Jump to content

དཀར་ཆག་ལྡན་དཀར་མ།

ཡོང་ཁུངས་Wikipedia

དཀར་ཆག་ལྡན་དཀར་མ་ནི། སྔ་འགྱུར་གྱི་ལོ་ཙཱ་བས་ཡིག་ཐོག་ཏུ་བཀོད་པའི་སྔོན་གྱི་དཀར་ཆག་ཆེན་མོ་གསུམ་གྱི་ཡ་གྱལ་ཞིག་ཡིན། བུ་སྟོན་རིན་ཆེན་གྲུབ་དང་། དཔའ་བོ་གཙུག་ལག་ཕྲེང་བས། དཀར་ཆག་འདི་བཙན་པོ་ཁྲི་སྲོང་ལྡེ་བཙན་ (༧༤༢-༧༩༧) གྱི་སྐབས་སུ་ཡི་གེར་བཀོད་པས། བཀའ་བསྟན་གྱི་དཀར་ཆག་ཐོག་མར་བཞེད་ཅིང་། སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་དང་། ཞུ་ཆེན་གྱི་ལོ་ཙཱ་བ་ཚུལ་ཁྲིམས་རིན་ཆེན་རྣམ་གཉིས་ཀྱིས། དཀར་ཆག་ལྡན་དཀར་མ་དང་། འཕང་ཐང་མ་གཉིས་ཀ་བཙན་པོ་ཁྲི་ལྡེ་སྲོང་བཙན་ (༧༧༣-༨༡༥) གྱི་སྐུ་དུས་སུ་ལོ་ཙཱ་བས་ཡི་གེར་བཀོད་ཀྱང་། འཕང་ཐང་མ་ནི་དཀར་ཆག་དང་པོ་དང་། ལྡན་དཀར་མ་ནི་དཀར་ཆག་གཉིས་པར་བཞེད།