སྤྱོད་འཇུག་

ཡོང་ཁུངས་Wikipedia
Jump to navigation Jump to search

《བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་》འདི་ནི་རྒྱ་གར་ གྱི་སློབ་དཔོན་ཆེན་པོ་ཞི་བ་ལྷས་མཛད་པ་ཞིག་ཡིན། མགོ་ནས་འཇུག་པར་ཚིག་བཅད་ཡིན་ལ་གོ་བདེ་ཞིང་བློ་ལ་འཛིན་བདེ་བ་ཡོད་པ་དང། ནང་དོན་ནི་ཐེག་པ་ཆེན་པོའི་བྱང་ཆུབ་སེམས་སྦྱོང་ཀྱི་མན་ངག་གཙོ་བོར་སྟོན་བ་ཞིག་ཡིན། འདི་ལ་ལེའུ་བཅུ་ཡོད་ཅིང་ཐོག་མར་རྒྱལ་པོ་ཁྲི་ལྡེ་སྲོང་བཙན་གྱི་ལོ་ཙྰ་བ་སརྦ་ཛྙ་དེ་བ་དང། བོད་ཀྱི་ལོ་ཙྰ་བ་སྐ་བ་དཔལ་བརྩེགས་ཀྱིས་བོད་སྐད་དུ་བསྒྱུར་བ་ལས་སྔ་ཕྱིར་འགྱུར་བཅོས་ཐེངས་གཉིས་བྱས་པ། བསྟན་འགྱུར་སྣར་ཐང་དཔར་མོའི་མདོ་ཕྱོགས་ལེ་ཚན་﹙པ﹚པའི་ནང་ལོད་ཅིང། དེའི་འགྲེལ་པ་ལ་རྒྱ་གར་གྱི་མང་པོས་མཛད་པའི་ནང་ནས་ཁག་བཅུ་ཙམ་གོང་གསལ་བསྟན་འགྱུར་སྣར་ཐང་དཔར་མའི་མདོ་ཕྱོགས་ལེ་ཚན﹙ཤ﹚པའི་ནང་ཡོད་ལ། བོད་དུ་ཡང་གྲུབ་མཐའ་རིས་མེད་ཀྱི་མཁས་པ་མང་པོས་རྒྱས་ཐུས་སྣ་ཚོགས་མཛས་ཡོད་པས་འདིར་འབྲི་བར་མ་ལངས།《སྤྱོད་འཇུག་》བོད་ཀྱི་མཁས་པ་མང་པོས་ཆ་ཚང་བློ་འཛིན་ཐོག་དུ་ངག་སྐྱོར་གནང་མཁནནི་མང་པོ་ཡོད་པ་ཞིག་ཡིན། ༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།