རྫོང་ཁ།

ཡོང་ཁུངས་Wikipedia

རྫོང་ཁ་ཟེར་སླབ་དགོ་མི་རྒྱུ་མཚན་ནི། ཧེ་མ་དཔོན་གྱི་སྒོ་ཁ་དང་དམག་སྡེའི་དྲག་གྲས། ཤེས་ཡོན་ཅན་གྱི་མི་བརྒྱུད། གཞུང་སྐྱོང་དང་བདག་སྐྱོང་ཚུ་གི་ རྫོང་རེ་རེ་བཞིན་དུ་ནང་ལུ་ ཁ་སྐད་གཙོ་བོ་ཅིག་སྦེ་ ལག་ལེན་འཐབ་པ་ལས་བརྟེན་ཏེ་ རྫོང་ཁ་ཟེར་བཏགས་གནང་གནངམ་ཨིན་པས་ལགས།

རྫོང་ཁའི་མིང་དོན།[རྩོམ་སྒྲིག]

རྫོང་ཁ་ཞེས་པའི་མིང་ཐོགས་ཚུལ་ནི། ཆབ་སྲིད་འཛིན་སྐྱོང་གི་ལྟེ་བར་གྱུར་པའི་ས་གནས་སམ་རྫོང་ཁག་གི་ལས་ཁུངས་རྣམས་སུ་གཞུང་འབྲེལ་སྐད་ཡིག་ཏུ་བཀོལ་སྤྱོད་བྱེད་པའི་རྒྱུ་མཚན་གྱིས་སམ། རྫོང་གི་ལས་མི་ཚོས་རྒྱུན་ལྡན་བེད་སྤྱོད་པའི་ཁ་སྐད་ཡིན་པས་རྫོང་ཁ་ཞེས་གྲགས།

བཀོལ་སྤྱོད།[རྩོམ་སྒྲིག]

རྫོང་ཁའི་སྐད་ནི་འབྲུག་གི་རྫོང་ཁག་ཉི་ཤུ་ཐམ་པ་ལས། དབང་འདུས་ཕོ་བྲང་དང་། སྤུ་ན་ཁ་དང་། ཐིམ་ཕུ་དང་། མགར་ས་དང་། སྤ་རོ་དང་། ཧཱ་དང་། དར་དཀར་ནང་དང་། ཆུ་ཁ་རྫོང་ཁག་བཅས། ནུབ་ཕྱོགས་ཀྱི་རྫོང་ཁག་བརྒྱད་ཀྱི་ཡུལ་སྐད་ཡིན་ལ། གཞན་ཡང་གནའ་བོའི་དུས་འབྲུག་རྒྱལ་ཁབ་ཀྱི་མངའ་ཁོངས་ཡིན་ཡང་། དེང་སང་རྒྱ་གར་གྱི་བྱང་བངྒཱ་ལའི་ཁོངས་གཏོགས་ཀྱི་ས་གནས་བཀའ་བློན་སྦུག་བཅས་ལའང་རྫོང་ཁའི་སྐད་རྒྱུན་ལྡན་དུ་བེད་སྤྱོད་གཏོང་བའི་མི་སྡེ་ཡོད། རྫོང་ཁ་འདི་ཕྱི་ལོ་ ༡༩༧༡ ལོར་མི་དབང་འབྲུག་རྒྱལ་གསུམ་པ་༸དཔལ་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་འབྲུག་རྒྱལ་ཁབ་ཀྱི་རྒྱལ་ཡོངས་སྐད་ཡིག་ཏུ་གཏན་འབེབས་མཛད་པ་ནས་བཟུང་། སློབ་གྲྭ་ཁག་གི་སློབ་ཚན་ནང་ངེས་པར་དུ་སྦྱོང་དགོས། སྐད་འདི་གོང་གསལ་འབྲུག་གི་ནུབ་ཕྱོགས་རྫོང་ཁག་བརྒྱད་པོ་ལས། གཞན་ལྷོ་ཕྱོགས་དང་ཤར་ཕྱོགས་ཀྱི་རྫོང་ཁག་ཚོའི་ཕ་སྐད་མིན། སྤྱིར་བཏང་རྫོང་ཁ་ལབ་མཁན་དྲུག་འབུམ་བཞི་ཁྲི་ལྷག་ཡོད་པ་ལས། ཕ་སྐད་དུ་སྤྱོད་མཁན་ནི་ཆིག་འབུམ་བདུན་ཁྲིག་ལྷག་ཡིན།[༡]

ལོ་རྒྱུས།[རྩོམ་སྒྲིག]

རྫོང་ཁ་ནི་འབྲུག་རྒྱལ་ཁབ་ནང་ཁ་སྐད་མི་འདྲ་བ་ཉི་ཤུ་རྩ་གྲངས་ཤིག་ཡོད་པའི་གྲས་ཤིག་ཡིན། རྫོང་ཁ་འདི་དུས་རབས་བཅུ་གཉིས་པ་ཙམ་ནས་དཔོན་པོའི་ལས་ཁང་དང་། དམག་སྡེའི་དམག་དཔོན་དང་། ཤེས་ཡོན་ཅན་གྱི་མི་བརྒྱུད་དང་། གཞུང་སྐྱོང་ལས་མི་ཚོའི་ཁ་སྐད་དུ་བེད་སྤྱོད་ཀྱང་། གཞུང་འབྲེལ་ཡིག་ཆ་དང་། ཁྲིམས་འབྲེལ་གྱི་ཡིག་ཆ་རྣམས་ལ་ནི་ཆོས་སྐད་དམ་བོད་སྐད་ཁམས་གཙང་སྤྱོད་པའི་སྲོལ་མཆིས་མོད། མཐར་ཕྱི་ལོ་ ༡༩༧༡ ནང་དཔལ་མི་དབང་འབྲུག་རྒྱལ་གསུམ་པ་༸དཔལ་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་རྫོང་ཁ་འདི་འབྲུག་གི་རྒྱལ་ཡོངས་སྐད་ཡིག་ཏུ་གསལ་བསྒྲགས་མཛད་ཅིང་། རྫོང་ཁ་རྒྱ་སྐྱེད་དང་གོང་འཕེལ་གྱི་ཆེད་དུ་རྫོང་ཁའི་སློབ་སྦྱོང་དང་འབྲེལ་བའི་དཔེ་དེབ་རྣམས་འབྲི་བ་དང་། པར་སྐྲུན་བྱེད་པ་སོགས་ཀྱི་ཆེད་ཕྱི་ལོ་ ༡༩༨༦ ལོར་མི་དབང་འབྲུག་རྒྱལ་བཞི་པའི་དགོངས་བཞེད་ལྟར་རྫོང་ཁ་གོང་འཕེལ་ལྷན་ཚོགས་ཞེས་པའི་ཚོགས་སྡེ་ཞིག་འབྲུག་རྒྱལ་ཁབ་ཀྱི་ཤེས་རིག་ལྷན་ཁག་གི་ཁོངས་སུ་གསར་འཛུགས་མཛད།

རྫོང་ཁ་གོང་འཕེལ་ལྷན་ཚོགས།[རྩོམ་སྒྲིག]

རྫོང་ཁ་གོང་འཕེལ་ལྷན་ཚོགས་ནི། འབྲུག་གི་རྒྱལ་ཁབ་ནང་འབྲུག་གི་རྒྱལ་ཡོངས་སྐད་ཡིག་གམ་རྫོང་ཁའི་རྒྱ་སྐྱེད་ཀྱི་ཆེད་དུ་ཕྱི་ལོ་ ༡༩༨༦ ལོར་མི་དབང་འབྲུག་རྒྱལ་བཞི་པ་དཔལ་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གི་ཐུགས་དགོངས་ལྟར་གསར་འཛུགས་མཛད་པའི་རང་དབང་ཚོགས་སྡེ་ཞིག་ཡིན། ཚོགས་སྡེ་འདི་ནས་གཙོ་བོ་རྫོང་ཁའི་བཀོལ་སྤྱོད་དར་སྤེལ་གྱི་ཆེད། རྒྱལ་ཁབ་ཀྱི་ཤེས་ཡོན་ལམ་ལུགས་དང་སྤྱི་ཚོགས་ཞབས་ཞུ་ལྷན། སྐད་ཡིག་གི་སྒྲིག་གཏན་འབེབས་དང་རྒྱ་སྐྱེད་ཀྱི་ལས་དོན་སྒྲུབ་ཅིང་། རྩིས་འཕྲུལ་ཐོག་རྫོང་ཁའི་སྐད་ཡིག་བཀོལ་སྤྱོད་ཀྱི་ཆ་རྐྱེན་སྒྲིག་སྦྱོར་དང་མཐུན་རྐྱེན་མཁོ་སྤྲོད་སོགས་ཀྱིས་རྫོང་ཁའི་སྐད་ལག་ལེན་དུ་འདེབས་པའི་ལས་འཆར་སྤེལ།

འབྲི་ཐབས་ལམ་ལུགས།[རྩོམ་སྒྲིག]

བརྡ་སྤྲོད་ཀྱི་རྣམ་གཞག[རྩོམ་སྒྲིག]

འདི་ལའང་གཟིགས།[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག: