ལོ་སྐོར་བརྒྱད་

ཡོང་ཁུངས་Wikipedia

བོད་ཀྱི་ལོ་སྐོར་རེ་ལ་ལོ་བཅུ་གཉིས་ཡིན་པས་ལོ་སྐོར་བརྒྱད་ལ་ལོ་དགུ་བཅུ་གོ་དྲུག་ཡོད་པ་སྟེ། གླང་དར་མས་བསྟན་པ་བསྣུབས་པ་ནས་སངས་རྒྱས་ཀྱི་བསྟན་པ་ཕྱི་དར་གྱི་བར་ལ་ལོ་དགུ་བཅུ་གོ་དྲུག་ཡོད་པའི་དོན་ཡིན། འདིའི་སྐོར་ལ་བཞེད་པ་མི་འདྲ་བ་མང་དུ་ཡོད་པ་ནི་གཙོ་བོ་རྒྱལ་པོ་གླང་དར་མའི་འདས་ལོ་དང་། བླ་ཆེན་དགོངས་པ་རབ་གསལ་གྱི་འཁྲུངས་ལོ། སྲོང་བཙན་སྒམ་པོ་འཁྲུངས་འདས་ཀྱི་ལོ་བཅས་ལ་བཞེད་པ་མི་འདྲ་བའི་དབང་གིས་བྱུང་བ་ཡིན་པས་འདིར་བཀོད་ན་ཡི་གེ་མང་དོགས་ནས་མ་བྲིས་སོ། །

ལོ་སྐོར་བཅུ་གཉིས་། བྱི་བ། གླང་། སྟག ཡོས། འབྲུག སྦྲུལ། རྟ། ལུག སྤྲེལ། བྱ། ཁྱི། ཕག་རྣམས་སོ།། ལོ་འཁོར་བཅུ་གཉིས་ཟེར།

ལོ་འཁོར་བཅུ་སྐྱེད། དེ་སྔོན་བོད་ས་གནས་སྲེད་གཞུང་སྐབས་དངུལ་བུན་བཏང་བའི་སྐྱེད་ཁ་ལ་རིགས་ཁ་ལ་རིགས་ཁ་ཤས་ཡོད་པའི་ནང་ནས་སྐྱེད་ཁ་མཐོ་ཤོས་ཏེ། བོད་དངུལ་སྲང་ལྔ་བཅུ་ཐམ་པ་སྤྲོད་དགོས་པ་དེར་བཅུ་སྐྱེད་ཟེར།

ལོ་གྲགས་ཟེར་གསུམ། མི་འདོད་པ་དང་། མ་རངས་པའི་ཚིག་ཤུགས་སྟོན་པའི་ཕྲད་གསུམ།

ལོ་རྒན་དྲུག་བཅུ་། རབ་བྱུང་རྣམ་བྱུང་དཀར་པོ་དང་།། རབ་མྱོས་སྐྱེས་བདག་ཨདྒི་ར།། དཔལ་གདོང་དངོས་པོ་ན་ཚོད་ལྡན་།། འཛིན་བྱེད་དབང་ཕྱུག་འབྲུ་མང་དང་།། མྱོས་ལྡན་རྣམ་གནོན་ཁྱུ་མཆོག་དང་།། སྣ་ཚོགས་ཉི་མ་ཉི་སྒྲོལ་བྱེད།། ས་སྐྱོང་མི་ཟད་ཐམས་ཅད་འདུལ།། ཀུན་འཛིན་འགལ་བ་རྣམ་འགྱུར་དང་།། བོང་བུ་དགའ་བ་རྣམ་རྒྱལ་དང་།། རྒྱལ་བ་མྱོས་བྱེད་གདོད་ངན་དང་། གསེར་འཕྱང་རྣམ་འཕྱང་སྒྱུར་བྱེད་དང་།། རྒྱལ་བ་མྱོས་བྱེད་གདོད་ངན་དང་།། གསེར་འཕྱང་རྣམ་འཕྱང་སྒྱུར་བྱེད་དང་།། ཀུན་ལྡན་འཕར་བ་དགེ་བྱེད་དང་།། མཛེས་བྱེད་ཁྲོ་མོ་སྣ་ཚོགས་དབྱིག། ཟིལ་གནོན་སྤྲེའུ་ཕུར་བུ་དང་།། ཞི་བ་ཐུན་མོང་འགལ་བྱེད་དང་།། ཡོངས་འཛིན་བག་མེད་ཀུན་དགའ་དང་།། སྲིན་པོ་མི་དང་དམར་སེར་ཅན།། དུས་ཀྱི་ཕོ་ཉ་དོན་གྲུབ་དང་།། དྲག་པོ་བློ་ངན་རྡ་ཆེན་དང་།། ཁྲག་སྐྱུག་མིག་དམར་ཁྲོ་བོ་དང་།། ཟད་པ་ཞེས་བྱ་ལོ་དྲུག་ཅུ།། ཞེས་པ་ལྟར་ཏེ། བྱི་ལོ་སོགས་བཅུ་གཉིས་པོ་ཤིང་མི་ས་ལྕགས་ཆུ་ལྔས་རིམ་པར་སྒྱུར་བའོ།
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།