Jump to content

མཁན་ཆེན་དགེ་ལེགས་ཆོས་འཕེལ།

ཡོང་ཁུངས་Wikipedia

མཁན་ཆེན་དགེ་ལེགས་ཆོས་འཕེལ་མཆོག་ནི་གངས་རིའི་ཁྲོད་ཀྱི་སྡེ་སྣོད་འཛིན་པ་དང་བྱང་ཆུབ་སེམས་དཔའ། མཁས་པའི་དབང་པོ། རིགས་ཀྱི་མྱུ་གུ་སྐྱོང་བའི་དགེ་བའི་བཤེས་གཉེན་ཆེན་པོ་འགྲན་ཟླ་དང་བྲལ་བ་ཞིག་གོ །མཚན་གཞན་ལ་མཁན་ཆེན་པདྨ་ཚེ་དབང་ལྷུན་གྲུབ་ཞུ། བསྡུས་ཏེ་མཁན་ཆེན་པད་ཚེ་ཞུའོ། །

འཁྲུངས་ཡུལ་དང་ལོ་ཚིགས།

[རྩོམ་སྒྲིག]
  • འཁྲུངས་ཡུལ་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་ཤུལ་རྫོང་གི་ཁོངས་བྱང་ཨ རིག་རྫ་ཡིན།
  • མཁན་ཆེན་མཆོག་༼༡༩༣༡–༢༠༠༢༽ཡབ་འབའ་རེ་གྲགས་ལོ་དང་ཡུམ་གླིང་ནག་སྐྱ་ལྡོག་གཉིས་ཀྱི་སྲས་སུ་རབ་རྒྱལ་ལྕགས་ལུག་ལ་སྐུའི་མཚན་དཔེ་བཞད། མཐར་དགུང་གྲངས་དོན་གཉིས་པ་རབ་རྒྱན་ཆུ་རྟ་ལོའི་ཆོ་འཕྲུལ་ཟླ་བའི་ཚེས༢༥ ལ་གཟུགས་སྐུའི་བཀོད་པ་བསྡུས་སོ། །
  • རབ་རྒྱལ་ཆུ་ཁྱི་ལོ་སྟེ་སྤྱི་ལོ༡༩༨༢ ལ་རྫོགས་ཆེན་ཤྲཱི་སེང་དུ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་དགེ་རྒན་དུ་གདན་དྲངས་པ་ལྟར་ཕེབས་ཏེ་ལོ་བཞི་བཞུགས།
  • རབ་རྒྱལ་ཆུ་ཕག་ལོ་སྟེ་སྤྱི་ལོ༡༩༨༣ ལ་ཞེ་ཆེན་དགོན་དུ་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་སླར་གསོ་མཛད།
  • རབ་རྒྱན་མེ་ཡོས་ཏེ་སྤྱི་ལོ༡༩༨༧ ལ་ཨ་རིག་ཆོས་གྲྭ་ཆེན་མོ་ཕྱག་བཏབ་མཛད།
  • རབ་རྒྱན་ཤིང་ཕག་སྟེ་སྤྱི་ལོ༡༩༩༥ སྟོན་མཇུག་ལ་པེ་ཅིན་དུ་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་དགེ་རྒན་དུ་གདན་དྲངས་པ་ལྟར་ཕེབས། དེ་ནས་རྫོགས་སྤྲུལ་བདུན་པ་དང་བསོད་རྒྱལ་རིན་པོ་ཆེ་སོགས་ཀྱིས་གདན་ཞུས་བཞིན་དབྱིན་ཇི་དང་ཁ་ན་ཏ་སོགས་སུ་བྱོན།
  • རབ་རྒྱན་མེ་བྱི་སྟེ་སྤྱི་ལོ༡༩༩༦ ལ་དབུས་གཙང་གི་གནས་རྟེན་གཙོ་བོ་རྣམས་ལ་མཇལ་སྐོར་མཆོད་འབུལ་མཛད་མཐར་ནེ་པཱ་ལ་དང་རྒྱ་གར་སོགས་སུ་བྱོན། ལུམྦི་ནཱིའི་ཚལ་དུ་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་གྲལ་དབུར་ཕེབས་ཤིང་། རྡོ་རྗེ་གདན་དུ་སྔ་འགྱུར་སྨོན་ལམ་ཆེན་མོར་ཕེབས་པར་མ་ཟད་དེར་གསོ་སྦྱོང་གི་མཁན་པོ་མཛད།

རྣམ་ཐར་རགས་བསྡུས།

[རྩོམ་སྒྲིག]

ཞལ་སློབ་ཀྱི་ཚོགས།

[རྩོམ་སྒྲིག]

གདན་སའི་གནས་ཚུལ།

[རྩོམ་སྒྲིག]

གསུང་ཚོགས།

[རྩོམ་སྒྲིག]

དམ་པ་འདིས་བསྟན་བཅོས་མཛད་པའི་ཕྱག་ལས་ལ་ཆེད་དུ་རྩོལ་བ་མ་གནང་ཡང་འཆད་ཉན་བགྱིད་པའི་ཞོར་ལ་གསུངས་པ་རྣམས་ཀྱི་མཚན་ཙམ་སྨོས་ན་གཤམ་གསལ་ལྟར།

  • ངེས་འབྱུང་ལ་བསྐུལ་པའི་གཏམ།
  • བསྟན་པའི་གནས་ཚད་ཀྱི་སྐོར།
  • དཔལ་སྤྲུལ་ནམ་མཁའ་འཇིགས་མེད་དང་རྒྱལ་དབང་བཅུ་བཞི་པ་སོགས་དམ་པ་རྣམས་ལ་བསྟོད་པའི་ཚིགས་བཅད་སྣ་ཚོགས།
  • དགེ་རྩེའི་སྒྲ་ཊཱིཀ་གི་ལྷན་ཐབས།
  • རྡོ་རྗེ་གདན་དང་རི་བོ་མ་ལ་ཡ་སོགས་གནས་ཆེན་ཁག་ལ་བསྟོད་པའི་ཚིགས་བཅད་སྣ་ཚོགས།

བསྟན་རྒྱུན།

[རྩོམ་སྒྲིག]

རོང་བན། ༠༩:༢༠, ༡ ཟླ་བདུན་པ། ༢༠༡༡ (UTC)