དམུ་དགེའི་ཨ་ལགས་སྒོ་མང་ཚང་སྐུ་ཕྲེང་རིམ་བྱོན་གྱི་ལོ་རྒྱུས་མདོེར་བསྡུས།

ཡོང་ཁུངས་Wikipedia
ཁོང་གི་ངོ་སྤྲོད་སྙིང་བསྡུས། མཚན། སྐལ་བཟང་བཤད་སྒྲུབ་རྒྱ་མཚོ། སྐུ་ཕྲེང་། སྒོ་མང་སྐུ་ཕྲེང་གསུམ་པ། * འཁྲུངས་ཡུལ། ཟུང་ཆུ། * འཁྲུངས་འདས་ཀྱི་ལོ། 1906-1984 * དགོན་པ། དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན།

སྐུ་ཕྲེང་དང་བོ། ཟུང་ཆུ་མཁན་པོ་བློ་བཟང་དགེ་ལེགས།[རྩོམ་སྒྲིག]

དཔལ་ལྡན་བཀྲ་ཤིས་སྒོ་མང་[༡]གི་མཁན་པོ་མཛད་མཁན་ཟུང་ཆུ་དགེ་ལེགས་དམུ་དགེ་ནས་ཡིན་ལ། འདི་བ་རྒྱ་ནག་གོང་མའི་དབུ་བླར་ཕེབས། དམུ་དགེའི་ཤེས་རབ་རུ་ཞེས་པའི་སྡེ་བའི་ཁྱིམ་ཞིག་ཏུ་འཁྲུངས། གོང་མའི་དབུ་བླར་ཕེབས་ནས་སླར་ཡང་ལྷ་སར་ཕེབས་པར་མངོན་ཏེ། ཀུན་མཁྱེན་སྐུ་ཕྲེང་གསུམ་པ་རྗེ་འཇིགས་མེད་རྒྱ་མཚོ་དགུང་ལོ་བཅུ་དགུ་བ་ལྕགས་རྟ་(1810)ལོར་ཨ་མདོར་ཕེབས་ཁར། ཟུང་ཆུ་མཁན་པོ་བློ་བཟང་དགེ་ལེགས་ཀྱིས་ཕུལ་བའི་རྒྱ་ནག་མཆོད་བཤམས། རྒྱ་ནག་མཁན་པོ་ཟུང་ཆུ་བློ་བཟང་དགེ་ལེགས་སོགས་ཀྱིས་ཞབས་ཞུ་ཞུས་ཞེས་པ་འདི་བ་ཡིན། Template:གནས་ཚུལ་བསྡུས་པ།

སྐུ་ཕྲེང་གཉིས་པ། འཇིགས་མེད་དགེ་ལེགས་རྒྱ་མཚོ།[རྩོམ་སྒྲིག]

དེའི་སྤྲུལ་སྐུ་དངུལ་རའི་བློ་མུག་ལ་འཁྲུངས་པ་འཇིགས་མེད་དགེ་ལེགས་རྒྱ་མཚོ་ཆུ་གླང་(1853) ལོར་ཀུན་གཟིགས་མཆོག་ནས་ཐག་བཅད་དེ་བླུ་ཟོག་ཕལ་ཆེར་ཉིད་ནས་གནང་། སྤྲུལ་བའི་སྐུ་ལ་ཚེ་དབང་སོགས་བསྩལ་ཏེ་གདན་སར་བཀོད་དེ་ཐུགས་གཉེར་གནང་།

སྐུ་ཕྲེང་གསུམ་པ། བསྐལ་བཟང་བཤད་སྒྲུབ་རྒྱ་མཚོ།[རྩོམ་སྒྲིག]

དེའི་ཡང་སྤྲུལ་ཟུང་ཆུའི་མཁར་ནང་ནས་འཁྲུངས་པ་ཀུན་མཁྱེན་སྐུ་འཕྲེང་བཞི་བས་རབ་ཚེས་མེ་རྟ་(1906)ལོའི་མགོ་ཟླའི་ཚེས་བཅུ་གཅིག་ལ་ཐག་བཅད་པའི་ལེགས་སྐྱེས་སུ། སྐུ་གསུང་ཐུགས་རྟེན་ཕྲུག་སོགས་བསྟར་ཐོག་མཚན་ལ་བསྐལ་བཟང་བཤད་སྒྲུབ་རྒྱ་མཚོ་གསོལ། གདན་སར་བཀོད། རང་དགོན་དུ་ཚོགས་ཞུགས་གནང་ནས་སློབ་གཉེར་བྱས། དབུས་སུ་ཕེབས་ནས་སྒོ་མང་གྲྭ་ཚང་དུ་ཚོགས་ཞུགས་གནང་། རྗེ་ཁང་སར་རིན་པོ་ཆེ་དང་། སྐྱབས་རྗེ་ཕ་བོང་ཁ་བའི་མདུན་ནས་བཀའ་ཆོས་འགའཞིག་གསན། ཕྱིར་ཕེབས་ནས་རང་དགོན་གྱི་ཁྲིར་བཞུགས། ཕྱག་རྫས་གང་ཡོད་དཀོན་མཆོག་གི་ཞིང་སར་བསྔོས། བཅོས་བསྒྱུར་གྱི་གཡོ་འགུལ་ཆེན་པོའི་སྐབས་བཙོན་འོག་ཏུ་ཚུད་ནས་ལོ་དུ་མར་བསྡད། གློད་གྲོལ་རྗེས་རང་དགོན་སླར་གསོའི་སྐབས་གྲྭ་ཚང་ལ་བཀའ་འགྱུར་དང་བསྟན་འགྱུར་སོགས་དང་དངུལ་འབོར་ཆེན་སྤྱི་འཇོག་གནང་། རང་དགོན་དུ་གཟིམ་ཁང་ཕུབ། དགུང་ལོ་དོན་དགུ་བ་རབ་རྒྱལ་ཤིང་བྱི་(1984)ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།

དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན་གྱི་ནང་ཆེན་ཆེ་ཁག་དགུ།[རྩོམ་སྒྲིག]

  • སྒོ་མང་ཚང་གི་ནང་ཆེན།
  • ཧ་མཐའ་ཚང་གི་ནང་ཆེན།
  • བདེ་ཚང་བླ་མའི་ནང་ཆེན།
  • གླིང་རིན་པོ་ཆེའི་ནང་ཆེན།
  • སྔོ་ཐེར་ཚང་གི་ནང་ཆེན།
  • བར་ཞིངཚང་གི་ནང་ཆེན།
  • རྒྱམ་ཁོ་ཚང་གི་ནང་ཆེན།
  • གཞི་ཚང་ནང་ཆེན་བཅས་སོ།།

རྩོམ་དང་ལུང་ཁུངས།[རྩོམ་སྒྲིག]

  1. མཚན་ཆ་ཚང་། དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་། ཕྱག་བཏབས་པའི་ལོ། ༡༤༡༦ ལོ། ཕྱག་འདེབས་མཁན། འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པ། ཆོས་བརྒྱུད། དགེ་ལུགས།

“དམུ་དགེ་བཀྲ་ཤིས་འཁོར་ལོའིོ་དགོན་གྱི་བྱུང་བ་བཤེས་གཉེན་དམ་པའི་ཞལ་ལུང་།” རྩོམ་པ་བོ། དམུ་དགེའི་ཤེས་རབ་རྒྱ་མཚོའམ་དབྱངས་ལྡན་གྲུབ་པའི་གོ་ཆ། འདིའི་ནང་ནས་ཁོལ་འདོན་དང་གཞི་འཛིན་ས་བྱས་ཡོད།