རྒྱ་སྐད།
རྐྱ་མི་ནི་རྐྱ་ནག་དུ་བེད་སྤྱོད་བྱེད།
ལོ་རྒྱུས།[རྩོམ་སྒྲིག]
རྒྱ་སྐད་ནི་གཙོ་བོར་རྒྱ་ནག་མི་རིགས་ཀྱིས་བེད་སྤྱོད་བྱེད་པའི་སྐད་ཡིག་ལ་གོ་ཞིང་། ད་ལྟ་གཙོ་བོར་ཀྲུང་གོ་རྒྱལ་ཁབ་ནང་གི་སྐམ་ས་ཆེན་མོ་དང་། ཧོང་ཀོང་དང་ཨོའོ་མན་དམིགས་བསལ་སྲིད་འཛིན་ཁུལ། དེ་བཞིན་ཐལ་ཝན་ས་ཁུལ་བཅས་ཀྱི་ནང་བེད་སྤྱོད་བྱེད་བཞིན་ཡོད། དེ་མིན་ད་དུང་སེངྒེ་བྷོ་རྒྱལ་ཁབ་དང་འབར་མའི་ཁོ་ཁན་ས་ཁུལ་སོགས་སུ་བེད་སྤྱོད་རྒྱ་ཆེན་པོ་བྱེད་བཞིན་ཡོད། རྒྱ་ནག་མི་རིགས་ནི་འཛམ་གླིང་ཐོག་མི་འབོར་ཆེས་མང་བའི་མི་རིགས་ཤིག་ཡིན་པས་ན། རྒྱ་སྐད་དེ་ཡང་འཛམ་གླིང་ཐོག་གི་སྐད་རིགས་ཆེན་པོ་དྲུག་གི་ཁོངས་སུ་ཚུད་ཡོད། སྤྱིར་ཡི་གེ་ལ་དབྱེ་ན་སྒྲ་སྦྱོར་ཡི་གེ་དང་འདྲ་གཟུགས་ཡི་གེ་གཉིས་ཡོད་པའི་ནང་ནས་རྒྱ་ཡིག་ནི་ཆེས་གནའ་བོའི་འདྲ་གཟུགས་ཡི་གེའི་ཁོངས་སུ་གཏོགས།
== ས་ཁམས།