ལྷོ་ཕྱོགས་འབྲི་ཆུ་འབབ་ས་ཁུལ་དུ་སྔ་རྗེས་བྱུང་བའི་རྒྱལ་རབས་བཅུ་
༡.ཝུ(吴)རྒྱལ་རབས། རྒྱལ་ས་ནི་ཅང་སུའུ་ཞིང་ཆེན་གྱི་དབྱང་ཀྲའོ། དེ་ལ་རྒྱལ་རབས་བཞི་བྱུང་བའི་(རུས་མིང་ནི་དབྱང)ཡིན་ཞིང། སྤྱི་ལོ་༩༠༢ནས༩༣༧བར་ལོ་ངོ་སོ་ལྔའི་རིང་སྲིད་དབང་བཟུང། ༢.མིན(闽)རྒྱལ་རབས། རྒྱལ་ས་ནི་ཧྥུ་ཅིའན་ཞིང་ཆེན་གྱི་ཧྥུ་ཀྲའུ། དེ་ལ་རྒྱལ་རབས་ལྔ་བྱུང་བའི(རུས་མིང་ཝང)ཡིན་ཞིང། སྤྱི་ལོ༩༠༩ནས༩༤༥བར་ལོ་ངོ་སོ་དྲུག་རིང་སྲིད་དབང་བཟུང། ༣.ཝུ་གཡོད(吴越)རྒྱལ་རབས། རྒྱལ་ས་ནི་ཀྲེ་ཅང་ཞིང་ཆེན་གྱི་ཧང་ཀྲོའུ། དེ་ལ་རྒྱལ་རབས་ལྔ་བྱུང་བའི(རུས་མིང་ནི་ཆའན)ཡིན་ཞིང། སྤྱི་ལོ༩༠༧ནས༩༧༨བར་ལོ་ངོ་དོན་གཅིག་རིང་སྲིད་དབང་བཟུང། ༤.ཁྲུའུ(楚)རྒྱལ་རབས། རྒྱལ་ས་ནི་ཧུའུ་ནན་ཞིང་ཆེན་གྱི་ཁྲང་ཧྲ། དེ་ལ་རྒྱལ་རབས་དྲུག་བྱུང་བའི(རུས་མིང་ནི་མཱ)ཡིན་ཞིང། སྤྱི་ལོ༩༠༧ནས༩༥༡བར་ལོ་ངོ་ཞེ་བཞིའི་རིང་སྲིད་དབང་བཟུང། ༥.ཆན་ཧྲུའུ(前蜀)རྒྱལ་རབས། རྒྱལ་ས་ནི་སི་ཁྲོན་ཞིང་ཆེན་གྱི་ཁྲེང་ཏུའུ། དེ་ལ་རྒྱལ་རབས་གཉིས་བྱུང་བའི(རུས་མིང་ཝང)ཡིན་ཞིང། སྤྱི་ལོ༩༠༣ནས༩༢༥བར་ལོ་ངོ་ཉེར་གཉིས་རིང་སྲིད་དབང་བཟུང། ༦.ཅིང་ནན(荆南)རྒྱལ་རབས། རྒྱལ་ས་ནི་ཧོ་པེ་ཞིང་ཆེན་གྱི་ཅིའང་ཧྲན། དེ་ལ་རྒྱལ་རབས་ལྔ་བྱུང་བའི(རུས་མིང་ནི་ཀའོ)ཡིན་ཞིང། སྤྱི་ལོ༩༢༤ནས༩༦༣བར་ལོ་ངོ་སོ་དགུའི་རིང་སྲིད་དབང་བཟུང། ༧.ནན་ཧན(南汉)རྒྱལ་རབས། རྒྱལ་ས་ནི་ཀོང་ཏུང་ཞིང་ཆེན་གྱི་ཀོང་ཀྲོའུ། དེ་ལ་རྒྱལ་རབས་བཞི་བྱུང་བའི(རུས་མིང་ནི་ལིའུ)ཡིན་ཞིང། སྤྱི་ལོ༩༡༧ནས༩༧༡བར་ལོ་ངོ་ལྔ་བཅུ་ང་བཞིའི་རིང་སྲིད་དབང་བཟུང། ༨.ཧོའུ་ཧྲུའུ(后蜀)རྒྱལ་རབས། རྒྱལ་ས་ནི་སི་ཁྲོན་ཞིང་ཆེན་གྱི་ཁྲེང་ཏུའུ། དེ་ལ་རྒྱལ་རབས་གཉིས་བྱུང་བའི(རུས་མིང་ནི་མིང)ཡིན་ཞིང། སྤྱི་ལོ༩༣༣ནས༩༦༥བར་ལོ་ངོ་སུམ་ཅུ་སོ་གཉིས་རིང་སྲིད་དབང་བཟུང། ༩.ནན་ཐང(南唐)རྒྱལ་རབས། རྒྱལ་ས་ནི་ཅང་སུའུ་ཞིང་ཆེན་གྱི་ནན་ཅིན། དེ་ལ་རྒྱལ་རབས་གསུམ་བྱུང་བའི(རུས་མིང་ནི་ལི)ཡིན་ཞིང། སྤྱི་ལོ༩༣༧ནས༩༧༥བར་ལོ་ངོ་སུམ་ཅུ་སི་བརྒྱད་རིང་སྲིད་དབང་བཟུང། ༡༠.པེ་ཧན(北汉)རྒྱལ་རབས། རྒྱལ་ས་ནི་ཧྲན་ཤིས་ཞིང་ཆེན་གྱི་ཐའེ་ཡོན་ཡིན། དེ་ལ་རྒྱལ་རབས་བཞི་བྱུང་བའི(རུས་མིང་ལིའུ)ཡིན་ཞིང། སྤྱི་ལོ༩༥༡ནས༩༧༩བར་ལོ་ངོ་ཉི་ཤུ་རྩ་བརྒྱད་རིང་སྲིད་དབང་བཟུང་།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།