Jump to content

ལྷ་བླ་མ།

ཡོང་ཁུངས་Wikipedia

ལྷ་བླ་མ་ཞེས་པ་ལ་དོན་གཉིས་ཏེ།
༡ བརྡ་རྙིང་དུ་ལྷ་ཞེས་པ་རྒྱལ་པོའི་དོན་ཡིན་ཞིང་། བླ་མ་ནི་ཡོན་ཏན་གྱིས་ཐུགས་རྒྱུད་ཕྱུག་པའི་ཆོས་པ་ལ་གོ་བས་ལྷ་བླ་མ་གཉིས་གཅིག་ཏུ་སྤྱོད་ཚེ། སྔར་རྒྱལ་པོ་ཡིན་ཡང་ཕྱིས་སུ་ཆོས་སྒོར་ཞུགས་ནས་བླ་མར་གྱུར་པའི་མི་ལ་གོ་དགོས། དཔེར་ན་ལྷ་བླ་མ་ཡེ་ཤེས་འོད་དང་བྱང་ཆུབ་འོད་ཅེས་པ་ལྟ་བུའོ། །
ལྷ་ནི་འགྲོ་བ་རིགས་དྲུག་ཏུ་གཏོགས་པའི་ལྷ་ལ་མི་གོ་བར་དཀོན་མཆོག་གི་དོན་ལ་འཇུག་ཅིང་། བླ་མ་ནི་གུ་རུའི་སྒྲ་དོན་ཅན་ཡིན་པས་ལྷ་བླ་མ་ཞེས་པ་དཀོན་མཆོག་གསུམ་གྱི་ངོ་བོ་རང་གི་བླ་མ་རིན་པོ་ཆེ་ལ་གོ་སྟེ། དཔེར་ན་ལྷ་བླ་མ་ཐུགས་རྗེ་མ་ཆུང་ཞེས་གསོལ་བ་འདེབས་པ་ལྟ་བུའོ། །