ཧན་གྱི་རྒྱལ་རབས་ཉི་ཤུ་རྩ་བཞི་པ་ཧན་ཧེན་ཏི་རྒྱལ་པོ་

ཡོང་ཁུངས་Wikipedia

(汉献帝刘协)ཚལ་པའི་《དེབ་དམར་》ནང་ཧན་གྱི་རྒྱལ་རབས་ཉི་ཤུ་རྩ་བཞི་པ་ཧན་ཧེན་རྟི་རྒྱལ་པོ་ཞེས་འཁོད་པ་ཡིག་ནོར་ཡིན་ཏེ། ཤིས་ཧན་རྒྱལ་རབས་ལ་གོང་མ་གསུམ་བཙུན་མོ་ལུའི་ཧ་དང། བརྒྱད་པ་ཁྲང་ཡེ་ཝང་ཧོ་གཉིས་མ་བརྩིས་པའི་དབང་དུ་བྱས་ཀྱང་ཤིས་ཧན་རྒྱལ་རབས་ལ་གོང་མ་བཅུ་གཉིས་དང་ཏུང་ཧན་(东汉)རྒྱལ་རབས་ལ་གོང་མ་བཅུ་བཞི་ཡོད་པ་བསྡོམས་པའི་གོང་མ་ཉི་ཤུ་རྩ་དྲུག་ཡོད་ཅིང། ཏུང་ཧན་རྒྱལ་རབས་རང་ལ་གོང་མ་བཅུ་བཞི་བྱུང་བའི་བཅུ་བཞི་པ་ཧན་ཧེན་རྟི་ཡིན་པས། འདིའི་སྐབས་ཀྱི་རྒྱལ་པོ་ཉི་ཤུ་རྩ་བཞི་པ་ཞེས་པ་བཅུ་བཞི་པ་ཟེར་རྒྱུ་ཡིན་པ་ལོ་རྒྱུས་དཔྱད་གཞི་གཞན་གྱི་ཐོག་ནས་གསལ་པོར་ར་འཕྲོད་པ་ཡིན།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།