Jump to content

དཀར་ཆག་མཆིམས་ཕུ་མ།

ཡོང་ཁུངས་Wikipedia

དཀར་ཆག་མཆིམས་ཕུ་མ་ནི། བཙན་པོ་ཁྲི་ལྡེ་སྲོང་བཙན་ (༧༧༣-༨༡༥) གྱི་སྐུ་དུས་སུ། ལོ་ཙཱ་བ་བནྡེ་སྐ་བ་དཔལ་བརྩེགས་སོགས་ཀྱིས། བསམ་ཡས་མཆིམས་ཕུའི་ལྷ་ཁང་གི་བཀའ་བསྟན་རྣམས་ལ་དག་ཐེར་མཛད་དེ་ཡི་གེར་བཀོད་པའི་དཀར་ཆག་ཅིག་ཡིན། དཀར་ཆག་འདི་ཉིད་དང་། དཀར་ཆག་ལྡན་དཀར་མ་དང་། དཀར་ཆག་འཕང་ཐང་མ་བཅས་ལ། སྔོན་གྱི་དཀར་ཆག་ཆེན་མོ་གསུམ་ཞེས་གྲགས།