ཤེས་བྱའི་རྣམ་གྲངས་ཀུན་བཏུས།
Appearance
ཤེས་བྱའི་མཁའ་དབྱིངས་ཡངས་པ་རུ། །རྣམ་གྲངས་རྒྱུ་སྐར་ཚོགས་བཀྲ་བ། །བློ་ལྡན་དྲང་སྲོང་སྐར་དགའ་ཡིས། །གྲངས་སུ་བགྲངས་པའི་ལོ་རྒྱུས་མཚར། །
གཉིས་ཚན།
[རྩོམ་སྒྲིག]ཀ་སྡེ།
- ཀུན་མཁྱེན་ཡབ་སྲས་གཉིས། རྙིང་མའི་སློབ་དཔོན་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་དང་ཀུན་མཁྱེན་འཇིགས་མེད་གླིང་པ་རྣམ་པ་གཉིས།
- སྐུ་གཉིས། ཆོས་སྐུ་དང་གཟུགས་སྐུ་གཉིས།
ཁ་སྡེ།
- མཁྱེན་ཀོང་རྣམ་གཉིས། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་རྣམ་པ་གཉིས།
- མཁྱེན་པ་གཉིས། ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་གཉིས།
ག་སྡེ།
- གུང་གཉིས། ཉིན་ཕྱེད་རྟའི་དུས་དང་ནམ་ཕྱེད་བྱི་བའི་དུས་གཉིས།
- གོ་དཔལ་གཉིས། སྡེ་རོང་ཁོངས་ཀྱི་གོ་སྟེང་དགོན་དང་དཔལ་འབར་དགོན་གཉིས།
- དགོན་ཡུལ་གཉིས། དགོན་པ་དང་དགོན་པ་དེའི་ཁོངས་ཀྱི་ཡུལ་སྡེ་གཉིས་ལ་ཟེར།
- རྒྱལ་བ་ཡབ་སྲས་གཉིས། རྒྱལ་བ་རིན་པོ་ཆེ་དང་པཎ་ཆེན་རིན་པོ་ཆེ་རྣམ་པ་གཉིས།
ཇ་སྡེ།
- ཇོ་ཤཱཀ་གཉིས། ཇོ་བོ་ཤཱཀྱ་མུ་ནེ་དང་ཇོ་བོ་མི་བསྐྱོད་རྡོ་རྗེ་རྣམ་པ་གཉིས།
ད་སྡེ།
- བདེན་པ་གཉིས། དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པ་གཉིས།
པ་སྡེ།
- དཔལ་ཡོན་གཉིས། བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་གཉིས།
བ་སྡེ།
- བྱང་ཟུར་རྣམ་གཉིས། གསོ་བ་རིག་པའི་མཁས་ཆེན་བྱང་པ་རྣམ་རྒྱལ་གྲགས་བཟང་དང་ཟུར་མཁར་མཉམ་ཉིད་རྡོ་རྗེ་རྣམ་པ་གཉིས།
- བླ་མ་གཉིས། རྩ་བའི་བླ་མ་དང་ཡན་ལག་གི་བླ་མ་གཉིས།
ཙ་སྡེ།
- རྩིས་དཀར་ནག་གཉིས། སྐར་རྩིས་དང་འབྱུང་རྩིས་གཉིས།
ཚ་སྡེ།
- ཚོགས་གཉིས། བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་གཉིས།
ར་སྡེ།
- ར་འབྲིམ་གཉིས། སྡེ་རོང་ཁོངས་ཀྱི་ར་སེ་དང་འབྲི་མོ་ཞེས་པའི་ས་ཆ་གཉིས།
- རོང་ཀློང་རྣམ་གཉིས། རོང་ཟོམ་པཎྜི་ཏ་ཆོས་བཟང་དང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་གཉིས།
- རོང་འབྲོག་གཉིས། རོང་པའམ་ཞིང་པ་དང་འབྲོག་པ་གཉིས། ཞིང་ལས་དང་འབྲོག་ལས་གཉིས་ལའང་གོ །
ལ་སྡེ།
- ལྭ་འཇོལ་གཉིས། འབའ་ཆོས་སྡེ་དགོན་གྱི་སྤྲུལ་སྐུ་གཙོ་བོ་གཉིས་ཏེ། ལྭ་ཁ་བླ་མ་དང་། འཇོལ་བླ་མ་གཉིས།
གསུམ་ཚན།
[རྩོམ་སྒྲིག]- དཀོན་མཆོག་གསུམ། སངས་རྒྱས་དང་། ཆོས་དང་། དགེ་འདུན་བཅས་སོ།།
- རིགས་གསུམ་མགོན་པོ། འཇམ་པའི་དབྱངས་དང་། སྤྱན་རས་གཟིགས། ཕྱག་ན་རྡོ་རྗེ་བཅས།
- དད་པ་སྐྱེ་མྱུར་བརྟན་གསུམ་གྱི་དཔེ་གསུམ། དད་པ་སྐྱེ་བ་དབྱར་ཁའི་རྩི་ཤིང་བཞིན། དད་པ་མྱུར་བ་མུན་པའི་གློག་དང་འདྲ། དད་པ་བརྟན་པ་ཐེག་ཆེན་ས་གཞི་བཞིན།
- སྒོ་གསུམ། ལུས་དང་། ངག་དང་། ཡིད་བཅས་སོ།།
- ཉང་གུར་བྱང་གསུམ། རྙིང་མའི་གཏེར་སྟོན་བརྒྱ་རྩ་ལས་མཆོག་གི་སྤྲུལ་སྐུ་རྣམ་གསུམ་ཞེས་པ་སྟེ། ཉང་ཉི་མ་འོད་ཟེར་དང་གུ་རུ་ཆོས་ཀྱི་དབང་ཕྱུག རིག་འཛིན་རྒོད་ལྡེམ་བཅས།
- ཀཿདཔལ་རྫོགས་གསུམ། མདོ་ཁམས་སྨད་དུ་ཆགས་སྔ་བའི་རྙིང་མའི་གདན་ས་གསུམ་སྟེ། ཀཿ་ཐོག་དང་། དཔལ་ཡུལ་དང་། རྫོགས་ཆེན་བཅས་སོ།།
- རྡོར་སྨིན་དཔལ་གསུམ། སྟོད་དབུས་གཙང་དུ་ཆགས་སྔ་བའི་རྙིང་མའི་གདན་ས་གསུམ་སྟེ། རྡོ་རྗེ་བྲག་དང་། སྨིན་གྲོལ་གླིང་དང་། དཔལ་རི་བཅས་སོ།།
- མཁན་སློབ་ཆོས་གསུམ། མཁན་པོ་བོ་དྷི་སཏྭ་དང་། སློབ་དཔོན་པདྨ་འབྱུང་གནས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་བཅས་སོ།།
- གངས་ཅན་འཇམ་དབྱངས་རྣམ་གསུམ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས། ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན། རྗེ་རིན་པོ་ཆེ་བློ་བཟང་གྲགས་པ་བཅས་སོ།།
- མར་མི་དྭགས་གསུམ། མར་པ་ལོ་ཙཱ་བ་དང་མི་ལ་རས་པ། དྭགས་པོ་ཟླ་འོད་གཞོན་ནུ་བཅས།
- རྗེ་ཡབ་སྲས་གསུམ། རྗེ་བློ་བཟང་གྲགས་པ་དང་རྒྱལ་ཚབ་དར་མ་རིན་ཆེན། མཁས་གྲུབ་དགེ་ལེགས་དཔལ་བཟང་བཅས།
- གོ་ཤཱཀ་སྟག་གསུམ། ས་སྐྱ་པའི་མཁས་དབང་ཀུན་མཁྱེན་གོ་རམས་པ་དང་པཎ་ཆེན་ཤཱཀ་མཆོག་པ། སྟག་ཚང་ལོ་ཙཱ་བ་བཅས།
- སྐྱེས་བུ་གསུམ། སྐྱེས་བུ་ཆེན་པོ་དང་སྐྱེས་བུ་འབྲིང་། སྐྱེས་བུ་ཆུང་ངུ་བཅས།
- བཀའ་བརྒྱད་རྣམ་གསུམ། གསང་ཆེན་སྔ་འགྱུར་རྙིང་མའི་ཆོས་སྐད་དེ། བཀའ་བརྒྱད་གསང་བ་ཡོངས་རྫོགས་དང་། བཀའ་བརྒྱད་བདེ་གཤེགས་འདུས་པ། བཀའ་བརྒྱད་རང་ཤར་བཅས་སོ།།
- རྩ་བ་གསུམ། བྱིན་རླབས་ཀྱི་རྩ་བ་བླ་མ། དངོས་གྲུབ་ཀྱི་རྩ་བ་ཡི་དམ། ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་བཅས་སོ།།
- ཁམས་གསུམ། འདོད་ཁམས་དང་གཟུགས་ཁམས། གཟུགས་མེད་ཁམས་བཅས།
- ངན་སོང་གསུམ། དམྱལ་བ་དང་ཡི་དྭགས། དུད་འགྲོ་བཅས།
- མཐོ་རིས་གསུམ། ལྷ་དང་མི། ལྷ་མ་ཡིན་བཅས།
- དྲག་གཟའ་གསུམ། སྐར་རྩིས་ཀྱི་ཐ་སྙད་དེ། གཟའ་མིག་དམར་དང་གཟའ་ཕུར་བུ། གཟའ་སྤེན་པ་བཅས།
- རྒྱ་མཚོ་རྣམ་གསུམ། སྐར་རྩིས་མཁས་ཆེན་གསུམ་གྱི་མཚན་ཏེ། མཁས་གྲུབ་ནོར་བཟང་རྒྱ་མཚོ་དང་གཙང་ཆུང་ཆོས་གྲགས་རྒྱ་མཚོ། ཕུག་པ་ལྷུན་གྲུབ་རྒྱ་མཚོ་བཅས།
- གསང་བ་གསུམ། སྐུའི་གསང་བ་དང་། གསུང་གི་གསང་བ། ཐུགས་ཀྱི་གསང་བ་བཅས།
- དད་པ་གསུམ། དང་བའི་དད་པ་དང་། འདོད་པའི་དད་པ། ཡིད་ཆེས་པའི་དད་པ་བཅས།
- དུས་གསུམ་སངས་རྒྱས། འདས་པའི་སངས་རྒྱས་མར་མེ་མཛད་དང་། ད་ལྟའི་སངས་རྒྱས་ཤཱཀྱ་ཐུབ་པ། མ་འོངས་སངས་རྒྱས་བྱམས་པ་མགོན་པོ་བཅས།
- སྔོན་རྗེས་མིང་གསུམ། བོད་ཀྱི་བརྡ་སྤྲོད་རིག་པའི་ཐ་སྙད་དེ། སྔོན་འཇུག་དང་མིང་གཞི། རྗེས་འཇུག་བཅས།
- དྲིན་ཅན་གྱི་ལོ་པཎ་རྣམ་གསུམ། བཙད་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐུ་དུས་སུ་བྱུང་བའི་པཎྜི་ཏ་ཛི་ན་མི་ཏྲ་དང་ད་ན་ཤཱི་ལ་གཉིས། ལོ་ཙཱ་བ་ཞང་ཡེ་ཤེས་སྡེ་བཅས།
- རྫོགས་ཆེན་སྟོན་པའི་སློབ་དཔོན་གསུམ། རྙིང་མའི་རྫོགས་པ་ཆེན་པོའི་མན་ངག་སྟོན་པའི་སློབ་དཔོན་པདྨ་འབྱུང་གནས་དང་། པཎ་ཆེན་བི་མ་ལ་མི་ཏྲ། སློབ་དཔོན་བེེ་རོ་ཙ་ན་བཅས།
- རྒྱ་སྟག་འབྲུག་གསུམ། སྔར་ཁམས་ལྷོ་རྒྱུད་དུ་གྲགས་པ་ཆེ་བའི་རྙིང་མའི་བླ་ཁག་གསུམ་སྟེ། རྒྱ་བླ་གནམ་བསྐོས་ཚང་དང་། སྟག་བླ་བྱང་དཀར་ཚང་། འབྲུག་བླ་བསམ་གཏན་ཚང་བཅས།
- དར་རྩེ་མདོའི་ལྟག་སྒོ་གསུམ། སྔར་ཕྱི་རོལ་ནས་མདོ་གྲོང་ལ་འཇུག་པའི་ལྟག་སྒོ་གསུམ་སྟེ། རྒྱ་ཡུལ་ལྟག་སྒོ་དང་། མི་ཉག་ལྟག་སྒོ། གཡག་རྭ་ལྟག་སྒོ་བཅས།
- སྡོམ་པ་གསུམ། ཕྱི་སོ་ཐར་གྱི་སྡོམ་པ་དང་། ནང་བྱང་སེམས་ཀྱི་སྡོམ་པ། གསང་བ་སྔགས་ཀྱི་སྡོམ་པ་བཅས།
- འབའ་ལི་རྒྱལ་གསུམ། སྤྱི་ལོ༡༩༥༨ ཡན་ཆད་དུ་ཁམས་ལྷོ་རྒྱུད་ཀྱི་ས་ཆར་འབོད་ཚུལ་ཏེ། འབའ་སྡེ་དང་། ལི་སྡེ། རྒྱལ་སྡེ་བཅས།
- ཉེས་པ་གསུམ། འདོད་ཆགས་དང་། ཞེ་སྡང་། གཏི་མུག་བཅས་ཏེ། གསོ་རིག་ཏུ་དེ་གསུམ་ལས་གྱུར་པའི་རླུང་དང་། མཁྲིས་པ། བད་ཀན་གསུམ་ལ་བརྗོད།
- འདུ་བ་གསུམ། རླུང་མཁྲིས་བད་ཀན་བཅས།
- སྐ་ཅོག་ཞང་གསུམ། ལོ་ཙཱ་བ་ཆེན་པོ་གསུམ་གྱི་མཚན་སྡོམ་ཏེ། སྐ་བ་དཔལ་བརྩེགས་དང་། ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ་བཅས།
- ཚུལ་གསུམ། ཕྱོགས་ཆོས་དང་རྗེས་ཁྱབ། ལྡོག་ཁྱབ་པཅས་གསུམ།
- མཁས་པ་མི་གསུམ། དམར་ཤཱཀྱ་མུ་ནི། གཡོ་དགེ་བའི་འབྱུང་གནས། གཙང་རབ་གསལ་དང་གསུམ།
- བློ་རྟགས་བསྡུས་གསུམ། བློ་རིག །རྟགས་རིགས། བསྡུས་གྲྭ་དང་གསུམ།
- སུམ་རྟགས་དག་གསུམ། བརྡ་སྤྲོད་ཀྱི་གཞུང་སུམ་ཅུ་པ། རྟགས་ཀྱི་འཇུག་པ། དག་ཡིག་དང་གསུམ།
- དབུས་གཙང་ཁམས་གསུམ། སྟོད་དབུས་གཙང་གཉིས། བར་ཁམས། སྨད་ཨ་མདོ་དང་གསུམ།
- ཚེ་ལྷ་རྣམ་གསུམ། སངས་རྒྱས་ཚེ་དཔག་མེད། སྒྲོལ་མ། རྣམ་རྒྱལ་མ་དང་གསུམ།
- སྟོན་པ་གཙོ་འཁོར་གསུམ། ཐེག་དམན་ལྟར་ན་གཙོ་བོ་སྟོན་པ་ཤཱཀྱ་ཐུབ་པ་དང་འཁོར་ཉན་ཐོས་ཤཱ་རིའི་བུ་དང་མཽངྒལ་གྱི་བུ་གཉིས་ལ་གོ་བ་དང་། ཐེག་ཆེན་ལྟར་ན་གཙོ་བོ་སྟོན་པ་ཤཱཀྱ་ཐུབ་པ་དང་འཁོར་བྱང་ཆུབ་སེམས་དཔའ་འཇམ་དབྱངས་དང་བྱམས་པ་གཉིས་ལ་གོ་དགོས།
- ཕྱ་གཙང་དན་གསུམ།
- མཚན་མཚོན་གཞི་གསུམ། མཚན་ཉིད་དང་། མཚོན་བྱ། མཚན་གཞི་གསུམ།
- ཁུ་རྔོག་འབྲོམ་གསུམ།
- མཁས་བཙུན་བཟང་གསུམ། མཁས་པའི་ཡོན་ཏན། བཙུན་པའི་ཚུལ་ཁྲིམས། བཟང་པོའི་ཕྲིན་ལས་དང་གསུམ།
- མཁྱེན་བརྩེ་ནུས་གསུམ། མཁྱེན་པའི་ཡོན་ཏན་དང་བརྩེ་བའི་ཐུགས་རྗེ། ནུས་པའི་ཕྲིན་ལས་བཅས།
- ལམ་གཙོ་རྣམ་གསུམ། ངེས་འབྱུང་གི་བློ་དང་། བྱང་ཆུབ་ཀྱི་སེམས། ཡང་དག་པའི་ལྟ་བ་བཅས།
- མཁྱེན་ཀོང་མཆོག་གསུམ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། མཆོག་གྱུར་བདེ་ཆེན་གླིང་པ་དང་གསུམ།
བཞི་ཚན།
[རྩོམ་སྒྲིག]- དཀོན་མཆོག་བཞི། བླ་མ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་བཅས་སོ།།
- ཀུན་མཁྱེན་རྣམ་བཞི། ཀུན་མཁྱེན་རོང་ཟོམ་མཧཱ་པཎྜི་ཏའམ་རོང་ཟོམ་ཆོས་ཀྱི་བཟང་པོ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས། ཀུན་མཁྱེན་འཇིགས་མེད་གླིང་པ། ཀུན་མཁྱེན་འཇམ་མགོན་མི་ཕམ་ཕྱོགས་ལས་རྣམ་རྒྱལ་བཅས་སོ།།
- ཐུན་བཞི། དུས་བགོ་བའི་ཚད་ཀྱི་མིང་སྟེ། ཐོ་རེངས་ཀྱི་ཐུན་༼ ཐོར་ཐུན་༽དང་ཞོགས་ཐུན་༼སྔ་ཐུན་ཡང་ཟེར༽། དགོང་ཐུན་དང་། སྲོད་ཐུན་བཅས་སོ།།
- རིག་འཛིན་རྣམ་པ་བཞི། གསང་ཆེན་སྔ་འགྱུར་རྙིང་མའི་ཆོས་སྐད་དེ། རྣམ་སྨིན་རིག་འཛིན་དང་། ཚེ་དབང་རིག་འཛིན་དང་། ཕྱག་ཆེན་རིག་འཛིན་དང་། ལྷུན་གྲུབ་རིག་འཛིན་བཅས་སོ།།
- སྣང་བ་བཞི། གསང་ཆེན་སྔ་འགྱུར་རྙིང་མའི་ཆོས་སྐད་དེ། ཆོས་ཉིད་མངོན་སུམ་གྱི་སྣང་བ་དང་། ཉམས་གོང་འཕེལ་གྱི་སྣང་བ་དང་། རིག་པ་ཚད་ཕེབས་ཀྱི་སྣང་བ་དང་། ཆོས་ཟད་བློ་འདས་ཀྱི་སྣང་བ་བཅས་སོ།།
- རྒྱ་མཚོ་རྣམ་བཞི། རྒྱ་མཚོ་རྣམ་གསུམ་གྱི་ཁར་སྡེ་སྲིད་སངས་རྒྱས་རྒྱ་མཚོ་བསྣན་པའོ།།
- རྒྱལ་ཆེན་སྡེ་བཞི། རི་རབ་ཀྱི་ཕྱོགས་བཞིར་བཞུགས་ནས་སངས་རྒྱས་ཀྱི་བསྟན་པ་སྲུང་བའི་རྒྱལ་པོ་ཆེན་པོ་བཞི་སྟེ། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། རྣམ་ཐོས་སྲས་དང་། ཡུལ་འཁོར་སྐྱོང་བཅས་དང་།
ལྔ་ཚན།
[རྩོམ་སྒྲིག]- སྔོན་འགྲོ་གཟེར་ལྔ། སྔ་འགྱུར་བྱང་གཏེར་ལུགས་ཀྱི་སྒྲིབ་སྦྱོང་བྱེད་སྟངས་ཏེ། སྐྱབས་འགྲོ་སེམས་བསྐྱེད་ཀྱི་གཟེར་དང་། མཎྜལ་གྱི་གཟེར། རྡོར་སེམས་སྒོམ་བཟླས་ཀྱི་གཟེར། མི་རྟག་སྐུལ་འདེབས་ཀྱི་གཟེར། བླ་མའི་རྣལ་འབྱོར་གྱི་གཟེར་བཅས།
- གཏེར་སྟོན་རྒྱལ་པོ་རྣམ་ལྔ། ཉང་རལ་ཉི་མ་འོད་ཟེར། གུ་རུ་ཆོས་ཀྱི་དབང་ཕྱུག རིག་འཛིན་རྒོད་ལྡེམ། གྲུབ་ཆེན་ཐང་སྟོང་རྒྱལ་པོ། པཎ་ཆེན་པདྨ་དབང་རྒྱལ་བཅས་སོ།།
- འབུམ་ལྔ། སྐྱབས་འགྲོ་འབུམ་གཅིག་དང་། སེམས་བསྐྱེད་འབུམ་གཅིག མཎྜལ་འབུམ་གཅིག ཡིག་བརྒྱ་འབུམ་གཅིག ཕྱག་འབུམ་གཅིག་བཅས་སོ།།
- རིག་གནས་ཆུང་བ་ལྔ། སྙན་ངག མངོན་བརྗོད། སྡེབ་སྦྱོར། སྐར་རྩིས། ཟློས་གར་དང་ལྔའོ། །
- རིག་གནས་ཆེ་བ་ལྔ། ནང་རིག་པ། གཏན་ཚིགས་རིག་པ། སྒྲ་རིག་པ། གསོ་བ་རིག་པ། བཟོ་རིག་པ་བཅས།
དྲུག་ཚན།
[རྩོམ་སྒྲིག]- འགྲོ་བ་རིགས་དྲུག མཐོ་རིས་གསུམ་དང་ངན་སོང་གསུམ་བཅས།
- ཕར་ཕྱིན་དྲུག སྦྱིན་པའི་ཕར་ཕྱིན་དང་། ཚུལ་ཁྲིམས་ཀྱི་་ཕར་ཕྱིན། བཟོད་པའི་ཕར་ཕྱིན། བརྩོན་འགྲུས་ཀྱི་ཕར་ཕྱིན། བསམ་གཏན་གྱི་ཕར་ཕྱིན། ཤེས་རབ་ཀྱི་ཕར་ཕྱིན་བཅས།
བདུན་ཚན།
[རྩོམ་སྒྲིག]- རྒྱལ་སྲིད་སྣ་བདུན། འཁོར་ལོ་དང་ནོར་བུ། བཙུན་མོ། དམག་དཔོན། བློན་པོ། གླང་པོ་ཆེ། རྟ་མཆོག་རིན་པོ་ཆེ་བཅས་སོ། །
- གཟའ་བདུན། ཉི་ཟླ་དམར་ལྷག་ཕུར་སངས་སྤེན།
བརྒྱད་ཚན།
[རྩོམ་སྒྲིག]- བཀྲ་ཤིས་རྟགས་བརྒྱད། དཔལ་བེའུ། པདྨ། གདུགས། དུང་དཀར། འཁོར་ལོ། རྒྱལ་མཚན། བུམ་པ། གསེར་ཉ་དང་བརྒྱད།
- བཀྲ་ཤིས་རྫས་བརྒྱད། དུང་དཀར་གཡས་འཁྱིལ། ཞོ། གི་ཝཾ། ལི་ཁྲི། རྩྭ་དུར་བ། ཤིང་ཏོག་བིལ་བ། ཡུངས་དཀར། མེ་ལོང་བཅས་སོ། །
- རྟོག་གེའི་ཚིག་དོན་བརྒྱད། མངོན་སུམ་ཡང་དག་དང་ལྟར་སྣང་། རྗེས་དཔག་ཡང་དག་དང་ལྟར་སྣང་། སྒྲུབ་པ་ཡང་དག་དང་ལྟར་སྣང་། སུན་འབྱིན་ཡང་དག་དང་ལྟར་སྣང་ངོ་། །
དགུ་ཚན།
[རྩོམ་སྒྲིག]- སྐྱེ་དགུ འདོད་ཁམས་ལས་ཚེ་འཕོས་ཏེ་ཁམས་གསུམ་དུ་སྐྱེ་བ་གསུམ། གཟུགས་ཁམས་ལས་ཚེ་འཕོས་ཏེ་ཁམས་གསུམ་དུ་སྐྱེ་བ་གསུམ། གཟུགས་མེད་ཁམས་ལས་ཚེ་འཕོས་ཏེ་ཁམས་གསུམ་དུ་སྐྱེ་བ་གསུམ་དང་དགུའོ། །
- གར་གྱི་ཉམས་དགུ། སྒེག་པ། དཔའ་བ། མི་སྡུག་པ། རྒོད། དྲག་ཤུལ། འཇིགས་རུང་། སྙིང་རྗེ། རྔམ་པ། ཞི་བ་བཅས་སོ། །
བཅུ་ཚན།
[རྩོམ་སྒྲིག]- དགེ་བ་བཅུ། སྲོག་མི་གཅོད་པ། མ་བྱིན་པར་མི་ལེན་པ། ལོག་གཡེམ་སྤོང་བ། བདེན་པར་སྨྲ་བ། ཕྲ་མ་མི་བྱེད་པ། ཚིག་འཇམ་པོར་སྨྲ་བ། ངག་མི་འཆལ་བ། གཞན་ནོར་ལ་ཆགས་སྲེད་མི་བྱེད་པ། གཞན་ལ་གནོད་སེམས་མི་སྐྱེད་པ། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང་བཅུའོ། །
- མི་དགེ་བཅུ། སྲོག་གཅོད་པ། མ་བྱིན་ལེན་པ། ལོག་གཡེམ། རྫུན་སྨྲ་བ། ཕྲ་མ། ཚིག་རྩུབ། ངག་འཆལ། བརྣབ་སེམས། གནོད་སེམས། ལོག་ལྟ་དང་བཅུའོ། །
- ཕྱོགས་བཅུ། ཕྱོགས་བཞི་དང་མཚམས་བཞི། སྟེང་འོག་བཅས་བཅུའོ། །
- རིག་པའི་གནས་བཅུ། རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་བཅས།
བཅུ་གཅིག་གི་ཚན་པ།
[རྩོམ་སྒྲིག]- འཁྲུལ་མེད་གླིང་པ་བཅུ་གཅིག རྙིང་མའི་གཏེར་སྟོན་གཙོ་བོ་བཅུ་གཅིག་སྟེ། ཨོ་རྒྱན་གླིང་པ་དང་། སངས་རྒྱས་གླིང་པ། རྡོ་རྗེ་གླིང་པ། ཀུན་སྐྱོང་གླིང་པ། རིན་ཆེན་གླིང་པ། རཏྣ་གླིང་པ། པདྨ་གླིང་པ། ཀརྨ་གླིང་པ། ལས་འཕྲོ་གླིང་པ། བསམ་གཏན་གླིང་པ། བསྟན་གཉིས་གླིང་པ་བཅས།
བཅུ་གཉིས་ཀྱི་ཚན་པ།
[རྩོམ་སྒྲིག]- ལོ་སྐོར་བཅུ་གཉིས། བྱི་བ། གླང་། སྟག ཡོས། འབྲུག སྦྲུལ། རྟ། ལུག སྤྲེལ། བྱ། ཁྱི། ཕག་དང་བཅུ་གཉིས་སོ། །
- རྒྱལ་བའི་མཛད་པ་བཅུ་གཉིས། དགའ་ལྡན་གནས་ནས་འཕོ་བ། ལྷུམས་སུ་ཞུགས་པ། སྐུ་བལྟམས་པ། བཙུན་མོའི་འཁོར་གྱིས་རོལ་བ། བཟོ་ཡི་གནས་ལ་མཁས་པ། ཁྱིམ་ནས་མངོན་པར་བྱུང་བ། དཀའ་བ་སྤྱད་པ། བྱང་ཆུབ་སྙིང་པོར་གཤེགས་པ། བདུད་སྡེ་བཅོམ་པ། མངོན་པར་བྱང་ཆུབ་པ། ཆོས་འཁོར་བསྐོར་བ། མྱ་ངན་ལས་འདས་པའི་མཛད་པ་བཅས་སོ། །
བཅུ་གསུམ་གྱི་ཚན་པ།
[རྩོམ་སྒྲིག]- བོད་ཀྱི་མགུར་ལྷ་བཅུ་གསུམ། ཐང་ལྷ་ཡར་བཞུགས། ཡར་ལྷ་ཤམ་པོ། ཙང་ལྷ་བྱོལ་ཡུག སྲོག་ལྷ་གངས་དཀར། སྒྱོག་ཆེན་སྡོང་ར། དགེ་ལྷ་བྱང་རྩེ། ཅོག་ལྷ་མཚལ་རྩེ། གངས་དཀར་གཡུ་རྩེ། སུམ་རི་གཉན་པོ། འཛུམ་ཆེན་སྡོང་ཕྲལ། དབྱིབས་ཆེན་རབ་ངོར། འབྲི་ཆེན་སྡོར་ངུ། བོད་ཀྱི་བ་རུ་དང་བཅུ་ངསུམ།