ལེའུ་

ཡོང་ཁུངས་Wikipedia

གནའ་རབས་བོད་ཀྱི་རྩོམ་ཡིག་རྣམས་ལ་ནང་གསེས་དོན་ཚན་མང་པོ་ཡོད་ན་དོན་ཚན་ཆེ་བ་རེ་ལ་ལེའུ་རེར་རྩིས་ནས་དེའི་ནང་གསེས་ཀྱི་དོན་ཚན་ཆུང་བ་རྣམས་ས་བཅད་དུམ་བུ་སོ་སོར་བགོས་པ་ཡིན། ལེའུ་རེའི་ཡིག་འབྲུའི་གྲངས་ཚད་ནི། རྒྱ་གར་སྐད་ཀྱི་རྩོམ་ཡིག་ལ་ཚིགས་བཅད་ཡིན་ཚེ་ཚིག་རྐང་རེར་ཤློོ་ཀ་གཅིག་དང། ཚིག་ལྷུག་མ་ཡིན་ན་ཚེག་བར་རེ་ལ་ཡིག་འབྲུ་རེར་རྩིས་པའི་ཡིག་འབྲུ་སུམ་ཅུ་སོ་གཉིས་ལ་ཤློོ་ཀ་གཅིག་ཏུ་རྩིས་ཏེ་ཤློོ་ཀ་སུམ་བརྒྱ་སྟེ་ཡིག་འབྲུ་ཚེག་བར་དགུ་སྟོང་དྲུག་བརྒྱ་ལ་བམ་པོ་གཅིག་ཡིན་ཞིང། བམ་པོ་རེ་ལ་ཆ་སྙོམས་ཀྱི་ལེའུ་གཉིས་རེ་དང། ལེའུ་རེར་ཡིག་འབྲུ་ཚེག་བར་བཞི་སྟོང་བརྒྱད་བརྒྱ་ཡོད། བོད་སྐད་ཀྱི་རྩོམ་ཡིག་ལ་ནི། ཚིགས་བཅད་ཚིག་རྐང་བཞི་རེར་ཤློོ་ལོ་ཀ་རེར་རྩིས་པ་གོང་དང་འདྲ་ཞིང། ཚིག་ལྷུག་ཡིན་ན་ཚེག་བར་ཉི་ཤུ་རྩ་བརྒྱད་རེ་ལ་ཤློོ་ལོ་ཀ་རེ་དང། ཤློོ་ཀ་སུམ་བརྒྱ་ཐམ་པ་སྟེ་ཡིག་འབྲུ་ཚེག་བར་བརྒྱད་སྟོང་བཞི་བརྒྱ་ལ་བམ་པོ་གཅིག བམ་པོ་རེར་ཆ་སྙོམས་ཀྱི་ལེའུ་གཉིས་རེ་དང། ལེའུ་རེར་ཡིག་འབྲུ་ཚེག་བར་བཞི་སྟོང་ཉིས་བརྒྱ་རེ་ཡོད་ཅེས་བཀའ་འགྱུར་དང་བསྟན་འགྱུར་གྱི་དཀར་ཆག་འགའ་ཞིག་ལས་གསལ།
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།

"https://bo.wikipedia.org/w/index.php?title=ལེའུ་&oldid=83245"ལས་སླར་རྙེད་སོང།