སད་མི་བདུན་

ཡོང་ཁུངས་Wikipedia

ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་མཁན་ཆེན་བྷོ་ངྷི་སཏྭས་བོད་མིས་རབ་བྱུང་གི་བསླབ་སྡོམ་སྲུང་ནུས་མི་ནུས་ཚོད་བལྟའི་ཕྱིར་དུ་ཐམས་ཅད་ཡོད་སྨྲའི་ལུགས་བཞིན་ཐོག་མར་རབ་ཏུ་བྱུང་བ་མི་བདུན་ཏེ་ སྦ་གསར་སྣང་ མཆིམས་ཤཱཀྱ་བྲ་བྷ་ པ་གོར་བེ་རོ་ཙ་ན་ ངན་ལམ་རྒྱལ་བ་མཆོག་དབྱངས་ རྨ་རིན་ཆེན་མཆོག་འཁོན་ཀླུའི་དབང་པོ་། གཙང་ལེགས་གྲུབ་རྣམས་སོ་ སྦ་ཡེ་ཤེས་དབང་པོ་རབ་ཏུ་བྱུང་བའི་མཚན་འཁོར་ཀླུའི་དབང་པོ་ཡིན་པར་ཡང་བཤད་། ལོ་རྒྱུས་གཅིག་ལ་འཁོར་ལ་ཀླུའི་དབང་པོ་སད་མི་མི་བདུན་ལ་མི་ཐེ་ཟེར་འདུག་ཀྱང་བརྟགས་པའི་ཆོས་སོ་། ཨོ་རྒྱན་གླིང་པའི་《པདྨ་བཀའ་ཐང་》ལས་ སད་མི་མི་བདུན་ནི་། ༡.སྦང་གསལ་སྣང་ (སྦ་ཡེ་ཤེས་དབང་པོའང་ཟེར་)༢.སྦས་དཔའ་དབྱངས་། ༣.ངན་ལམ་རྒྱལ་བ་མཆོག་དབྱངས་། ༤.ལྟ་ལུང་དཔང་རྟོད་། ༥.རྨ་རིན་ཆེན་མཆོག་། ༦.ལ་སུམ་རྒྱལ་བ་བྱང་ཆུབ་། ༧.མཁས་པ་བེེ་རོ་ཙ་ན་བདུན་ནོ་། འདི་ལ་འདྲེན་ལུགས་གཞན་ཡང་ཡོད་དེ་ སྔོན་གྱི་བཀའ་་ཆེམས་རྮིང་མ་ལས་། ༡.སྦས་རརྣ་རཀྵི་ཏ་རིན་ཆེན་བསྲུང་བ་། ༢.ཛྙཱནྷྲ་རཀྵི་ཏ་ཡེ་ཤེས་དབང་པོ་བསྲུང་་བ་ ༣.རེརྣ་ནྟྲ་རཀྵི་ཏ་རིན་ཆེན་ཤེས་དབང་པོ་བསྲུང་བ་། ༤.རླངས་སུ་ག་ཏ་ལྦརྨ་རཀྵི་ཏ་བདེ་བར་གཤེགས་པའི་ཆོ་ག་བསྲུང་བ་། ༥.བེེ་རོ་ཙ་ན་རཀྴི་ཏ་རྣམ་པར་སྣང་མཛད་བསྲུང་བ་། ༦.འཁོར་ན་གིནྷྲརཀྴི་ཏ་ཀླུའི་དབང་པོ་བསྲུང་བ་ ༧.ཙང་པ་དེ་ཝནྷྲརཀྴི་ཏ་ལྷའི་དབང་པོ་བསྲུང་བ་དང་བདུན་ནོ་།
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།