ཀྲོང་མི།

ཀྲོང་མི་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།ཞེས་པའི་མི་རིགས་ཀྱི་མི་རེད། ཀྲོང་རིགསའདུས་སྡོད་བྱེད་ས་གཙོ་བོ་ནི་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཡིན་ལ། དེ་ལས་གཞན་ཡུན་ནན་དང་ཀོང་ཏུང་། ཧུའུ་ནན། ཀོས་ཀྲིག། སི་ཁྲོན་ཞིང་ཆེན་སོགས་སུའང་ཉུང་ཤོས་ཤིག་ཡོད་པ་དང་། ཁྱོན་སྡོམ་མི་གྲངས ༡༦༩༢༦༣༨༠ ལྷག་ཡོད། གྲངས་ཉུང་མི་རིགས་ཀྱི་ཁྲོད་དུ་ཀྲོང་རིགས་ནི་མི་གྲངས་ཆེས་མང་བའི་མི་རིགས་ཤིག་ཡིན། ཁོ་ཚོས་བཀོལ་བཞིན་པའི་ཀྲོང་ཡིག་ནི ༡༩༥༥ ལོར་གསར་བཟོ་བྱས་ཤིང་། ༡༩༨༢ ལོར་བཟོ་བཅོས་བརྒྱབ་ནས་གཏན་ཁེལ་བྱས་པ་རེད།
ཀྲོང་རིགས་གཞོན་ནུའི་གྱོན་ཆས་རྒྱ་རིགས་དང་འདྲ་ལ་མཐའ་འཁོབ་ས་ཁུལ་དུ་སྔར་བཞིན་རང་མི་རིགས་ཀྱི་གོན་པ་གྱོན་པའི་ཁྱད་ཆོས་རྒྱུན་འཛིན་བྱས་ཡོད། སྐྱེས་པ་ཚོས་གོང་བ་མེད་པའི་སྟོད་ལྭ་དང་རྐང་སྣམ་རིང་བོ་གོན་ཞིང་སྐ་རགས་བཅིངས་པ་དང་རས་དཀར་བོའི་མགོ་རས་དཀྲིས་ཡོད། ཀྲོང་རིགས་ཀྱི་རྩོམ་རིག་གཙོ་བོ་ནི་ངག་རྒྱུན་རྩོམ་རིག་ཡིན། དེའི་ནང་དུ་ལྷ་སྒྲུང་དང་གཏམ་རྒྱུད། ངག་རྒྱུན། གླུ་སོགས་འདུས། ཀྲོང་རིགས་ནི་གླུ་ལེན་པར་མཁས་པའི་མི་རིགས་ཤིག་ཡིན། མིང་དུ་གྲགས་ཤིང་ཀུན་ལ་ཁྱབ་པའི་ལྱིག་སན་ཅའེ་ཡི་ངག་རྒྱུན་དང་གླུ་དབྱངས་དག་ལ་མང་ཚོགས་ཀྱིས་དགའ་བསུ་ཐོབ་ཅིང་། ཀྲོང་རིགས་མི་དམངས་ཀྱིས་ལས་སྣོན་བྱས་པ་དང་ཕུན་ཚོགས་སུ་བཏང་བ་བརྒྱུད། གཏམ་རྒྱུད་ཀྱི་བྱུང་རིམ་ཚད་མཐོན་པོ་ཞིག་ལ་བསླེབས་པས། རིགས་སོ་སོའི་མི་དམངས་ཀྱིས་དགའ་མགུ་ཡི་རང་བྱེད་ཀྱིན་ཡོད། ཀྲོང་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཏེ་ཟླ་གསུམ་པའི་ཚེས་གསུམ་གྱི་གླུ་གར་ནི་ཧ་ཅང་གཟབ་རྒྱས་ཆེ་ཞིང་གཙོ་བོ་ཕན་ཚུན་བར་དུ་གླུ་ལེན་རེས་བྱེད་པ་དེ་ཡིན།
ཀྲོང་རིགས་མི་དམངས་ཧ་ཅང་དགའ་བའི་ཟས་ནི་མདོག་ལྡན་ཆང་འབྲས་ཡིན། ཆང་འབྲས་དེ་ནི་ལས་སྣོན་བྱས་ནས་བཙོས་རྗེས་མདོག་སྣ་ཁ་དྲུག་བདུན་ཙམ་མངོན་ཞིང་ཟོས་ན་ཧ་ཅང་ཞིམ། ཀྲོང་རིགས་འདུས་སྡོད་བྱེད་པའི་ས་གནས་སུ་ད་དུང་མག་པར་འགྲོ་བའི་སྲོལ་དེ་རྒྱུན་འཛིན་བྱས་ཡོད། མག་པ་དེ་ཁྱིམ་ཚང་དང་སྡེ་མི་ཚང་མས་བརྩི་བཀུར་བྱེད་པས་རང་སྡེའི་སྐྱེས་པ་གཞན་དང་འདྲ་མཉམ་ཡིན། ཀྲོང་རིགས་མི་དམངས་ཀྱི་ལོ་སར་ལ་རང་གི་ཁྱད་ཆོས་ཡོད། ཚེས་གཅིག་གི་ནངས་མོར་བུད་མེད་ཚོ་ཆུ་ལེན་དུ་འགྲོ་དུས་གོན་པ་གསར་བ་གྱོན་ཞིང་ལག་ཏུ་ནོར་དང་རྟ། ལུག ཕག ཁྱི། བྱི་ལ་བཅས་མཚོན་པའི་རྡོ་བཟུང་ནས་དེ་དག་གི་སྐད་ལ་ལད་མོ་བྱེད་ལ། དེ་ནི་ཕྱུགས་རིགས་འཕེལ་བའི་རྟེན་འབྲེལ་མཚོན་པ་དང་། ཆུ་ཁུར་ནས་ཕྱི་ར་བསླེབས་རྗེས་ཆུའི་ནང་དུ་ཀ་ར་ནག་པོ་དང་སྨྱུག་མའི་ལོ་མ། ཙོང་གི་མེ་ཏོག ལྒ་སྨུག་བཅས་འཕངས་ནས་གདུས་རྗེས་ཁྱིམ་གང་བོ་དང་མགྲོན་པོ་ཚོས་མཉམ་དུ་འཐུང་ནས་ལོ་སར་ལ་རོལ་པ་དེ་ནི་མི་ཚང་མ་སྤྱང་གྲུང་འཛོམ་པའི་ཆེད་དུ་ཡིན།
ཀྲོང་རིགས་མི་དམངས་ཀྱི་སྲོལ་རྒྱུན་ལུས་རྩལ་བྱ་འགུལ་ཕྲག་ཤིང་རྒྱག་པ་དང་། དར་མདུད་གྲུ་གུ་གཡུག་པ་སོགས་ཡོད། ལུས་རྩལ་བྱ་འགུལ་དེ་དག་བརྒྱུད་ནས་གཞོན་ནུ་མི་ཉུང་བ་ཞིག་གི་བར་དུ་མཛའ་བརྩེ་ཆགས་ཤིང་། ཕན་ཚུན་རྒྱུས་ལོན་རྗེས་ཐུན་མོང་གིས་ངལ་རྩོལ་ལ་འབད་བརྩོན་བྱེད་བཞིན་ཡོད།
ལོ་རྒྱུས།
[རྩོམ་སྒྲིག]མི་འབོར།
[རྩོམ་སྒྲིག]ཆོས་ལུགས།
[རྩོམ་སྒྲིག]པར་རིས་བར་འཁྱམས།
[རྩོམ་སྒྲིག]ཟིན་ཐོ་འམ་དཔྱད་གཞི།
[རྩོམ་སྒྲིག]དཔྱད་གཞིའི་དཀར་ཆག།
[རྩོམ་སྒྲིག]ད་དུང་གཟིགས།
[རྩོམ་སྒྲིག]ཕྱི་ཕྱོགས་དྲ་མཐུད།
[རྩོམ་སྒྲིག]ཤར་རྒྱ་ནག། | Gaoshan · ཧྲེ་མི། |
---|---|
ལྷོ་དབུས་རྒྱ་ནག། | ཅིང་མི། · མའོ་ནན་མི། · མུའུ་ལའོ་མི། · ལི་མི། · ཐུའུ་ཅ་མི། · ཡའོ་མི། · ཀྲོང་མི། |
ཡུན་ནན་ཞིང་ཆེན། | ཨ་ཁྲང་མི། · པའེ་མི། · པུའུ་ལང་མི། · ཏའེ་མི། · ཏེ་ཨང་མི། · ཏུའུ་ལུང་མི། · ཅིང་ཕོ་མི། · ཅི་ནུའོ་མི། · ཧ་ཉི་མི། · ལ་ཧུའུ་མི། · ལི་སུའུ་མི། · ཕུ་འུ་སྨི་མི། · Nakhi · ནུའུ་མི། · དབའ་མི། |
ལྷོ་ནུབ་རྒྱ་ནག། | པུའུ་དབྱི་མི། · ཏུང་མི། · ཀོ་ལའོ་མི། · ལྷོ་པ། · མིའོ་མི། · མོན་པ། · ཧྲུའེ་མི། · བོད་མི། · ཆའང་མི། · དབྱི་མི། · ཅིང་ཕོ་མི། |
བྱང་རྒྱ་ནག། | ཏ་ཝོར་མི། · ཨོ་ཝུན་ཁེ་མི། · སོག་པོ། · ཨོ་ལུན་ཁྲུན་མི། |
གི་བྱང་ཤར་རྒྱ་ནག། | ཧོ་ཀྲེ་མི། · Korean · Manchu |
ནུབ་བྱང་རྒྱ་ནག། | པའོ་ཨན་མི། · ཏུང་ཞང་མི། · Kazakh · Kirgiz · Russian · ས་ལར་མི། · ཏ་ཟིག་མི། · ཧོར་མི། · ཐ་ཐར་མི། · ཡུལ་གོར་མི། · ཨུ་ཛི་བྷེ་ཁི་མི། · ཞི་པོ་མི། · ཡུས་ཀུའུ་མི། |
Dispersed | རྒྱ་མི། · ཧུད་མི། |