Jump to content

སོག་ཡུལ་

ཡོང་ཁུངས་Wikipedia

སྤྱིར་ཕྱོགས་འདིའི་སོགས་པོའི་ཕྱོགས་གཏོགས་ལ་། མོང་གོལ་གི་ཕྱོགས་སུ་ཨོའུ་རོད་དང་། རྒྱའི་ཇུར་ཆེར་དང་། བོད་ཀྱི་ཤི་ར་ཡུ་གུང་དང་། ཧོ་ཐོན་གྱི་ཧ་སག་པུ་རུད་དང་། ཨོ་རོ་སུའི་ཕྱོགས་གཏོགས་ལ་ཁི་ཐ་རི་ཡོད་ལ་། དེའི་ནང་ནས་མོང་གོལ་། ཧལ་ཧ་། ཨོའུ་རོད་གསུམ་གྱི་ནང་གི་མོང་གོལ་ལ་ཆ་ཧར་ཚོ་པ་བརྒྱད་། ཨོར་ཏོ་སུ་ཚོ་བ་དྲུག་གམ་བདུན་། ཐུ་མེད་ཚོ་པ་གཉིས་། ཏུར་བེན་ཁུ་ཁེད་ཚོ་པ་གཅིག་། ཨུ་རང་ཚོ་པ་གསུམ་། མོའུ་མིང་གུན་ཚོ་པ་གཅིག་ཨ་པ་གྭ་ཚོ་པ་བཞི་། སོའུ་ཉིད་ཚོ་པ་གཉིས་། ཧུའི་ཆེད་ཚོ་པ་གཉིས་། ཅ་རོད་ཚོ་པ་གཉིས། ནེའི་མན་དང་། ཨུ་ཧན་ཚོ་པ་རེ་རེ་། ཨོང་ཉོད་ཚོ་པ་གཉིས་། ཆོ་ཧོར་ཧལ་ཧ་ཚོ་པ་གཅིག་། བཱ་རིང་ཚོ་པ་གཉིས་། ཁེ་ཤིག་ཐན་ཚོ་པ་གཅིག་། ཨིུ་རུ་ཧོར་ཆེན་ཚོ་པ་གཅིག་། ཇུའི་ན་ཧོར་ཆེན་ཚོ་པ་བཅུ་། གཡོན་གྱི་ཐུ་མེད་ཚོ་པ་གཅིག་ མོང་གྭོལ་ཧར་ཆེན་ཚོ་པ་གསུམ་བཅས་ཚོ་ཆེན་ཞེ་དགུ་ཚོགས་འདུས་དྲུག་ ཧལ་ཧ་སྡེ་བཞི་ཚོ་བདུན་ཨོའུ་རོད་ལ་བར་གྲུད་བུ་རད་དང་ཧྭོད་བཱ་ཐུད་དང་། ཧོ་ཞུ་ཉོང་ཐོང་ཀཱོང་དང་། དུང་བེད་ཇུན་གར་སྟེ་ཚོ་བཞི་ཡོད་ཅིང་(ལ་ལས་ཕྱི་མ་གཉིས་གཅིག་ཏུ་བྱས་ཏེ་ཨིའུ་ལིད་ཟུར་དུ་ཕྱུང་སྟེ་གཅིག་ལ་བགྲངས་ནས་བཞི་བྱེད་པའང་ཡོད་) དེ་སོ་སོའི་ནང་ཚན་ག་ཡང་རུས་མི་འདྲ་བ་ཤིན་ཏུ་མང་ངོ་།
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།