Jump to content

དཀར་ཆག་འཕང་ཐང་མ།

ཡོང་ཁུངས་Wikipedia

དཀར་ཆག་འཕང་ཐང་མ་ནི། བོད་རྒྱལ་སད་ལ་ལེགས་མཇིང་ཡོན་ནམ། ཁྲི་ལྡེ་སྲོང་བཙན་ (༧༧༣-༨༡༥) གྱི་སྐབས། ལོ་ཙཱ་བ་བནྡེ་སྐ་བ་དཔལ་བརྩེགས་དང་། ཆོས་ཀྱི་སྙིང་པོ་དང་། ལྷའི་དབང་པོ་དང་། དཔལ་གྱི་ལྷུན་པོ་བཅས་ཀྱིས། འཕང་ཐང་ཀ་མེད་ཀྱི་གཙུག་ལག་ཁང་དུ་བཞུགས་པའི་བཀའ་བསྟན་རྣམས། ཚེག་བར་བརྒྱད་རེ་ལ་ཤློ་ཀ་རེ་དང་། ཤློ་ཀ་སུམ་བརྒྱ་ལ་བམ་པོ་རེའི་ཚད་དུ་བྱས་ཏེ་གཞུང་ཚད་དུ་གསར་སྒྲིག་མཛད་དེ་བཀོད་པའི་དཀར་ཆག་ཅིག་ཡིན། དཀར་ཆག་འདི་ཉིད་དང་། དཀར་ཆག་ལྡན་དཀར་མ་དང་། དཀར་ཆག་མཆིམས་ཕུ་མ་བཅས་ལ། སྔོན་གྱི་དཀར་ཆག་ཆེན་མོ་གསུམ་ཞེས་གྲགས།