རིན་སྤུངས་མཚོ་སྐྱེས་རྡོ་རྗེ།

ཡོང་ཁུངས་Wikipedia

རབ་བྱུང་བརྒྱད་པ་ཆུ་རྟ(༡༤༦༢)ལོར་ཡབ་རིན་སྤུངས་ནོར་བཟང་པའི་སྲས་སུ་འཁྲུངས། དེས་དཔུང་སྟོབས་ལ་བརྟེན་ནས་ཡར་ལུང་མཁར་ཐོག་གི་རྫོང་བཟུང་། དེའི་ཚེ་སྣེ་གདོང་སྡེ་སྲིད་ངག་གི་དབང་ཕྱུག་གཤེགས་ཏེ་གདུང་རྒྱུད་སྐུ་ན་ཕྲ་སྐབས་ཕོ་བྲང་སྣེ་གདོང་རྩེའི་དཔོན་ཚབ་དང་ཐེལ་གཏོང་མཛད། རབ་བྱུང་བརྒྱད་པའི་ལྕགས་ཕག(༡༤༩༡)ནས་ལོ་དགུའི་རིང་རིན་སྤུངས་མཚོ་སྐྱེས་རྡོ་རྗེས་དཔོན་ཚབ་ཐེལ་གཏོང་ཞེས་བྱ་བ་དོན་དུ་ཕག་མོ་གྲུ་པའི་སྲིད་ཀྱི་ཁ་ལོ་བསྒྱུར། ཁོང་གིས་དཔོན་ཚབ་དང་དབང་སྒྱུར་བྱེད་རིང་ཕག་གྲུའི་བློན་པོ་གཞན་རྣམས་མ་མགུ་བས་ཡར་ལུང་ནང་སྡེ་གཟར་ཡང་ཡང་བྱུང་རུང་རིན་སྤུངས་པའི་དཔུང་སྟོབས་ལ་འགྲན་ཐུབ་པ་ཞིག་མ་བྱུང་ཞིང་། རིན་སྤུངས་པའི་སྟོབས་ཤུགས་ཇེ་ཆེར་རྒྱས་པས་དབུས་གཙང་ཡོངས་ལ་དབང་སྒྱུར་བྱེད་ཐུབ་པའི་རྨང་གཞི་ཆགས། རིན་སྤུངས་མཚོ་སྐྱེས་རྡོ་རྗེ་དང་དོན་ཡོད་རྡོ་རྗེས་གཙོ་བྱས་པའི་སྡེ་དཔོན་རྣམས་སྣེ་གདོང་དུ་འཚོགས་ཏེ་ས་ལུག(༡༤༩༩)ལོར་ངག་དབང་བཀྲ་ཤིས་གྲགས་པ་དགུང་ལོ་བཅུ་གཉིས་གཞེས་པ་སྣེ་གདོང་གི་ཁྲིར་བཏོན། རབ་བྱུང་དགུ་པའི་ལྕགས་རྟ་(༡༥༡༠)ལོར་མཚོ་སྐྱེས་རྡོ་རྗེ་འདསདུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།