སེ་ར་ཆོས་སྡིངས་

ཡོང་ཁུངས་Wikipedia

སེ་ར་དགོན་པའི་ཤར་ངོས་རི་སྟེང་དུ་ཡོད་པའི་ཆོས་སྡིངས་ནི་རྗེ་ཙོང་ཁ་པའི་སྒྲུབ་ཁང་ཡིན་། རབ་བྱུང་བདུན་པའི་མེ་ཕག(་༡༤༠༧)ལོར་མཁས་གྲུབ་དགེ་ལེགས་དཔལ་བཟང་(པཎ་ཆེན་སྐུ་ཕྲེང་དང་པོ་)རྗེ་ཙོང་ཁ་པ་མཇལ་བར་ཕེབས་ས་ཡང་དེ་གར་ཡིན་པ་དང་། རྗེ་ཙོང་ཁ་་པས་《དབུ་མ་རྩ་ཤེའི་ཊཱིཀ་ཆེན་》སོགས་གསུང་ས་ཡང་དེ་གར་ཡིན་། སེ་ར་ནས་དཀོན་གཉེར་མི་གཅིག་གཏོང་སྲོལ་ཡོད་།
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།