སྨུག་རྡུལ་
སྨུག་རྡུལ་(རྒྱ་སྐད: 霧霾) ནི་རྡུལ་ཕྲ་རབ་དང་། དུ་རིལ། ཚྭ་རིལ་སོགས་སྐམ་པོ་མང་པོ་མཁའ་རླུང་ཁྲོད་འཕྱོ་ནས་མིག་གིས་མཐོང་བའི་བར་ཐག་དེ་སྟོང་སྨི༡༠ལས་ཐུང་བའི་མཁའ་རླུང་རབ་རིབ་ཀྱི་སྣང་ཚུལ་ཞིག་རེད། སྨུག་རྡུལ་གྱི་གནམ་གཤིས་བསྟན་སྐབས། ཕྱིར་ཉུང་ཙམ་སྐྱོད་དགོས་པ་དང་ལྷག་པར་དུ་དབུགས་ལམ་གྱི་ནད་གཞི་ཡོད་པའི་མི་ཕྱིར་ཉུང་ཙམ་བསྐྱོད་དགོས། ཕྱིར་སྐྱོད་ན། ཁ་རས་རྒྱག་དགོས། གྲོང་མི་ཁྱིམ་དུ་སྡོད་སྐབས་སྒེའུ་ཁུང་ཉུང་ཙམ་ཕྱེ་ནས་སྨུག་རྡུལ་དང་ཐལ་རྡུལ་སོགས་ཁང་པའི་ནང་མི་འཛུལ་བ་བྱེད་དགོས། སྨུག་རྡུལ་འཁྲིགས་མང་བའི་སྐབས་སུ་ལམ་ངོས་ཡག་པོ་མཐོང་མི་ཐུབ་པས། ཁ་ལོ་བས་རླངས་འཁོར་གཏོང་སྐབས་ངེས་པར་དུ་ཡིད་གཟབ་དང་འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་བྱེད་དགོས། འབྲེལ་ཡོད་བཟོ་གཏེར་ཁེ་ལས་ཀྱིས་ཁོར་ཡུག་སྲུང་སྐྱོང་གི་འབྲེལ་ཡོད་གཏན་འབེབས་ལ་སྲུང་བརྩི་ཞུས་ནས་སྦགས་བཙོག་དངོས་པོ་འབུད་ཚད་ཉུང་དུ་གཏོང་དགོས། སྨུག་རྡུལ་གྱི་ཉེན་བརྡ་དེ། སེར་པོ་དང་ལི་ཝང་གཉིས་སུ་ཕྱེ་ཡོད།
ཉེན་བརྡ་སེར་པོ།
[རྩོམ་སྒྲིག]ཚད་གཞི། ཆུ་ཚོད་༡༢ནང་མིག་གིས་མཐོང་བའི་བར་ཐག་སྨི་༣༠༠༠ལས་ཐུང་བའི་སྨུག་རྡུལ་ལམ་ཡང་ན་མིག་གིས་མཐོང་བའི་བར་ཐག་སྨི་༣༠༠༠ལས་ཐུང་བའི་སྨུག་རྡུལ་གནམ་གཤིས་བསྟན་པ་དང་མུ་མཐུད་བསྟན་པ།
སྔོན་འགོག་བྱེད་ཐབས།
[རྩོམ་སྒྲིག]༼ ༡ ༽ ཁ་ལོ་བས་རླངས་འཁོར་སོགས་གཏོང་སྐབས་ཡིད་གཟབ་བྱས་ནས་གཏོང་དགོས།
༼ ༢ ༽ མཁའ་རླུང་གི་སྤུས་ཚད་ཧ་ཅང་ཞན་པའི་སྐབས་སུ་འགོག་སྲུང་བྱེད་ཐབས་འོས་འཚམ་སྤྱོད་དགོས།
༼ ༣ ༽ དབུགས་ལམ་གྱི་ནད་གཞི་ཡོད་མཁན་ཕྱིར་ཉུང་ཙམ་སྐྱོད་པ་དང་ཕྱིར་སྐྱོད་སྐབས་ཁ་རས་རྒྱག་དགོས།
ཉེན་བརྡ་ལི་ཝང་།
[རྩོམ་སྒྲིག]ཚད་གཞི། ཆུ་ཚོད་དྲུག་ནང་མིག་གིས་མཐོང་བའི་བར་ཐག་སྨི་༢༠༠༠ལས་ཐུ་ང་བའི་སྨུག་རྡུལ་ལམ་ཡང་ན་མིག་གིས་མཐོང་ཚད་སྨི་༢༠༠༠ལས་ཐུང་བའི་སྨྱུག་རྡུལ་ཐོན་པ་དང་མུ་མཐུད་ཐོན་པ།
སྔོན་འགོག་བྱེད་ཐབས།
[རྩོམ་སྒྲིག]༼ ༡ ༽ གནམ་ཐང་དང་། མྱུར་བགྲོད་གཞུང་ལམ། གྲུ་ཁ་སོགས་ཚན་པས་འགྲིམ་འགྲུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་བདེ་འཇགས་འགན་ལེན་བྱེད་དགོས།
༼ ༢ ༽ ཁ་ལོ་བས་རླངས་འཁོར་སོགས་གཏོང་སྐབས་ཡིད་གཟབ་བྱེད་དགོས།
༼ ༣ ༽ མཁའ་རླུང་སྤུས་ཚད་ཞན་པའི་སྐབས་སུ་ལས་དོན་མི་སྣས་འགོག་སྲུང་བྱེད་ཐབས་འཚམ་པོ་སྤྱོད་དགོས།
༼ ༤ ༽ ཕྱིར་ཉུང་ཙམ་བསྐྱོད་པ་དང་དབུགས་ལམ་གྱི་ནད་གཞི་ཕོག་མཁན་ཕྱིར་སྐྱོད་རྒྱུ་མེད་ལ། ཕྱིར་སྐྱོད་ན་ཁ་རས་རྒྱག་དགོས།