Talk:ངོ་ཆེ་

Page contents not supported in other languages.
ཡོང་ཁུངས་Wikipedia

ངོ་ཆེ་ནི་བོད་ཀྱི་རུས་བརྒྱུད་ཚོ་ཁག་ཞིག་གི་མིང་ཡིན་ཅིང་མི་རིགས་དེ་ནི་བོད་མདོ་ཁམས་སོགས་སུ་དར་ཁྱབ་ཆེ་ཞིང་ཕྱིས་སུ་མདོ་དབུས་མཐོ་སྒང་རྒྱུད་ནས་སྟོད་མངའ་རེས་ཕྱོགས་སུ་ཡང་དར་ཁྱབ་ཆེན་པོ་བྱུང་ཡོད་། རིགས་བརྒྱུད་དེ་ནི་བོད་ཀྱི་ཆེས་སྔ་གྲས་ཀྱི་རུས་བརྒྱུད་ཚོ་ཁག་ཞིག་ཡིན་ལ་རིགས་བརྒྱུད་དེས་ལས་རིགས་ཕལ་ཆེ་བ་བོད་ཀྱི་གསོ་པ་རིགས་ཡིན་ལ་། གསོ་བ་རིགས་པའི་ལས་རིགས་ཐོག་ནས་སྤྱི་ཚོགས་ལ་ལེགས་སྐྱེས་དང་ཞབས་ཞུ་བསྒྲུབས་པ་དང་ནང་པའི་ཆོས་ལ་དད་པ་ཆེ་ཞིང་དགེ་སེམས་ཆེ་བའི་མི་རིགས་གཅིག་རེད་། མི་རིགས་དེ་ནི་ཆོས་སེམས་ཆེ་ལ་ངང་བརྒྱུད་རིང་བ་ཞི་ཞིང་དུལ་ལ་བློ་བསྟོབས་ཆེ་བ་།གཞན་ཕན་གྱི་བྱམས་སེམས་ཆེ་ཞིང་བློ་རིགས་བཀྲ་ཞིང་ལས་ལ་བརྩོན་པའི་རིགས་བརྒྱུད་ཞིག་རེད་། རིགས་རྒྱུད་དེ་ནི་ད་བསྐབས་བོད་མདོ་ཁམས་ས་ཕྱོགས་གང་སར་གནས་ཞིང་ལྷག་པར་དུ་མདོ་ཁམས་ནང་ཆེན་དང་།རི་བོ་ཆེ་།་སྟེང་ཆེན་།་ཚ་བ་སྒང་།རྫ་སྟོད་།ཡུལ་ཤུལ་།ཆུ་དམར་།སོག་རྫོང་།སྦྲ་ཆེན་།དུས་རབས་༡༡་རྗེས་སུ་སྟོད་མངའ་རིས་ཕྱོགས་སུ་དགེ་རྒྱས་དང་འབྲོང་པ་རྫོང་ཁོངས་བཅས་དང་ཕྱིས་སུ་དབུས་ཕྱོགས་སུ་ཁྱབ་བརྡལ་དུ་ཕྱིན་ཡོད་