ལྷག་བཅས་ཀྱི་ཕྲད་འཇུག་ཡུལ་བརྒྱད་

ཡོང་ཁུངས་Wikipedia

༡.ཚིག་སྔ་མ་མཚམས་སྦྱོར་བྱརད་པ་དང། ཕྱི་མ་མཚམས་སྦྱོར་བྱར་བཟུང་ནས་དུས་སྔ་ཕྱིས་འཇུག་པའི་མཚམས་སྦྱོར་ལྷག་བཅས། ༢.ཚིག་དོན་སྔ་ཕྱི་གཉིས་ཀ་མཚམས་སྦྱོར་བྱར་བཟུང་ནས་དུས་རིམ་གྱིས་འཇུག་པའི་མཚམས་སྦྱོར་ལྷག་བཅས། ༣.ཚིག་དོན་སྔ་ཕྱི་གཉིས་ཀ་མཚམས་སྦྱོར་བྱར་བཟུང་ནས་དུས་གཅིག་ཅར་དུ་འཇུག་པའི་མཚམས་སྦྱོར་ལྷག་བཅས། ༤.དབྱེ་བ་འདྲེན་པའི་དམ་བཅའ་ལྷག་བཅས། ༥.གཏན་ཚིག་འདྲེན་པའི་དམ་བཅའ་ལྷག་བཅས། ༦.ངེས་ཚིག་འདྲེན་པའི་དམ་བཅའ་ལྷག་བཅས། ༧.རྒྱས་བཤད་འདྲེན་པའི་དམ་བཅའ་ལྷག་བཅས་དངབཅས་མཚམས་སྦྱོར་ལྷག་བཅས་གསུམ་དང་དམ་བཅའ་ལྷག་བཅས་བཞིདང། ལྷག་བཅས་བདུན་པོའི་སྟེང་དུ། ༨.ཚིག་དོན་སྔ་མ་ལས་གཞན་འདྲེན་པའི་གཞན་འདྲེན་ལྷག་བཅས་བསྣན་པས་བརྒྱད་དོ།


དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།