སྨོན་ལམ་བོད་ཡིག་ཡིག་གཟུགས།
ངོ་སྤྲོད།
[རྩོམ་སྒྲིག]སྨོན་ལམ་བོད་ཡིག་ཡིག་གཟུགས་ཁྱིམ་རྒྱུད་ནི། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་དབུ་འཛིན་པ། དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་གློག་རྡུལ་ཡིག་གཟུགས་སུ་ཇུས་འགོད་བྱས་པའི་བོད་ཡིག་གི་རྩིས་འཁོར་ཡིག་གཟུགས་ཁྱིམ་རྒྱུད་ཅིག་རེད། དེ་ནི་པར་གཞི་དང་པོ་ནས་རིམས་སྤར་དང་བཟོ་བཅོས་ཆེན་པོ་གསུམ་བརྒྱུད་དེ་ད་ལྟར་སྨོན་ལམ་བོད་ཡིག་གསུམ་པ་རུ་སླེབས་ཡོད་པ་ཞིག་རེད། ཡིག་གཟུགས་ཁྱིམ་རྒྱུད་འདིར་བོད་ཡིག་གི་དབུ་ཅན་དང་དབུ་མེད། ཚུགས་རིང་དང་ཚུགས་ཐུང་། འབྲུ་ཚ་དང་དཔེ་ཚུགས། ཚུགས་མ་འཁྱུག་དང་འཁྱུག་ཡིག་བཅས་ཡིག་གཟུགས་ཀྱི་རིགས་མི་འདྲ་མང་ཆེ་ཤོས་འདུས་པ་མ་ཟད། དབུ་ཅན་གྱི་གསར་ཆེན་དང་གསར་ཆུང་། སུག་རིང་དང་སུག་ཐུང་བཅས་འཛོམས་འདུག
དེར་ནང་གསེས་སུ་ཡིག་ཚུགས་མི་འདྲ་བ་བཅུ་གསུམ་འདུག་ལ། དེ་དག་སོ་སོ་ནི། སྨོན་ལམ་ཨང་སྒྲིག་སྤྲོས་མེད་དང་སྨོན་ལམ་ཨང་སྒྲིག་དབུ་ཅན་༡༑ སྨོན་ལམ་ཨང་སྒྲིག་དབུ་ཅན་༢༑ སྨོན་ལམ་ཨང་སྒྲིག་དབུ་ཅན་༣༑ སྨོན་ལམ་ཨང་སྒྲིག་དབུ་ཅན་༤༑ སྨོན་ལམ་ཨང་སྒྲིག་དབུ་ཅན་༥༑ སྨོན་ལམ་ཨང་སྒྲིག་ཚུགས་རིང་། སྨོན་ལམ་ཨང་སྒྲིག་ཚུགས་ཐུང་། སྨོན་ལམ་ཨང་སྒྲིག་འབྲུ་ཚ་༡༑ སྨོན་ལམ་ཨང་སྒྲིག་འབྲུ་ཚ་༢༑ སྨོན་ལམ་ཨང་སྒྲིག་དཔེ་ཚུགས། སྨོན་ལམ་ཨང་སྒྲིག་འཁྱུག་མ་ཚུགས། སྨོན་ལམ་ཨང་སྒྲིག་འཁྱུག་ཡིག་བཅས་རེད།
ནང་གསེས་ཡིག་གཟུགས།
[རྩོམ་སྒྲིག]སྨོན་ལམ་ཨང་སྒྲིག་འཁྱུག་མ་ཚུགས།
དྲྭ་ཐག
[རྩོམ་སྒྲིག]སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་གཞུང་ཕྱོགས་ཀྱི་དྲ་ཚིགས་ལས་སྨོན་ལམ་བོད་ཡིག་གི་དྲྭ་ངོས། https://web.archive.org/web/20230718213531/https://monlamit.com/app-store/monlam-bodyig.html