ངོ་ཆེ་

ཡོང་ཁུངས་Wikipedia

༄༅། ། ངོ་ཆེ་ནི་གདོད་མའི་བོད་ཀྱི་རུས་བརྒྱུད་ཚོ་ཁག་ Clan ཞིག་ཡིན་ཅིང་མི་རིགས་དེ་ཐོག་མ་བོད་གང་ཅན་ལྗོངས་རི་བོ་ཧི་མ་ཡའི་རྒྱུད་དུ་དར་ཞིང་རྒྱས་པ་དང་རིམ་བཞིན་བོད་ཀྱི་སྟོད་མངའ་རིས་ཕྱོགས་སུ་འཕེལ་འགྱུར་དང་ཕྱིས་སུ་ནི་བོད་མདོ་ཁམས་ཕྱོགས་སུ་དར་ཁྱབ་ཆེ་ཞིང་རྗེས་སུ་ཡང་བསྐྱར་སུ་མདོ་དབུས་མཐོ་སྒང་རྒྱུད་ནས་སྟོད་དབུས་ཕྱོགས་སུ་ཡང་ཁྱབ་ཆེན་པོ་བྱུང་འདུག། རིགས་བརྒྱུད་དེ་ནི་རྡོ་ཆས་དུས་རབས་Stone Age ཙམ་ནས་བརྒྱུད་པའི་བོད་ཀྱི་ཆེས་སྔ་གྲས་ཀྱི་གདོད་མའི་རུས་བརྒྱུད་ཚོ་ཁག་ཞིག་ཡིན་པ་དང་བཙན་པོའི་རྒྱལ་རབས་དབུ་མ་བརྙེས་པའི་གོང་ནས་གནའ་བོ་བོད་ཀྱི་མེས་པོའི་རིགས་ཁུང་ཡིན་ལ་རིགས་བརྒྱུད་དེའི་ལས་རིགས་ཕལ་ཆེ་བ་བོད་ཀྱི་གསོ་བ་རིགས་པ་རྩིས་རིག་བཅས་ཡིན་ལ། གསོ་བ་རིགས་པའི་ལས་རིགས་ཐོག་ནས་སྤྱི་ཚོགས་ལ་ལེགས་སྐྱེས་དང་ཞབས་ཞུ་བསྒྲུབས་པ་དང་གནའ་བོའི་དུས་སུ་བོན་ཆོས་དང་དེ་རྗེས་ནང་པ་སངས་རྒྱས་པའི་ཆོས་ལ་དད་པ་ཆེ་ཞིང་དགེ་སེམས་ཆེ་བའི་མི་རིགས་གཅིག་རེད། མི་རིགས་དེ་ནི་བྱམས་སེམས་ཆེ་ལ་ངང་བརྒྱུད་རིང་བ་ཞི་ཞིང་དུལ་ལ་བློ་བསྟོབས་ཆེ་བ། གཞན་ཕན་གྱི་བྱམས་སེམས་ཆེ་ཞིང་བློ་རིགས་བཀྲ་ཞིང་ལས་ལ་བརྩོན་ཞིང་རྟུལ་ཕོད་ཆེ་བའི་རིགས་བརྒྱུད་ཞིག་རེད། རིགས་རྒྱུད་དེ་ནི་ད་བསྐབས་བོད་མདོ་ཁམས་ས་ཕྱོགས་གང་སར་གནས་ཞིང་ལྷག་པར་དུ་མདོ་ཁམས་ནང་ཆེན་དང།སྡེ་དགེ།རི་བོ་ཆེ།་སྟེང་ཆེན།་ཚ་བ་སྒང།རྫ་སྟོད།ཡུལ་ཤུལ།ཆུ་དམར།སོག་རྫོང་།སྦྲ་ཆེན།དུས་རབས་༡༡་རྗེས་སུ་སྟོད་མངའ་རིས་ཕྱོགས་སུ་དགེ་རྒྱས་དང་འབྲོང་པ་རྫོང་ཁོངས་བཅས་དང་། ཕྱིས་སུ་དབུས་ཕྱོགས་སུ་ཁྱབ་བརྡལ་དུ་ཕྱིན་ཡོད་པ་མ་ཚད། དེང་སང་ཨ་མེ་རི་ཁའི་གླིང་ཆེན་དང་། ཡོ་རོབ་གླིང་ཆེན་དང་། འཛམ་གླིང་ཤར་ནུབ་གང་སར་ཁྱབ་བརྡལ་དུ་ཕྱིན་ཡོད།


https://bo.m.wikipedia.org/wiki/%E0%BD%96%E0%BD%BC%E0%BD%91%E0%BC%8B%E0%BD%80%E0%BE%B1%E0%BD%B2%E0%BC%8B%E0%BD%82%E0%BD%93%E0%BD%A0%E0%BC%8B%E0%BD%98%E0%BD%B2%E0%BD%A0%E0%BD%B2%E0%BC%8B%E0%BD%A2%E0%BD%B4%E0%BD%A6%E0%BC%8B%E0%BD%9A%E0%BD%93%E0%BC%8B

"https://bo.wikipedia.org/w/index.php?title=ངོ་ཆེ་&oldid=138999"ལས་སླར་རྙེད་སོང།