུ་ཆེ། གཞན་ཡང་རྒྱལ་པོ་འདིའི་སྐུ་རིང་ལ་ཡི་གེ་མཁན་པོ་ཚེ་སྤོངས་བྱང་ཆུབ་ཅེས་བྱ་བས་རྗེ་ལ་ཡི་གེའི་སྟངས་ཕུལ་བ་དེ་ལ་ཁམས་ཡིག་ཏུ་གྲགས་སོ། རྒྱལ་པོ་འདིས་རྒྱལ་སྲིད་ལོ་གཅིག་དང་ཟླ་བ་བདུན་ནམ། ལོ་བདུན་དང་ཟླ་བ་དགུའམ། ལོ་བཅུ་བདུན་བསྐྱངས་སོགས་ བཞེད་ཚུལ་མི་འདྲ་བ་མང་ཙམ་མཆིས། མུ་ནེ་བཙན་པོས་ཡབ་ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོ་ཆུང་བ་ཕོ་ཡོང་བཟའ་ལ་བྱམས་སྐྱོང་ཆེན་པོ་གནང་བར་བརྟེན་ཡུམ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་ཐུགས་ཁྲོས་ཏེ་སྲས་ལ་དུག་ཟས་དྲངས་ནས་སྐུ་གཤེགས་པར་གྲགས། འདི་ཉིད་ཀྱི་བང་སོ་མུ་ར་རི་ལ་བརྩིགས། །

མི་ཚེ།[རྩོམ་སྒྲིག]

སྒྲུང་།[རྩོམ་སྒྲིག]

ཆོས་ལུགས།[རྩོམ་སྒྲིག]

པར་རིས་བར་འཁྱམས།[རྩོམ་སྒྲིག]

ཟིན་ཐོ་འམ་དཔྱད་གཞི།[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག།[རྩོམ་སྒྲིག]

ད་དུང་གཟིགས།[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།[རྩོམ་སྒྲིག]

སྔོན་མ།
ཁྲི་སྲོང་ལྡེ་བཙན།
བོད་ཀྱི་བཙན།
༧༩༦-༧༩༨
རྗེས་ལ།
སད་ན་ལེགས།