User:རོང་བན།

ཡོང་ཁུངས་Wikipedia
bo བཀོལ་མི་འདི་ནི་བོད་རིགས་དང་བོད་སྐད་སྨྲ་མཁན་ཞིག་རེད།
bo བཀོལ་མི་འདི་ནི་བོད་ཡིག་ཝེ་ཁེ་རིག་མཛོད་ཚོགས་ཆུང་གི་ཚོགས་མི་རེད།
ཚིག་ཚན། entry 词条(条目)
སྨོན་ལམ་ཚིག་མཛོད་ལས།

ཚིག་མཛོད་ཀྱི་ནང་གི་རྩ་ཚིག་དང་འགྲེལ་བ་སོགས་ཚན་པ་སོ་སོར་ཕྱེས་པའི་ཚིག་ཕྲེང་གི་ཚན་པའོ། །
ཚིག་ཚན་ནི་ཝེ་ཁེ་རིག་མཛོད་ཀྱི་ཆེས་རྨང་གཞིའི་ཚན་པ་ཞིག་ཡིན་ཞིང་། ཤེས་བྱ་དང་ཆ་འཕྲིན་ཕྱོགས་བསྡུས་བྱེད་པའི་ཚན་པ་ཞིག་ལགས། གནད་ལ་འཁེལ་བའི་ཚིག་ཚན་ལ་དམིགས་བསལ་གྱི་བརྗོད་བྱ་དང་ལྡན་པ་མ་ཟད་གཙོ་གནད་དེར་ཕྱོགས་ཡོངས་ནས་གནད་བསྡུས་རང་བཞིན་གྱི་ཕྱོགས་བསྡོམས་དང་ལུང་འདྲེན་བྱས་ཡོད།

བཀོལ་མི་འདི་ཨེ་ཤེ་ཡ་ནས་རེད།。

ཕྲན་ཆུང་ནི་རང་ལོ་བཅུ་གསུམ་ནས་བཟུང་སྟེ་བོད་ཡིག་ཀ་ཁ་སྦྱོང་བའི་གོ་སྐབས་ཐོབ་ནས་རང་ལོ་ཉི་ཤུ་ལ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་མཐར་ཕྱིན་པ་ཞིག་ཡིན། དེ་ནས་ད་བར་དུ་བོད་ཀྱི་སྐད་ཡིག་ཁོ་ན་ལ་བརྟེན་ནས་སློབ་གསོ་དང་སློབ་ཁྲིད་ཀྱི་བྱ་བ་ལ་འབད་པའི་ཁུལ་ཡིན།

རང་ལོ་ཞེ་བཞི་ལ་སླེབས་པའི་བོད་རབ་རྒྱན་ལྕགས་ཡོས་༼ སྤྱི་ལོ༢༠༡༡༽ལོ་འགོར་ཝེ་ཁེ་རིག་མཛོད་ཅེས་པའི་རང་དབང་གི་རིག་མཛོད་ཆེན་མོ་ཞིག་ཡོད་པའི་གཏམ་སྙན་རྣ་བའི་བདུད་རྩིར་གྱུར། འོན་ཀྱང་རང་ཉིད་གནས་ཡུལ་གྱི་རྐྱེན་ལས་ནར་འགྱངས་སོང་ནས་ས་ག་ཟླ་བའི་ཚེས༢༨ ཉིན་གཞི་ནས་ཝེ་ཁེ་བོད་ཡིག་རིག་མཛོད་དུ་ཐོ་དངོས་སུ་བཀོད་དེ་སྤྱོད་པ་པོ་ཞིག་ཏུ་གྱུར། རང་ཉིད་རོང་ཁོག་ཏུ་སྐྱེས་པའི་བནྡེ་ཞིག་ཡིན་པའི་ཆ་ནས་རོང་བན་ཞེས་པའི་མིང་འདི་བཀོལ་བ་ཡིན་ལ། ཕྱིན་ཆད་དུས་ཀྱི་ཁོམ་ལོང་གང་ཡོད་དང་བསྟུན་ནས་རིག་མཛོད་འདིར་རང་ནུས་དབྱུང་བའི་སྨོན་འདུན་བཅས་སྣྲོན་ཟླའི་ཡར་ཚེས་དང་པོར་སྦྱར་བའོ། ། ༢༠༡༡་༧་༢ ཉིན།