Help talk:རྒྱན་ལྡན་དྭོགས་འདྲི།

Page contents not supported in other languages.
ཡོང་ཁུངས་Wikipedia

ཁྱེད་ཀྱི་འདི་རུ་མཚེར་ས་གསར་བ་ཞིག་བཟུང་བ་དགའ་སྟོན་འབྲེལ་ཞུ འདི་རུ་མ་འོངས་བར་བོད་ཡིག་ལ་དབང་བའི་འཇིག་རྟེན་ཆེན་པོ་ཞིག་ཡོད་པའི་སྨོན་འདུན་ཞུ། ང་ཡང་དེ་བཞིན་ཡིན

== ངའི་མི་ཚིའི་འཕོ་འགྱུར། ==WhiteBoy7thst

7གུས་པ་ནི་ཕྱcatི་ལོ་༡༩༨༡་ཟླ་༣་ཚེས་༢༤་༼སྐྱེས་ཚེས་ངོ་མ་༡༩༧༤ལོ༽ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་༼ཁམས་དཀར་མཛེས༽ལ་སྐྱེས་ཤིང་། ངའི་སྐྱེས་ལོ་དང་སྐྱེས་ཡུལ་ནི་ང་སྐྱབས་བཅོལ་ལག་དེབ་བཟོས་པ་དང་མཉམ་དུ་བཟོས་པ་ཡིན་པས་ཁྲིམས་ཐོག་ནས་ང་དངོས་ཡོད་ལས་ལོ་ཤས་ཆུང་དུ་ཕྱིན་ཡོད་པ་མ་ཟད། ངའི་ཕ་མ་གཉིས་རྒྱ་གར་དུ་གཏན་ནས་སླེབས་ཐུབ་མེད་ཀྱང་། ང་ཚོ་ལ་རང་དབང་གི་ལུང་པ་ཞིག་མེད་སྟབས་ང་ས་འདིར་སྐྱེས་རྫུན་བཏབ་དགོས་བྱུང་། ཕྱི་ལོ་ ༢༠༠༨ ཟླ ༨ ཚེས ༨ ཉིན་མོ་ནི་རྒྱ་ནག་པེ་ཅིང་ཏུ་ཨོ་རྩལ་འགྲན་ཚོགས་འགོ་འཛུགས་པའི་these are boxesཉིན་མོ་དེ་རེད། ཉིན་དེར་འཛམ་གླིང་འདིའི་སྟེང་དུ་གསར་འགྱུར་ཆེ་ཆུང་སྣ་ཚོགས་ཤིག་བརྙན་འཕྲིན། རླུང་འཕྲིན། དྲ་རྒྱ། ཚགས་ཤོག་སོགས་ཀྱི་གསར་འགོད་པ་ཕལ་ཆེ་བས་ཨོ་རྩལ་འགྲན་ཚོགས་ཀྱི་སྐོར་རྒྱང་སྲིངས་དང་རྩོམ་སྒྲིག་གི་ལས་ལ་བྲེལ་བཞིན་ཡོད་ངེས་རེད། དེ་བཞིན་ཨོ་རྩལ་དང་འབྲེལ་བ་གཏན་ནས་མེད་པའི་གནས་ཚུལ་མང་པོ་ཞིག་བྱུང་ཡོད་པ་གདན་མི་ཟ། གོང་གསལ་ནི་ཉིན་འདིར་བྱུང་བ་སྤྱི་ཙམ་ཞིག་རེད། དེ་རིང་ངས་འདིར་ང་རང་སྒེར་གྱི་མི་ཚེའི་འགྱུར་བ་ཆེན་པོ་ཞིག་ཉིན་འདི་ལ་བྱུང་བ་དེ་སྐོར་ཞིག་ཞིབ་པར་འབྲི་འདོད་སྐྱེས། དེ་ཡང་ཉིན་འདིའི་སྔོན་ཙམ་ལ་ངས་ཁོ་མོར་ཁ་པར་ཐོག་ནས་འདིར་འཛམ་དུས་བྱས་པ་བཞིན་ཉིན་དེར་མོ་ཡང་ཏག་ཏག་སླེབས་བྱུང་། མོའི་ཕ་མ་གཉིས་ལ་འགྲོ་དོན་ཕར་བཤད་མ་དགོས་པར་ཕ་མས་ཚུར་ལས་ཀ་ཆུང་ཙག་ཞིག་གི་ཆེད་དུ་གྲོང་རྡལ་དེར་མངགས་འདུག སྟབས་མ་ལེགས་པར་ནམ་རྒྱུན་གྱི་ཞག་སྡོད་བྱེད་སའི་མགྲོན་ཁང་མ་ལུས་པར་ཁེངས་འདུག དེ་ནི་སྐབས་དེར་གྲོང་རྡལ་དེར་ཚོགས་འདུལ་ཆེན་པོ་ཞིག་གི་སྐབས་དང་ཁེལ་བ་མ་ཟད། ཁང་མིག་ཁ་ཤས་ཡོད་པ་དེ་ཚོ་ཡང་མི་ཚོས་སྔོན་ནས་གླས་ཚར་འདུག ཡར་མར་རྒྱུགས་ནས་མགྲོན་ཁང་ཚང་མ་གཤེར་ཡང་སྡོད་ཁང་ཞིག་མ་རག དུས་ཚོད་ནི་བཅུ་གཉིས་ཟིན་ལ་ཉེར།

དྲུག་འགྱུར[རྩོམ་སྒྲིག]

twitter བོད་མི་རིགས་འདི་གསོན་དགོས་ན། མི་རིགས་རང་གི་སྐད་ཡིག་གིས་གོ་གནས་ཤིག་འཛིན་ཐུབ་དགོས། དེ་ཡང་ཉིན་རེ་ཉིན་རེའི་འཚོ་བའི་ནང་འཛིན་ཐུབ་དགོས། བསམ་ཚུལ་འདི་འདྲར་བརྟེན། རྒྱུན་བཀོད་ཀྱི་དྲ་ལམ་ཁ་ཤས་ཤིག་གི་ལས་རྟགས་དང་མིང་སོགས། བོད་ལུགས་སུ་བཟོ་ཐུབ་ན་བསམ་ནས། བོད་ལུགས་སུ་བཟོ་བཀོད་བྱས་ཏེ་མིང་བཏགས་ཡོད། འོན་ཀྱང་། ཀུན་ལ་འདོད་པ་ཡོད་ན་ང་ཚོའི་སྐད་ཡིག་སྲུང་སྐྱོབ་ལ་ཕན། སྤྱིར་འདི་དག་ལ་བོད་ཕྱི་ནང་གཉིས་སུ་མིང་འབོད་སྟངས་མི་འདྲ་མོད། གུས་བས་འདི་ལྟར་བཏགས་ན་བསམ། (Blog) ཟིན་བྲིས། འདི་ཡོངས་ཁྱབ་རེད། ( Facebook)ངོ་དེབ། འདི་ལ་གདོང་དེབ་ཟེར་མཁན་ཡང་འདུག་མོད། ཁྱད་པར་ཆེན་པོ་མཐོང་མ་སོང་། ( Twitter)དྲུག་འགྱུར། འདི་ལ་འཕྲུལ་སྒྲའམ། འཕྲིན་སྒྲ་སོགས་འདྲ་མིན་འདོད་ཀྱང་དོན་ལ་མི་གནས། དྲུག་འགྱུར་ཞེས་བཏགས་ན་བཟང་སྙམ། དྲུག་འགྱུར་ནི་ཅོ་ཀའི་དྲུག་འགྱུར། ཅོ་ཀ་ནི་བོད་རང་ན་མ་གཏོགས་མེད་པའི་བྱེའུ་ཞིག་གི་སྐད་ཡིན་ལ། དཔྱིད་དུས་ཅོ་ཀས་དྲུག་འགྱུར་གྱེར་ནས་དགུང་ལ་བསྟོད། ཅོ་ཀས་སྐད་ཐུང་ཐུང་སྣ་ཚོགས་འབྱིན་པས་ད་ལྟའི་དྲ་ལམ་ (Twitter) གྱི་བྱེད་ལས་དང་མཚུངས། དེར་བརྟེན། དྲུག་འགྱུར་ཞེས་བཏགས་ན་རན་པར་མཐོང་། ལས་རྟག་གིས་ཆ་ནས་ཀྱང་བྱིའུ་ཡིན་པ་འདྲ་།

ངའི་མཐོང་སྣང་གི་འཇིག་རྟེན།[རྩོམ་སྒྲིག]

ངའི་མཐོང་སྣང་གི་འཇིག་རྟེན། ཚན་རིག་པ་ཨེལ་བྷར་ཊི་ཨེན་སི་ཊྲན་གྱིས་བརྩམས། སྒོ་དམར་སངས་རྒྱས་བཀྲ་ཤིས་ཀྱིས་བསྒྱུར།

ང་ཚོ་ཚང་མ་མི་རྟག་པ་ཡིན་པ་ནི་ཇི་འདྲའི་ཁྱད་མཚར་བ་ཞིག་རེད་ཨང༌། ང་ཚོ་ཚང་མ་འདི་གར་འགྲུལ་མཚམས་ཞག་སྡོད་ཙམ་ ལ་འཚོ་ཞིང༌། སྐབས་རེར་ཁོས་དེ་ཉིད་ཚོར་བཞིན་ཡོད་བསམས་ཀྱང༌། དགོས་པ་ཅི་ཞིག་གི་ཆེད་དུ་ཁོས་དེ་ཉིད་མ་རྟོགས་པ་ཡིན་ ནམ། འོན་ཀྱང༌། རྟོགས་ཞིབ་ཞིབ་མོ་བྱེད་མི་དགོས་པར་མི་ཞིག་གིས་ཉིན་རེའི་འཚོ་བའི་ཁྲོད་ནས་ཀྱང་རང་ཉིད་གཞན་གྱི་ཆེད་དུ་ འཚོ་བཞིན་པ་རྟོགས་ཐུབ། ཐོག་མ་དེར་སུ་ཞིག་གི་འཛུམ་མདངས་དང་རླུང་རྟའི་ཐོག་ལ་ང་ཚོའི་སྤྲོ་སྣང་འདི་ཁྱོན་ཡོངས་ནས་བརྟེ ན་པ་དང༌། དེ་ནས་ང་ཚོས་ངོ་མི་ཤེས་པའི་གཞན་དག་གྲངས་ལས་འདས་པ་དེ་དག་གི་ལས་དབང་ལ་ང་ཚོའི་གདུང་སེམས་མཉམ་ སྐྱེད་ཀྱི་སྒྲོག་གུས་འཆིང་ནས་ཡོད་པ་རེད། བདག་གི་འཚོ་བའི་ཕྱི་ནང་གཉིས་ཀྱི་སྟེང་ནས་འདས་ཟིན་པ་དང་འཚོ་གནས་བྱེད་བཞི ན་པའི་ངལ་རྩོལ་བ་གཞན་དག་མང་པོ་ཞིག་གི་རྩོལ་བར་བརྟེན་བཞིན་ཡོད་པས། འདི་ལྟར་ངས་རང་ཉིད་ལ་འབྱོར་ཟིན་པ་དང་འ བྱོར་བཞིན་པའི་གཞན་གྱི་རྩོལ་བ་དང་དོད་མཚུངས་པའི་ལེགས་སྐྱེས་ཤིག་ཕར་ཕུལ་ཐུབ་པར་ནམ་ཡང་འབད་བརྩོན་བྱེད་དགོས་ ཞེས་ཉིན་རེར་ལན་གྲངས་བརྒྱ་ཕྲག་ཙམ་རང་ཉིད་ལ་དྲན་སྐུལ་བྱེད་བཞིན་ཡོད།

ངས་སོས་དལ་དང་སྤྲོ་སྐྱིད་གཉིས་ནམ་ཡང་མི་ཚེའི་དམིགས་ཡུལ་ལ་འཛིན་མ་མྱོང་བ་མ་ཟད། དེ་གཉིས་ནི་ཕག་ཚང་གི་དཔེར་མཚོ ན་རྨ་མེད་པ་ཅིག་ཏུ་ངོས་འཛིན་བཞིན་ཡོད། ངའི་མི་ཚེ་འདིར་འོད་སྣང་སྦྱིན་མཁན་དང་དུས་དང་དུས་སུ་བདག་ལ་མི་ཚེ་འདི་སྤྲོ་ སྣང་ལྡན་པའི་སྒོ་ནས་སྐྱེལ་བར་ནུས་ཤུགས་རྩོལ་མཁན་ནི་རྨད་དུ་བྱུང་བའི་བྱམས་བརྩེ་དང༌། མཛེས་སྡུག བདེན་པ་བཅས་ཡིན། བློ་ མཐུན་པའི་མི་ལ་སྤུན་ཉེའི་འདུ་ཤེས་མེད་པ་དང༌། ཕྱིའི་འཇིག་རྟེན་ལ་བདག་འཛིན་གྱི་བསམ་པ་མེད་པར། མཐའ་ཟིན་དུ་མེད་པ འི་སྒྱུ་རྩལ་དང་ཚན་རིག་གི་ཤེས་བྱར་བརྩོན་པ་མེད་ན། ང་ལ་མཚོན་ན་མི་ཚེ་ནི་སྟོང་ལྷང་ངེ་བ་ཞིག་ལས་མ་འདས་ལ། འགྲོ་བ་མིའི ་འབད་རྩོལ་གྱི་དཀྱིས་མའི་དམིགས་ཡུལ་སྟེ། རྒྱུ་འབྱོར་བ་དང༌། ཕྱི་ཚུལ་གྱི་ལེགས་གྲུབ། རྒྱས་སྤྲོས་བཅས་ནི་ང་ལ་མཚོན་ན་ནམ་ཡ ང་ཁྱད་གསོད་བྱ་ཡུལ་ཞིག་ལས་མ་འདས།

སྤྱི་ཚོགས་ཀྱི་དྲང་བདེན་དང་འོས་འགན་ཕྱོགས་སུ་བདག་གི་སེམས་ཚོར་འདི་ངའི་ཡོངས་གྲགས་ཀྱི་ཞན་ཆ་སྟེ། འགྲོ་བ་མི་གཞན་ད ང་མིའི་སྤྱི་ཚོགས་འདིར་ཐད་ཀར་འབྲེལ་བ་བྱེད་པའི་དགོས་པ་འདི་དང་ནམ་ཡང་ཡ་མེད་ངང་མཚུངས་བསྡུར་བྱེད་བཞིན་མཆིས། དོན་གྱིས་ཀྱང་ང་ནི་ཁེར་རྐྱང་གི་འགྲུལ་བཞུད་པ་ཞིག་སྟེ། རང་ཉིད་ཀྱི་རྒྱལ་ཁབ་དང༌། ཁྱིམ་ཚང༌། གྲོགས་པོ། མཐའ་ན་སྐབས་ཐོ ག་འདིའི་བཟའ་ཟླ་བཅས་སུ་ལའང་མ་བདག་པ་ཞིག་ཡིན་པས། འཆིང་ཞགས་འདི་དག་ཡོད་ཚད་ཀྱི་ངོ་གདོང་ནས་ངས་རྒྱང་ཐག་ གི་ཚོར་སྣང་ཞིག་དང་དབེན་གནས་ཀྱི་ཡོན་ཏན་འདི་ནམ་ཡང་བོར་མ་མྱོང༌།

བདག་གི་རྨད་དུ་བྱུང་བའི་ཆབ་སྲིད་ནི་མང་གཙོ་ཡིན། མི་སུར་ཡང་འདྲ་སྐུར་མཆོད་པ་བཞིན་མི་བྱེད་པར་ཐམས་ཅད་ལ་མི་སྒེར་ ཞིག་དང་འདྲ་བར་གཅིག་མཚུངས་སུ་བརྩི་བཀུར་འཐོབ་པ་བྱེད་དགོས། ང་རང་ཉིད་ཀྱི་ཕྱོགས་ནས་ནོངས་འགྱོད་དང་སྙིང་རྗེ་སྤུ་ ཙམ་མེད་པར། རང་ཉིད་ཀྱི་རྗེས་འཇུག་ཚོའི་ཕྱོགས་ནས་ཚད་མེད་པའི་ཡི་རངས་དང་གུས་བཀུར་འཐོབ་པར་བརྩོན་པ་ནི་ལས་འབྲ ས་དང་གོ་ལྡོག་པ་ཞིག་ལས་མ་འདས། བདག་གི་དབང་ཤེས་རྟུལ་པོ་འདིས་བར་མེད་དུ་རྩོལ་སྒྲུབ་ཀྱིས་འཐོབ་པའི་རིག་པ་སྟེ། མི་མ ང་པོ་ཞིག་ལ་འཐོབ་ཐབས་མེད་པ་འདིས་རྟོགས་པ་ལྟར་ན་དེའི་རྒྱུ་རྐྱེན་ནི་སྲེད་ཞེན་རེད། ཚོགས་པ་གང་འདྲ་ཞིག་ལ་མཚོན་ན་ཡ ང་དེས་རང་ཉིད་ཀྱི་དམིགས་འབེན་དུ་འབྱོར་བ་ལ་ངེས་པར་ཏུ་མི་གཅིག་གིས་དེའི་སྤྱི་ཡོངས་ཀྱི་འགན་འཁུར་ནས་བསམ་གཞིགས་ དང་ལམ་སྟོན་བྱེད་དགོས་པའི་གནས་ལུགས་དེ་བདག་གིས་ཅུང་ཟད་རྟོགས་ཡོད། འོན་ཀྱང༌། དེ་ཉིད་བཙན་ཤུགས་ཀྱིས་དབང་སྒྱུ ར་བྱེད་མི་ཆོག་པར་མ་ཟད། ཁོང་ཚོར་རང་ཉིད་ཀྱི་འགོ་འཁྲིད་གདམ་ཀ་བྱེད་རྒྱུའི་དབང་ཆ་ཡོད་དགོས། བདག་གི་བསམ་པར་མི་ གཅིག་གིས་དབང་སྒྱུར་བྱེད་པའི་ལམ་ལུགས་འདིའི་བཙན་ཤུགས་མགྱོགས་མྱུར་རྒུད་ངེས་ཡིན་ལ། བཙན་ཤུགས་ཀྱིས་ཚུལ་ཁྲིམས་ ཞན་པའི་མི་ཙམ་འགུག་ཐུབ། ང་ལ་མཚོན་ན་མིའི་འཚོ་བའི་ནང་གི་ངོ་མཚར་ཆེ་བའི་ལྟད་མོའི་ཁྲོད་ཀྱི་ཆེས་རིན་ཐང་ལྡན་པ་དེ་ ཆབ་སྲིད་ཀྱི་གནས་བབ་མ་ཡིན་པར། སྒྱུ་རྩལ་དང༌། སྐྱེས་བུ་སྒེར། མི་གཤིས་བཅས་རེད། དེས་ཀྱང་ཁེར་རྐྱང་དུ་ཡང་དག་པ་དང་བླ་ ན་མེད་པ་ཞིག་བསྐྲུན་ཐུབ་པ་ལས་མི་ཚོགས་ནི་ནམ་ཡང་བསམ་བློ་མག་མོག་ཅིག་དང་སེམས་ཚོར་མག་མོག་ཅིག་ཏུ་ལྷག་པ་ལྟར་ རོ།། བརྗོད་གཞི་འདིས་ང་རང་སྔ་ས་ནས་ཞེན་པ་ལོག་ཟིན་པའི་ཆེས་མི་སྡུག་པའི་ཚོགས་འདུས་ཀྱི་འཚོ་བ་དང༌། དམག་དཔུང་གི་ སྒྲིག་འཛུགས་བཅས་ཀྱི་མངོན་སར་འཁྲིད་སོང༌། ནད་ཡམས་ལྟ་བུའི་དཔལ་ཡོན་འདི་ངེས་པར་དུ་གང་མྱུར་ཅི་མགྱོགས་སྒོས་རྩ་ མེད་གཏོང་དགོས། རྒྱལ་ཞེན་གྱི་མིང་ཐོག་ནས་ཡོང་བཞིན་པའི་དམག་དཔུང་གི་དཔའ་བོ་དང༌། སེམས་ཚོར་མེད་པའི་དྲག་སྤྱོད། ད་དུང་སྐྱུག་དྲོ་བའི་གནད་དོན་མང་པོ་ཞིག་ལ་ང་སེམས་གཏིང་ནས་ཇི་འདྲས་ཞེན་པ་ལོག་མྱོང་ཨང༌།

ང་ཚོས་ཉམས་སུ་མྱོང་ཐུབ་པའི་ཆེས་མཛེས་སྡུག་ལྡན་པའི་མྱོང་བ་ནི་ལྐོག་གྱུར་ཡིན། དེ་ནི་སྒྱུ་རྩལ་དངོས་དང་ཚན་ རིག་དངོས་ཀྱི་སྐྱེ་སར་ལངས་པའི་གཞི་རྩའི་སེམས་བྱུང་དེ་ཡིན། སུ་ཞིག་གིས་གནས་ལུགས་དེ་ཉིད་རྟོགས་མ་ཐུབ་པ་དང༌། དེར་ཡ་ མཚན་སྐྱེ་མ་ཐུབ་པའམ། དེར་ཡ་མཚན་མི་འཛིན་པ་ཚོ་ནི་ཤི་ཟིན་པ་ལྟར་ལེགས་ཤིང༌། ཁོའི་མིག་ཤེས་རབ་རུབ་ཏུ་གྱུར་ཡོད་ངེས། ཆོས་ལུགས་ཀྱི་བསམ་བློ་དེ་འཇིགས་སྣང་དང་འདྲེས་ནས་ཡོད་ཀྱང་དེ་ཉིད་སྐྱེད་མཁན་ནི་ལྐོག་གྱུར་གྱི་ཉམས་མྱོང་དེ་ཡིན། ཅི་ ཞིག་གི་དངོས་ཡོད་ཀྱི་གོ་རྟོགས་དེ་ང་ཚོས་ཐད་ཀར་རྟོགས་མི་ཐུབ་པ་དང༌། ང་ཚོའི་ཆེས་གཏིང་ཟབ་པའི་རྒྱུ་མཚན་གྱི་གོ་རྟོགས་ དང༌། ཆེས་རྣམ་པར་བཀྲ་བའི་མཛེས་སྡུག་བཅས་ཀྱི་ཆེས་གདོད་མའི་རྣམ་པ་དག་ནི་ང་ཚོའི་བློ་ངོར་འཆར་རུང་ཡིན་ཏེ། ང་ཆོའི་ དོན་དམ་པའི་ཆོས་སེམས་འདི་ཉིད་བསྐྲུན་མཁན་གོ་རྟོགས་འདི་དང་སེམས་ཚོར་འདི་ཉིད་ཡིན་ནོ།། གོ་དོན་འདི་ཉིད་གཅིག་པུའི་ སྟེང་ནས་བཤད་ན། ང་ནི་སེམས་གཏིང་ནས་ཆོས་ལུགས་ལ་དད་མཁན་ཞིག་ཡིན། ང་ནི་མཐའ་མེད་པའི་འཚོ་བའི་ལྐོག་གྱུར་དང༌། གོ་རྟོགས། ཚོར་ཤེས་བཅས་ཀྱི་འཚོ་གནས་ཀྱི་རྣམ་པའི་མཚར་སྣང་བཅས་ལ་ཡིད་སེམས་གཏིང་ནས་ཚིམས་ཤིང༌། དེ་བཞིན་རང་ བྱུང་གི་ཁྲོད་ནས་རང་ཉིད་མངོན་པར་གསལ་བའི་རྒྱུ་མཚན་གྱི་ཆ་ཤས་ཆུང་ཆུང་ཙམ་ཞིག་རྟོགས་པར་ཡང་མངོན་ཆུང་གིས་ བརྩོན་བཞིན་མཆིས།། །།

བསྒྱུར་མཁན་གྱི་མཆན།

ཨེལ་བྷར་ཊ ཨེནས྄་ཊན་ནི་སྤྱི་ལོ་༡༨༧༩ ལོའི་ཟླ་༣ ཚེས་༡༤ ཉིན་འཇར་མན་དུ་སྐུ་འཁྲུངས་ཤིང༌། སྤྱི་ལོ་༡༩༥༥ ལོའི་ཟླ་༤ ཚེས་ ༡༨ ཉིན་ཨ་རིར་སྐུ་འདས། ཁོང་ནི་དེང་རབས་དངོས་ཁམས་ཚན་རིག་གི་ཤིང་རྟའི་སྲོལ་འབྱེད་པ་ཞིག་དང༌། ཁོང་གི་བརྩམས་ཆོས་ དག་གིས་ང་ཚོའི་འཇིག་རྟེན་ལྟ་ཚུལ་ཐད་གསར་བརྗེ་ཆེན་པོ་ཞིག་བྱས་ཡོད་དོ།།

ལམ་རིམ་སྨོན་ལམ་བཞུགས་སོ།།[རྩོམ་སྒྲིག]

དེར་ནི་རིང་དུ་འབད་ལས་ཚོགས་གཉིས་ནི། མཁའ་ལྟར་ཡངས་བ་གང་ཞིག་བསགས་པ་དེས། བློ་མིག་མ་རིག་གིས་ལྡང་འགྲོ་བ་ཀུན། རྣམ་འདྲེན་རྒྱལ་བའི་དབང་པོར་བདག་གྱུར་ཅིག དེར་མ་སོན་པའི་ཚེ་རབས་ཀུན་ཏུ་ཡང། འཇམ་པའི་དབྱངས་ཀྱི་བརྩེ་བས་རྗེས་བཟུང་སྟེ། བསྟན་པའི་རིམ་པ་ཀུན་ཚང་ལམ་གྱི་མཆོག རྙེད་ནས་སྒྲུབ་པས་རྒྱལ་རྣམས་མཉེས་བྱེད་ཤོག རང་གིས་ཇི་བཞིན་རྟོགས་པའི་ལམ་ཀྱི་གནད། ཤུགས་དྲག་བརྩེ་བས་དྲངས་བའི་ཐབས་མཁས་ཀྱིས། འགྲོ་བའི་ཡིད་གྱི་མུན་པ་བསལ་བྱས་ནས། རྒྱལ་བའི་བསྟན་པ་ཡུན་རིང་འཛིན་གྱུར་ཅིག བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། ཁྱབ་ཀྱང་ཉམས་པས་གྱུར་བའི་ཕྱོགས་དེར་ནི། སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག སྲས་ཅས་རྒྱལ་བའི་རྨད་བྱུང་འཕྲིན་ལས་ལས། ལེགས་གྲུབ་བྱུངཆུབ་ལམ་གྱི་རིམ་པས་ཀྱང༌། ཐར་མདོད་རྣམས་གྱི་ཡིད་ལ་དཔའ་སྟེང་ཞིང། རྒྱལ་བའི་མཛད་པ་རིང་དུ་སྐྱོང་གྱུར་ཅིག ལམ་བཟང་བསྒྲིག་པའི་མཐུན་རྐྱེན་སྒྲུབ་བྱེད་ཅིང༌། འགལ་རྐྱེན་སེལ་བྱེད་མི་དང་མི་མིན་ཀུན། ཚེ་རབས་ཀུན་ཏུ་རྒྱལ་བས་བསྔགས་པ་ཡི། རྣམ་དག་ལམ་དང་འབྲལ་བས་མ་གྱུར་ཅིག གང་ཚེ་ཐེག་པ་མཆོག་ལ་ཆོས་སྤྱོད་ད་བཅུས། ཚུལ་བཞིན་སྒྲུབ་ལ་བརྩོན་པ་དེ་ཡི་ཚེ། མཐུ་ལྡན་རྣམས་ཀྱིས་རྟག་ཏུ་གྲོགས་བྱེད་ཅིང༌། བཀྲ་ཤིས་རྒྱ་མཚོས་ཕྱོགས་ཀུན་ཁྱབ་གྱུར་ཅིག


སྒོ་དམར་སངས་རྒྱས་བཀྲ་ཤིས།[རྩོམ་སྒྲིག]

སྒོ་དམར་སངས་རྒྱས་བཀྲ་ཤིས། སྨྱུགས་མིང་ལ་འདྲེ་རིག་ལྡན། སྤྱི་ལོ་༡༩༨༢ ལོར་བོད་དུ་སྐྱེས་ཤིང་ས་གནས་ཀྱི་སློབ་གྲྭར་འགྲིམས། ༡༩༩༧ལོར་རྒྱ་གར་དུ་འབྱོར་ནས་སུ་ཇ་བོད་ཕྲུག་ཁྱིམ་སྡེ་དང༌། རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་བཅས་སུ་གཞི་རིམ་སློབ་སྦྱོང་བྱས།

སློབ་འབྲིང་དང་མཐོ་འབྲིང་སྐབས་ནས་བཟུང་བོད་དབྱིན་གཉིས་ཀྱི་རྩོམ་ཡིག་འབྲི་འགོ་བརྩམས་པ་དང་། སློབ་གྲྭའི་རྩོམ་རིག་ཚགས་པར་<<གངས་ཟླ་>>ཟེར་བ་རྩོམ་སྒྲིག་བྱས། བོད་ཀྱི་སློབ་གྲྭ་ནང་ཁུལ་གྱི་རྩོམ་ཡིག་འགྲན་བསྡུར་སོགས་ལས་ཨང་དང་པོའི་བྱ་དགའ་མང་པོ་བླངས། ཁོང་གིས་སྔ་ཕྱིར་དཔྱད་བརྗོད་རྩོམ་ཡིག་དང་། བརྩམས་བསྒྲུངས། སྙན་ངག འགྱུར་རྩོམ་སོགས་བཙན་བྱོལ་ནང་གི་དུས་དེབ་དང་ཚགས་པར། བོད་ཕྱི་ནང་གི་དྲ་རྒྱ་ཁག་མང་པོར་བཀོད་ཡོད།

སྔ་ཕྱིར་<མཚོ་འགྲམ་གྱི་ཁང་ཆུང་>དང༌། <ཚན་རྩལ་རིག་པའི་སྤྱི་བཤད་>བཅས་འགྱུར་རྩོམ་དེབ་ཕྲེང་གཉིས་འདོན་སྤེལ་བྱས། ༢༠༠༦ ལོར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནས་གནས་རིམ་དང་པོའི་མཐོ་རིམ་རིག་གནས་རབ་འབྱམས་པའི་བསླབ་པ་མཐར་སོན་བྱུང༌།

༢༠༠༦ ལོ་ནས་༢༠༡༠ ལོ་བར་བོད་ཀྱི་དཔེ་མཛོད་ཁང་གི་ཚན་རིག་སྡེ་ཚན་གྱི་<བོད་ཀྱི་ཚན་རིག་དུས་དེབ་>གྱི་རྩོམ་སྒྲིག་པ་དང་། ནང་ཆོས་དང་ཚན་རིག་གི་ཡིག་སྒྱུར་བ་བཅས་གནང་། ༢༠༡༠ ལོ་ནས་བཟུང་ནང་ཆོས་དང་ཚན་རིག་གི་ལས་གཞི་དེ་གའི་ཆེད་དུ་ཨ་རིའི་གཙུག་ལག་སློབ་གཉེར་ཁང་དེར་ནང་ཆོས་དང་ཚན་རིག་གི་ཡིག་སྒྱུར་ནང་བཞིན་ཡོད་དོ།


(གསལ་བཤད། ངོ་སྤྲོད་འདི་<བོད་ཀྱི་ཚན་རིག་དུས་དེབ་>སྟེང་གི་ཁོང་གི་ངོ་སྤྲོད་གཞིར་བཞག་པ་ཡིན།)