ལྔ་སྡེ་བཟང་པོ་

ཡོང་ཁུངས་Wikipedia

ལྔ་སྡེ་བཟང་པོ།[རྩོམ་སྒྲིག]

སྟོན་པ་ཤྰཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་པའི་རྗས་ཆོས་ཀྱི་ཐོག་མ་བདེན་བཞིའི་ཆོས་འཁོར་བསྐོར་ཡུལ་གྱི་སྣོད་དུ་གྱུར་པའི་སློབ་མའི་དང་པོ་ལྔ་སྟེ། ཀུན་ཤེས་ཀོོ་ཊྰི་ནྱ། རྟ་ཐུལ། རླངས་པ། མིང་ཆེན། བཟང་ལྡན་བཅས་ལྔ་ལ་འཁོར་ལྔ་སྡེ་བཟང་པོ་ཟེར་ཞིང་། དེ་རྣམས་རིམ་པར་དགྲ་བཅོམ་པའི་གོ་འཕང་ཐོབ་པ་དང་སྟོན་པའི་བསྟན་པ་འདི་ཡི་དགེ་འདུན་དཀོན་མཆོག་གི་ཐོག་མ་ཡིན་ནོ། །ཡང་གཞན་དུ། ཅང་ཤེས། ཀོའུ་ཊྰི་ནྱ། རྟ་ཐུལ། རླངས་པ། བ་ལང་བདག་གོ།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།