Jump to content

ཧྭ་ཤང་མ་ཧྭ་ཡ་ན་

ཡོང་ཁུངས་Wikipedia

འདི་ཉིད་བོད་ལ་ཕེབས་རྗེས་རྒྱ་སྟག་ར་མོ་ཆེར་བཞུགས་སྐད། ཧྭ་ཤང་མ་ཧྭ་ཡ་ནས་ལུས་ངག་གི་ཆོས་སྤྱོད་པ་ལ་དགོས་པ་མེད། ལུས་ངག་གི་དགེ་བས་སངས་མི་རྒྱ། དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་བསྒོམས་པས་སངས་རྒྱས་ཟེར་བའི་སྟོན་མིན་ནམ་ཅིག་ཅར་བའི་ལུགས་བོད་དུ་སྤེལ། མཐར་རྩེན་མིན་པ་དང་རྩོད་པས་ཕམ་སྟེ་བཙན་པོས་ཕྱིན་ཆད་བོད་ལ་སྟོན་མིན་གྱི་ཆོས་ལུགས་སྤེལ་མི་ཆོག་པའི་བཀའ་ཕབ་པས་ཧྭ་ཤང་མ་ཧྭ་ཡ་ནས་གཙུག་ལག་ཁང་ཞིག་བཞེངས་རྗེས་རྒྱ་ཡུལ་དུ་ཕྱིར་ལོག་ལོ་རྒྱུས་ཡིག་ཚང་ནང་《སྨན་དཔྱད་ཟླ་བའི་རྒྱལ་པོ་》བོད་དུ་ཐོག་མར་འཕེལ་རྒྱས་གཏོང་མཁན་ཧྭ་ཤང་མ་ཡ་ན་ཡིན་པར་གསུངས།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།