Jump to content

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་།

ཡོང་ཁུངས་Wikipedia

ངོ་སྤྲོད་མདོར་བསྡུས།[རྩོམ་སྒྲིག]

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་༼དྲ་གནས། https://www.monlamit.com/༽ནི། དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་དབུ་འཛུགས་གནངས་པའི་བོད་ཡིག་གི་ཁེ་མེད་བརྡ་འཕྲིན་ཞིབ་འཇུག་ཁང་ཞིག་རེད། ཆགས་གཞི་རྡ་སུ་རེད། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་རྒྱུགས་ཆེའི་མ་ལག་མང་ཤོས་སུ་བོད་ཡིག་གི་མཉེན་ཆས་གསར་བཟོ་དང་བོད་ཡིག་གི་རྩིས་འཁོར་ཡིག་གཟུགས་ཇུས་འགོད་བྱས་ཡོད་པ་མ་ཟད། སྐར་ཁུང་མ་ལག་གྱི་རྩིས་འཁོར་ནང་དུ། བོད་ཡིག་གི་ཐུན་མོང་སྐད་གདངས་མཉེན་ཆས་དང་འབྱུང་རྩིས་ཀྱི་མཉེན་ཆས། དཔེ་མཛོད་འཛིན་སྐྱོང་མ་ལག་མཉེན་ཆས་བཅས་གསར་བཟོ་མཛད་འདུག


ཉེ་ཆར་དབུ་བཙུགས་པའི་ལས་གཞི་ལ། དྲ་ཐོག་ཚིག་མཛོད་དང་བོད་ཡིག་གི་ཡིག་རིས་ངོས་འཛིན། བོད་ཡིག་གི་རང་བཅོས་རྩིས་ཐབས་སྦྱོང་བརྡར་སོགས་ཡོད་འདུག

ལས་རིམ།[རྩོམ་སྒྲིག]

སྨོན་ལམ་ཚིག་མཛོད།

སྨོན་ལམ་ཚིག་མཛོད་ཆེན་མོ།

སྨོན་ལམ་བོད་ཡིག་ཡིག་གཟུགས།༼སྨོན་ལམ་བོད་ཡིག་གསུམ་པ།༽

སྨོན་ལམ་ཐུན་མོང་སྐད་གདངས།༼སྐར་ཁུང་མ་ལག༽

འབྱུང་རྩིས་ཨུཏྤལ་སྔོན་པོ།༼སྐར་ཁུང་མ་ལག༽

དཔེ་མཛོད་འཛིན་སྐྱོང་མ་ལག༼སྐར་ཁུང་མ་ལག༽

རྒྱ་བོད་ཚིག་མཛོད།

བོད་རྒྱ་ཚིག་མཛོད།

འཇར་བོད་ཚིག་མཛོད།

དྲ་ཐག[རྩོམ་སྒྲིག]

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་གཞུང་ཕྱོགས་ཀྱི་དྲ་གནས། https://www.monlamit.com/