རིགས་གསུམ་མགོན་པོ།

ཡོང་ཁུངས་Wikipedia

སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ། སངས་རྒྱས་ཐམས་ཅད་མཁྱེན་བརྩེ་ནུས་པ་གསུམ་ལྷའི་རྣམ་པར་ཤར་བའི་ཚེ་མཁྱེན་པའི་རང་གཟུགས་འཇམ་དཔལ་དབྱངས། བརྩེ་བའི་རང་གཟུགས་ནི་སྤྱན་རས་གཟིགས། མཐུ་སྟོབས་ནུས་པའི་རང་གཟུགས་ནི་གསང་བདག་ཕྱག་ན་རྡོ་རྗེ་ཡིན་པས་སངས་རྒྱས་ཐམས་ཅད་ཀྱི་རིགས་བསྡུས་ན་རིགས་གསུམ་དུ་འདུས་པ་ཡིན་ཞེས་བཤད་ཡོད།དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།