རང་གི་མཚན་ཉིད་ཀྱིས་གྲུབ་པ་ཐ་སྙད་ཙམ་དུ་ཡང་མི་བཞེད།

ཡོང་ཁུངས་Wikipedia

དབུ་མ་རང་རྒྱུད་པ་རྣམས་ཀྱིས་བདེན་པར་གྲུབ་པ་སོགས་ལྔ་ནི་ཐ་སྙད་དུ་མི་བཞེད་ཀྱང་། རང་གི་མཚན་ཉིད་ཀྱིས་གྲུབ་པ་སོགས་གསུམ་ཐ་སྙད་དུ་གྲུབ་པར་བཞེད་ལ། དབུ་མ་ཐལ་འགྱུར་བས་ནི་བདེན་པར་གྲུབ་པ་སོགས་དང་རང་གི་མཚན་ཉིད་ཀྱིས་གྲུབ་པ་སོགས་དོན་གཅིག་པར་བཞེད་པས། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཐ་སྙད་ཙམ་ཡང་མི་བཞེད་དོ། །༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།