གཡོ་སྐར།
མཚན་ཉིད།
[རྩོམ་སྒྲིག]གཡོ་སྐར་ཞེས་པ། རང་ངོས་ནས་འོད་འབྱིན་མི་ཐུབ་པར་ཉི་འོད་ལ་ལྟོས་ནས་འོད་འབྱིན་ཞིང་ཉི་མར་བསྐོར་ནས་རྒྱུ་བའི་གོ་ལ་དག་གོ ཞེས་རྒྱ་བོད་དབྱིན་གསུམ་གསར་བྱུང་ རྒྱུན་བཀོལ་མིང་མཛོད་ལས་བྱུང་།
སྤྱིར་གཡོ་སྐར་ཞེས་པ་ཉི་མའམ་བརྟན་སྐར་གཞན་དག་ལ་བསྐོར་ནས་རྒྱུ་ཞིང་རང་གི་སྤུས་ཚད་གཟའ་ཕུར་བུ་ལས་མི་བརྒལ་བའི་གོ་ལ་ཆེ་གྲས་རྣམས་ལ་ཟེར། གཡོ་སྐར་གྱི་ མཚན་ཉིད་ཐད་ད་བར་དུ་རྩོད་གླེང་ཆེ་ཡང་། སྤྱི་ལོ༢༠༠༦ ཟླ༨ ཚེས༢༤ ཉིན་རྒྱལ་སྤྱིའི་གཟའ་སྐར་རིག་པའི་མཉམ་འབྲེལ་ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི་གཡོ་སྐར་དུ་འཇོག་བྱེད་གསར་པ་ལ་དོན་གསུམ་སྟེ།
·བརྟན་སྐར་ལ་བསྐོར་ནས་རྒྱུ་བའི་ནམ་མཁའི་གོ་ལ་ཡིན་ངེས་པ།
·རང་གི་སྤུས་ཚད་ཆེ་ངེས་ཅན་དང་རང་ལ་ལྡན་པའི་འཐེན་ཤུགས་དེ་འཁོར་འགྲོས་ཀྱི་ཚད་དང་སྙོམས་པོ་ཡོད་པས་འཇོང་དབྱིབས་སུ་གྱུར་པ།
·གོ་ལའི་རང་ལམ་གྱི་ཉེ་འཁོར་གཙང་སིང་ངེར་གྱུར་ནས་སྐོར་འགྲོས་འཁོར་ལམ་གྱི་ནང་ཁོངས་སུ་རང་ལས་ཆེ་བའི་གོ་ལ་གཞན་ཡོད་མི་རུང་བའོ། །
ད་དུང་གཟིགས།
[རྩོམ་སྒྲིག]དཔྱད་གཞི།
[རྩོམ་སྒྲིག]ཕྱི་ཕྱོགས་དྲྭ་མཐུད།
[རྩོམ་སྒྲིག]རོང་བན། ༠༥:༠༠, ༡༤ ཟླ་བདུན་པ། ༢༠༡༡ (UTC)