Jump to content

བོད་ཡུལ།

ཡོང་ཁུངས་Wikipedia
བོད་ཡུལ་ ནས་ཁ་ཕྱོགས་བསྐྱར་དུ་བཟོས་པ།

ནོར་བཅོས། ས་ཁྲ་འདིའི་ནང་གི་བོད་ཆོལ་ཁ་གསུམ་གྱི་ཆ་ས་ནོར་འདུག དཔེར་ན་ཁམས་ཞེས་པ་དེ་ཟི་ཁྲོན་ཁོངས་སུ་གཅིག་པུ་ཡིན་པ་བྲིས་པ་དེ་ནོར་བ་རེད། བོད་རང་སྐྱོང་ལྗོངས་ཀྱི་ཁོངས་སུ་ཆབ་མདོ་ས་ཁུལ་ཡོངས་དང་ནག་ཆུའི་ཤར་ཕྱོགས་ས་ཁུལ་རྣམས་ཁམས་རེད་ལ། མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཤུལ་ས་ཁུལ་ཡང་ཁམས་རེད།

བོད་ནི་ཨེ་ཤེ་ཡའི་མདོ་དབུས་མཐོ་སྒང་དུ་ཡོད་ཅིང་། ཧི་མ་ལ་ཡའི་བྱང་ངོས་སུ་གནས་ཡོད། དེ་ནི་བོད་རིགས་ཀྱི་ཁྱིམ་དང་ད་དུང་རྒྱ་རིགས་དང་ཧུད་རིགས་མང་པོའི་གནས་སྐབས་བཅའ་སྡོད་བྱེད་སའི་གནས་ཡང་རེད་།

བོད་ནི་འཛམ་གླིང་གི་མཐོ་ཤོས་གི་ས་ཆ་ཞིག་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་ལ་རྨིད་༤༩༠༠ལྷག་ཡོད་པ་རེད། ས་དེར་འཛམ་གླིང་གི་རྩེ་མོའང་ཟེར་སྲོལ་ཡོད།ནོར་བཅོས།

དེ་ནི་བོད་རིགས་ཀྱི་ཁྱིམ་༼བོད་རིགས་ཀྱི་ཁྱིམ་ཟེར་བ་ཅི་རེད།༽དང་ད་དུང་རྒྱ་རིགས་དང་ཧུད་རིགས་མང་པོའི་གནས་སྐབས་བཅའ་སྡོད་༼གནས་སྐབས་བཅའ་སྡོད་ཟེར་བ་ཅི་རེད།༽བྱེད་སའི་གནས་ཡང་རེད་།

མིང་བྱུང་ཚུལ།

[རྩོམ་སྒྲིག]

རང་རེའི་ཡུལ་འདི་ལ་ནི་ཆེས་གནའ་བོའི་དུས་ནས་བོད་ཀྱི་ཡུལ་ཞེས་བྱ་བ་བྱུང་ཞིང་མིང་དེ་ལྟར་འདོགས་དགོས་པའི་རྒྱུ་མཚན་ཅི་ཞིག་ཡིན་ཞེ་ན་ནི་དེ་ལ་ཤོད་སྲོལ་མི་འདྲ་བ་མང་དུ་ཡོད་དེ་དཔེར་ན་འགའ་ཞིག་གིས་བོན་ཡུལ་འདིར་ཐོན་སྐྱེདགཅོ་བོ་འབྲོག་ལས་ཡིན་སྟབས། འབྲོག་པ་རྣམས་ནི་ལུང་པ་རེར་དུད་ཁྱིམ་རེ་བྱས་ནས་སྡོད་པ་ལས་གྲོང་ཚོ་འམ་གྲོང་ཁྱེར་ཆགས་ནས་སྡོད་ཐབས་མེད་པས་ན་དུད་ཁྱིམ་རེ་རེའི་བར་དུ་སྐད་ཆ་ཤོད་སྐབས་ཀི་བརྒྱབ་པའམ་ཡང་ན་སྐད་ཆེན་པོ་འབོད་དགོས་པས་ན་འབོད། བོད་ཅེས་རིམ་གྱིས་སྒྲ་འགྱུར་བ་ཡིན་ཟེར། དེ་ལྟར་བསམ་ན་བོད་ཅེས་བྱ་བའི་ཐ་སྙད་དེ་མི་རིགས་གཞན་གིས་ཚུར་བཏགས་པ་ལྟར་དུ་སྣང་ཡང་མི་རིགས་གཞན་གྱི་སྐད་དུ་རང་རིགས་ལ་བོད་ཅེས་ཟེར་བ་ནི་ཉུང་ལ། རྒྱ་གར་བས་རང་རིགས་ལ་བྷོ་ཊ་ཞེས་འབོད་ཀྱང་དེ་ནི་བོད་ཅེས་པ་སྒྲ་གྲགས་པར་ཀློག་པའི་དབང་གིས་བོད། བྷོད། བྷོ་ཊ་ཞེས་རིམ་གྱིས་སྒྲ་འགྱུར་བ་ཡིན་པ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་གསུངས་སོ། ཡང་འགའ་ཞིག་གིས་རུ་པ་ཏི་ཞེས་བྱ་བའི་རྒྱ་གར་ཡུལ་གྱི་རྒྱལ་པོ་དཔུང་གི་ཚོགས་བཅས་པ་གཡུལ་ཕམ་ནས་བུ་མེད་ཀྱི་ཆས་སུ་བཞུགས་སྟེ་ཡུལ་གངས་ཅན་གྱི་ཕྱོགས་སུ་བྲོས་པ་ལས་དེའི་རིགས་རྒྱུད་ལས་གངས་ཅན་གྱི་མི་རྣམས་འཕེལ་ཞེས་ཟེར་ཡང་དེ་ནི་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་བོད་ཡུལ་དུ་དར་བའི་ཤུག་རྐྱེན་འོག་བྱུང་བ་ཞིག་ཡིན་པ་ལས་སྨོས་ཅི། གཞན་ཡང་རིག་པས་བསམ་ནའང་རྒྱ་གར་གྱི་ཡུལ་ལ་འགྲོ་བ་མིའི་རིགས་བྱུང་བ་མ་ཟད་དབང་བསྒྱུར་གྲལ་རིམ་ཡང་ཐོན་པའི་དུས་ན། བོད་ཡུལ་དུ་ད་དུང་ཡང་མིའི་འགྲོ་བ་མི་འབྱུང་བ་ནི་བཞད་གད་ཙམ་ལས་མི་འདའ་ཏེ། འགོས་ལོ་རྩ་བ་སོགས་སྔོན་བྱོན་མཁས་པ་དུ་མའི་བཞེད་པ་དང་འགལ་ལ། དེང་སྐབས་ཀྱི་གནའ་རྫས་རྟོགས་ཞིབ་པའི་ཚོད་བགམ་དང་ཡང་འགལ་བའི་ཕྱིར་རོ།

མཁས་དབང་དགེ་ཆོས་ཀྱི་《དེབ་ཐེར་དཀར་པོའི་》ནང་བོད་ཞེས་བྱ་བ་འདི་རྒྱུ་མཚན་ཅིའང་མེད་པའི་འདོད་རྒྱལ་ཙམ་ཡིན་པ་དང་། གཉའ་ཁྲི་སོགས་ལ་འོད་དེ་དང་སྤུ་རྒྱལ་དུ་འབོད་པས་རྒྱལ་པོའི་གདུང་རྒྱུད་ཀྱི་མཚན་ས་མིང་དུ་ཐོགས་པ། དེ་བཞིན་དུ་གནའ་བོའི་དུས་བོད་ཡུལ་འདི་གང་པོ་ན་གཡུང་དྲུང་བོན་གྱི་ཆོས་ལུགས་འབའ་ཞིག་དར་བས་བོན་གྱི་ཡུལ་ཞེས་པ་དེ་ཕྱིས་སུ་བོད་ཀྱི་ཡུལ་ཞེས་པར་འགྱུར་བ་བཅས་ཀྱི་བཞེད་པ་གསུམ་ཙམ་གསུངས་ཡོད། དེ་ལས་སྤྱིར་བ་མི་རིགས་ཤིག་གི་མིང་འདོད་རྒྱལ་ཙམ་ཡིན་པ་ནི་ཉུང་ཞིང་། རྒྱལ་པོའི་མཚན་གདུང་རྒྱུད་པྱི་མིང་དུ་ཐོགས་པ་འདི་ལངས་ཐེ་ཚོམ་ཅུང་ཟད་ཡོད་པ་ཞིག་ཡིན་ཏེ། མངང་མཛད་བཅུ་གཉིས་ཀྱི་སྐབས་༼ཆོས་འབྱུང་མཁས་པའི་དགའ་སྟོན༽ལས། བདུན་པ་མ་སངས་རུས་དགུས་དབང་བྱས་ཏེ། ཡུལ་གྱི་མིང་ལ་བོད་ཁམས་ཉ་དྲུག་ཟེར། ཞེས་དང་། ༼ལྡེའུ་ཆོས་འབྱུང་༽ལས་བདུན་པ་མ་སངས་རུས་དགུས་དབང་བྱས་ཏེ།ཡུལ་གྱི་མིང་ནི་བོད་ཁམས་གཡང་དྲུག་ཟེར། ཞེས་པ་དེ་བཞིན་དུ་༼ཆོས་འབྱུང་ངོ་མཚར་རྒྱ་མཚོའི་ཆུ་ཐིགས་༽དང་༼ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་༽སོགས་ཆོས་འབྱུང་ཀུན་དུ་བོད་ཁམས་གཡང་དྲུག་དང་བོད་ཁམས་གཡའ་དྲུག་བོད་ཁམས་ཉ་དྲུག་ཅེས་གཡཱ་དྲུག་དང་། གཡང་དྲུག ཉ་དྲུག་སོགས་ཀྱི་འབོད་སྟངས་མི་འདྲ་བ་ཙམ་ལས་བོད་ཁམས་ཞེས་པ་ཆོས་འབྱུང་སོ་སོ་གཅིག་མཐུན་དུ་འདུག་པས་ན་བོད་ཅེས་པའི་འབོད་སྲོལ་འདི་གཉའ་ཁྲིའི་གོང་ནས་ཡོད་དམ་སྙམ། ཡང་༼ཏུན་ཧོང་ཡིག་རྙིང་དུ་༽ལྷ་རི་གྱང་མཐོར་གཤེགས་ནས་རི་རབ་ལྷུན་པོ་ཡང་དགུའ་དྲུང་དྲུང་། ཤིང་སྡོང་པོ་ཡང་བང་ཐང་ཐང་། ཆབ་ལུ་མ་ཡང་དངོ་སིལ་སིལ། གོར་ཕ་བོང་ཡང་མཉེད་ཁྲུང་ཁྲུང་གིས་ཕྱལ་འཚལ་ལོ། གནམ་མཐའ་འོག་གི་རྗེ་བོ་མཛད་པའི་ཕྱིར། གནམ་གྱི་དབུས། སའི་དཀྱིལ། གླིང་གི་སྤྱི་བོ། གངས་ཀྱི་རྭ་བ། ཆུ་བོ་ཀུན་གྱི་མགོ མྱི་དཔའ་རུ་སྐྱེས། རྟ་འགྱོགས་སུ་འཕེལ་བའི་ཡུལ། བོད་གཡག་དྲུག་གི་རྗེར་གཤེགས་སོ།" ཞེས་ལ་བརྟགས་ནའང་གཉའ་ཁྲི་བཙན་པོ་མ་བྱུང་བའི་སྔ་རོལ་ནས་ཡུལ་ཡར་ལུང་འདའི་ཕྱོགས་ན་བོད་ཅེས་འབོད་སྲོད་ཀྱི་ཡོད་པ་འདྲ་འོ།

གཞན་གྱི་རྒྱལ་རབས་ཁག་ནང་རྒྱལ་པོའི་མིང་ས་མིང་དུ་ཐོགས་པ་མང་ཡང་བོད་ཞེས་པའི་མིང་འདི་ནི་གཉའ་ཁྲི་བཙན་པོའི་མིང་མི་རིགས་ཀྱི་མིང་ངམ་བོད་ཀྱི་ཡུལ་མིང་དུ་ཐོགས་པ་ཞིག་ནི་མ་ཡིན་སྙམ་མོ། གཞན་སྔོན་བོན་གྱི་ཡུལ་ཞེས་པ་ལས་ཕྱིས་སུ་བོད་ཀྱི་ཡུལ་ཞེས་འབོད་པ་འདིར་བསམ་གཞིགས་ཞིག་བྱས་ཚེ། མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱིས་"དེ་ནི་ངེས་པར་བཞད་གད་སྲོང་བའི་གཏམ་དུ་སྣང་མོད་ཀྱི་ཅུང་ཟད་ཅིག་བསམ་དགོས་པ་ཡིན་ཏེ། དེ་ཡང་རྗེ་གནམ་རི་སྲོང་བཙན་གྱི་ཡད་ཆོད་ན་འདི་ཡུལ་གང་པོ་ན་གཡུང་དྲུང་བོན་གྱི་ཆོས་ལུགས་འབའ་ཞིག་དར་བས། ཡ་མཚན་རྒྱུ་ཆེར་མེད་ལ། དེར་མ་ཟད་གནའི་ཐ་སྙད་དུ་རྗེས་འཇུག་ན་ད་གཉིས་ཕན་ཚུན་རྗེས་པ་ཡང་ཤིན་ཏུ་མང་སྟེ། བཙན་པོ་དང་བཙད་པོ། ཆུན་པོ་དང་ཆུད་པོ་སོགས་རེས་མོས་སུ་བྲིས་པ་བཞིན་བོན་བང་བོད་གཉིས་ཀྱང་ཕན་ཚུན་རྗེས་སྲིད་པས་སོ། སོག་ཡུལ་འགར་བོན་ལུགས་བྱེད་པ་དག་ལ་བོད་དམ་བོ་ཞེས་ཐ་སྙད་ཆགས་འདུག "ཅེས་གསུངས་པ་བཞིན་ཁོ་བོའི་བསམ་པར་ཡང་མིང་འདི་ནི་ཆོས་ལུགས་ཀྱི་མིང་ལས་ས་མིང་དུ་ཐོགས་པའམ། ཡང་ན་ས་མིང་དག་ཆོས་ལུགས་ཀྱི་མིང་དུ་ཐོགས་པ་ཞིག་ཡིན་ནམ་སྙམ་མོ། གལ་ཏེ་ཆོས་ལུགས་ཀྱི་མིང་དག་ལས་ས་མིང་དུ་ཐོགས་ཚེ་བོན་ཞེས་པ་འདིའི་གོ་དོན་ཅི་ཡིན་ཞེ་ན། ༼དེབ་ཐེར་ཀུན་གསལ་མེ་ལོང་༽ལས་"བོན་ཞེས་པ་ནི་སྟོང་པ་མ་ཡིན་པའི་དོན་ཡིན་ཞེས་དང་། གདོད་མའི་ཆོས་པ་རྣམས་ཀྱིས་རང་ཉིད་ཀྱི་ཆོས་ལུགས་དེ་སྟོང་པ་མ་ཡིན་པ་དང་། ནང་དོན་ཕུན་སུམ་ཚོགས་པོ་ཞིག་ཡོད་ཟེར་ནས་ཆོས་ལུགས་དེ་དག་བོན་ལུགས་ཞེས་མིང་བཏགས་པ་ཡིན་ནམ་སྙམ།"ཞེས་བྱུང་བ་དང་། ཡང་མཁས་དབང་ནམ་མཁའི་ནོར་བུས། བོན་ཞེས་པ་འདི་ནི་བཀྲ་ཤིས་པ་དང་ཕུན་སུམ་ཚོགས་པའི་དོན་ལ་འཇུག་ཅེས་པ་སོགསབྱུང་། གལ་ཏེ་བོད་འདི་བོན་ཞེས་པ་ལས་འགྱུར་བ་ཡིན་ཚེ་བོན་ཞེས་པ་ནི་ཞང་ཞུང་གི་སྐད་ཡིན་པ་དང་བོད་སྐད་དུ་ཕུན་སུམ་ཚོགས་པ་དང་བཀྲ་ཤིས་པ། སྟོང་པ་མ་ཡིན་པ་སོགས་ཀྱི་དོན་ཡིན་ནོ།

གཞན་མཐོ་བོད་དང་། ཐུ་སྦོའོ། སྟོད་བོད། ཏི་པད་ཞེས་པ་སོགས་ནི་བོད་ཞེས་པའི་མིང་འདི་བྱུང་རྗེས་བཏགས་པའི་མིང་ཞིག་ཡིན་ཡིན་ཞིང་། དེང་བོད་ཡུལ་འདིར་མཐོ་བོད་དུ་འབོད་པས་དེ་མི་རིགས་གཞན་གྱི་སྐད་དུ་ཟུར་ཆགས་ནས་ཐང་སོགས་ཀྱིས་བོད་ཡུལ་འདིར་ཐུ་སྦོའོ་ཞེས་འབོད་པ་དང་། དབྱིན་ཇི་སོགས་ཕྱི་རྒྱལ་གྱི་མི་རིགས་མང་པོས་ཏི་པད་ཅེས་བྱ་བ་བྱུང་བ་ཡིན་ནོ། གཞན་གངས་ཅན་དང་གངས་ལྗོངས་ཞེས་པ་སོགས་ནི་དུས་ཕྱིས་སུ་བྱུང་བའི་ཐ་སྙད་ཡིན་པ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་གསུངས་སོ། གཞན་བོད་ཡུལ་གྱི་བྱེ་བྲག་གི་ཡུལ་ཁམས་སོ་སོའི་མིང་ལས་ཆེས་མང་བ་ནི་རུས་ཀྱི་མིང་ཡུལ་ལ་ཐོགས་པ་སྟེ་དཔེར་ན། གདོང་གི་རུས་རྒྱུད་ལས་བྱུང་བའི་ས་མིང་གཅན་ཚ་དང་། གཤེན་ཚ། རྒྱ་ཚ། ཆོས་ཤུལ། ཆུ་ཤུལ། སྤ་ཚབ་སོགས་ཡོད་པ་དང་། ཡང་ལ་ལ་ནི་རྒྱུ་མཚན་གཞན་ལ་བཏགས་པའི་མིང་ཡིན་སྟེ་དཔེར་ན། མངའ་རིས་དང་། ཨ་མདོ། ཁམས། དབུས། གཙང་སོགས་པ་ལྟབུ་ཧ་ཅང་མང་ཞིང་། འདོད་རྒྱལ་གྱིས་བཏགས་པ་ནི་རི་མིང་ཙམ་ལས་ཡུལ་གྱི་མིང་འདོད་རྒྱལ་གྱིས་བཏགས་པ་ནི་སྤྱིར་ཉུང་ཙམ་སྣང་ངོ་།

སྐད་རིགས།

[རྩོམ་སྒྲིག]

བོད་ཆོལ་ཁ་གསུམ་ཐུན་མོང་གི་སྐད་ནི་བོད་སྐད་ཡིན། དེར་སྒྲ་གདངས་མི་འདྲ་བ་ཙམ་ལས་བོད་ཡིག་ཐོག་བྲིས་པའི་ཡི་གེ་ཞིག་ཡིན་ཕྱིན་ཆད་ཆོལ་གསུམ་བོད་མི་ཚང་མས་གོ་བ་གཅིག་ཏུ་བླངས་པ་ལས། དོན་འཁྲུལ་བའི་གཞི་གང་ཡང་མེད། སྐད་གདངས་ཀྱི་ཆ་ནས་ཡུལ་སྐད་མི་འདྲ་བ་འགའ་ཤས་ཡོད་པ་དེ་དག་ནི།

དབུས་གཙང་སྐད།དབུས་སྐད། གྲོང་ཁྱེར་ལྷ་ས། གཙང་སྐད། གཞིས་ཀ་རྩེ། ཤར་པའི་སྐད། གཉའ་ནང་རྫོང་འགྲམ། འབའ་སུམ་སྐད། ཀོང་པོ་རྒྱ་མདའ་རྫོང་ཞོ་ཁ་སོགས།


ཁམས་ཀྱི་སྐད།ཤར་ཕྱོགས་ཀྱི་སྐད། ཆབ་མདོ། སྡེ་དགེ། དཀར་མཛེས། ལི་ཐང་། ལྷོ་ཕྱོགས་ཀྱི་སྐད། བདེ་ཆེན་ཁུལ། མུ་ལི་རྫོང་། ནུབ་ཕྱོགས་ཀྱི་སྐད། དགེ་རྩེ། ཤན་རྩ། ཨ་མདོ་རྫོང་། ནག་ཆུ། བྱང་ཕྱོགས་ཀྱི་སྐད། ནང་ཆེན(ཡུལ་ཤུལ)ཁུལ།


ཨ་མདོའི་སྐད།འབྲོག་སྐད། ཀུན་སུའུ་དང་མཚོ་སྔོན་གྱི་ཁུལ་ཡོངས་དང་ཟུང་ཆུ། མཛོད་དགེ རོང་སྐད། གྲོ་ཚང་། བ་ཡན། ཡ་རྫི། རོང་མ་འབྲོག་གི་སྐད། རེབ་གོང། བསང་ཆུ། རྟའུ་སྐད། རྟའུ་རྫོང་སོགས། རྒྱལ་རོང་གི་སྐད་ (མི་འདྲ་བ་ཁག་བཅོ་བརྒྱད་ཡོད)ཅོ་ནེའི་སྐད། ཅོ་ནེ་རྫོང་། འབྲུག་ཆུའི་སྐད། འབྲུག་ཆུ་རྫོང་།

ས་ཁམས།

[རྩོམ་སྒྲིག]

མི་མང་པོ་ཞིག་གིས་བོད་ཡུལ་ལ་”འཛམ་གླིང་ཡང་རྩེ”ཞེས་འབོད། དེ་ལྟར་འབོད་དོན་ནི། རང་རེའི་བོད་རྒྱལ་ཁབ་འདི་འཛམ་གླིང་ནང་གི་ས་བབ་མཐོ་ཤོས་སུ་ཆགས་ཡོད་པས་ཡིན་ཏེ།བོད་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་ནི་མི་ཊར་4900ཡིན། བོད་ལ་མཚོན་ན་འདི་ ནི་ཆ་སྙོམས་ཀྱི་ས་བབ་མཐོ་ཚད་ཡིན་ནའང །རྒྱལ་ཁབ་ཁ་ཤས་ནང་ས་བབ་དང་རི་རྒྱུད་མཐོ་ཤོས་ཀྱང་བོད་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་ལས་དམའ་བ་ཡོད། བོད་ཀྱི་རྒྱལ་ས་ནི་ལྷ་ས་ཡིན་ལ།ལྷ་ས་ནི་འཛམ་གླིང་ནང་ས་བབ་མཐོ་ཤོས་སུ་ཆགས་པའི་རྒྱལ་སའམ་གྲོང་ཁྱེར་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་ལ། དེ་ནི་བོད ་ཀྱི་གྲོང་ཁྱེར་ཆེ་ཤོས་ཀྱང་ཡིན། དེ་བཞིན་བོད་ཀྱི་གྲོ ང་ཁྱེར་ཆེ་ཤོས་ཨང་གཉིས་པ་ནི་གཞིས་ཀ་རྩེ་གྲོང་ཁྱེར་ཡིན།བོད་གཞུང་དགའ་ལྡན་ཕོ་བྲ ང་གི་ སྲི ད་དབང་དང་འཛིན་སྐྱོང་གི་མངའ་ཁོངས་སུ་དབུས་གཙང་དང་།མདོ་སྟོད།མདོ་སྨད་བཅས་བོད་ཀྱི་ས་ཁྱོན་ཡོངས་ རྫོགས་གཏོགས་པ་དང་།དེའི་སྤྱིའི་ས་ཁྱོན་ལ་ཀི་ལོ་མི་ཊར་གྲུ་བཞི་མ་ས་ཡ2.5ཡོད།དེ་ནི་ཧྥ་རན་སེའི་ས་ཁྱོན་དང་བསྡུར་ན་ལྡབ་བཞིས་ཆེ་བ་དང།འཇར་པན་གྱི་ས་ཁྱོན་དང་བསྡུར་ ན་ལྡབ་བརྒྱད་ཀྱིས་ཆེ་བ་ཡོད།བོད་ས་ཡོངས་ཀྱིས་ཡུ་རོབ་སྤྱིའི་ས་ཁྱོན་གྱི་1/4 ལྷག་ཟིན་གྱི་ཡོད།བོད་ ཁྱོན་ཡོ ངས་ ལ་མི་འབོར་ས་ཡ་6ལྷག་ལས་མེད།དེར་བརྟེན་བོད་ནི་མི་འབོར་ཉུང་ལ་ས་ཁྱོན་ཆེ་བའི་རྒྱལ་ཁབ་ཅིག་ཡིན་པའང་ངང་གིས་རྟོགས་ཐུབ་པ་ཞིག་རེད།་་་་་་་

== ལོ་རྒྱུས། ==བོད་ཡུལ་ལོ་རྒྱུས་

མི་འབོར།

[རྩོམ་སྒྲིག]

བོད་ཀྱི་མི་འབོར་དང་བོད་ཀྱི་གནས་བབ།

བོད་དུ་རྒྱ་ནག་གིས་སྲིད་འཛིན་ཚུལ་དང་བོད་ཀྱི་མི་འབོར། རྒྱ་ནག་གིས་བོད་ལ་སྲིད་འཛིན་དོ་དམ་བྱེད་བདེ་བ་དང་། དཔལ་འབྱོར་བསྡུ་རུག་བྱེད་བདེ་བའི་ཆེད་དུ། བོད་དེ་ལྗོངས་དང་ཞིང་ཆེན་ཁག་ལྔ་ལ་བགོས་ཡོད། ལྗོངས་ཞིང་ཆེན་ལྔ་ནི་བོད་རང་སྐྱོང་ལྗོངས་ཟེར་བ་དང་། མཚོ་སྔོན་ཞིང་ཆེན་ཟེར་བ། སུ་ཁྲན་ཞིང་ཆེན་ཟེར་བ། ཡུ་ནན་ཞིང་ཆེན་ཟེར་བ། ཀན་སུའུ་ཞིང་ཆེན་ཟེར་བ་བཅས་རེད། དེ་རྣམས་ཀྱང་རྫོང་ཁག་༡༤༩ལ་བགོས་ཡོད། བོད་ལྗོངས་ཆོལ་ཁ་གསུམ་ལ་མི་འབོར་ས་ཡ་༦་ཡོད་ལ། བོད་སྐད་བེད་སྤྱོད་གཏོང་བའི་ཆ་ནས་སམ་ཧི་མ་ལ་ཡའི་མི་རིགས་ཡིན་པའི་ཆ་ནས་བརྩིས་ན་བོད་ལ་མི་འབོར་ས་ཡ་༡༡་ཡོད། དེ་ནི་ལ་དྭགས་དང་། མོན། འབྲས་ལྗོངས། འབྲུག། པ་ཁུ་སིན་ཐན་སོགས་ལ་ཡོད་པའི་བོད་རིགས་ས་ཡ་ལྔ་ཙམ་ཡོད་པ་དག་སྡོམ་ནས་ཡིན། རྒྱ་ནག་ལ་མི་འབོར་དུང་ཕྱི་༡༢་ཡོད། བོད་མིའི་མི་འབོར་གྱིས་རྒྱ་ནག་གི་མི་འབོར་གྱི་བརྒྱ་ཆ་༡༠༩་ཆ་ཡི་༡་ཙམ་ལས་ཟིན་གྱི་མེད། 1/109 ཧི་མ་ལའི་རིགས་རྒྱུད་ཡོངས་ནས་བརྩིས་ན་བརྒྱ་ཆ་༡༠༩་ཆ་ཡི་༢་ཙམ་ཟིན། 2/109འཛམ་གླིང་མི་འབོར་འདུས་ཚད་དེ་སྟོང་རྨིད་གྲུབ་བཞི་རེ་ལ་མི་གྲངས་༣༩རེ་ཡིན་ལ། བོད་དུ་སྟོང་རྨིད་གྲུ་བཞི་མ་རེ་ལ་བོད་མི་གྲངས་༤་རེ་ལས་སྡོད་མི་དགོས་ཀྱང་། རྒྱ་མིས་བཙན་འཛུལ་བྱས་པ་རྟེན་སྟོང་རྨིད་གྲུ་བཞི་མ་རེ་ལ་མི་གྲངས་༥༠༠་ནས་༦༠༠ཟིན་ཡོད།འཛམ་གླིང་ལ་མི་འབོར་དུང་ཕྱི་༦༠་ཡོད་པའི་དབང་དུ་གཏོང་ན་བོད་མིའི་མི་འབོར་གྱི་འཛམ་གླིང་མི་འབོར་གྱི་སྟོང་ཆ་གཅིག་ལས་ཟིན་གྱི་མེད། 1/1000 ཧི་མ་ལ་ཡའི་རིགས་རྒྱུད་ཡོངས་ནས་བརྩིས་ན་2/1000སྟོང་ཆའི་གཉིས་ཟིན་གྱིན་ཡོད།རྒྱ་ནག་གི་མི་འབོར་གྱི་གཞི་གྲངས་ཆེ་བ་དང་འཕར་ཚད་མགྱོགས་པོ་ཡོད་སྟབས་གསར་འཕར་བྱུང་བའི་མི་གྲངས་དེ་ཚོའི་དགོས་མཁོ་སྐོང་ཆེད་ལོ་རེ་ལ་དགོས་པའི་འབྲུ་རིགས་དང་། རས་ཆ། སྡོད་གནས། སྒྲིག་ཆས། ལ་སོགས་པ་གྲངས་འབོར་ཧ་ཅང་ཆེན་པོ་ཡིན་པ་རེད། དེ་འདྲ་སོང་ཙང་བོད་དང་ཤིང་ཅང་སོག་པོ་སོགས་ལ་བཙན་འཛུལ་བྱས་ཏེ། བོད་ཀྱི་སྐྱེ་དངོས་དང་འཁོར་ཡུག་བཅས་ཚང་མའི་ཁུར་པོ་ལྕི་རུ་ཕྱིན་ཡོད། འདི་ནི་བོད་ཤིང་ཅང་། སོག་པོ་སོགས་ཀྱིས་རྒྱ་ནག་གཞུང་དམངས་གཉིས་ཀ་གསོ་དགོས་པའི་རྐྱེན་གྱིས་ཡིན།

དཔལ་འབྱོར།

[རྩོམ་སྒྲིག]

བོད་ཀྱི་དཔལ་འབྱོར་ཐད་ཞིང་ལས་སྔོན་ཐོན་ཡིན་ཡང་རྨོ་རྐོ་སོ་ནམ་འོས་པའི་ས་ཆར་ཚོས་འཛིན་ཡོད་པས་བོད་ཀྱི་མཐོ་སྒང་ས་ཆ་མང་པོ་ཞིག་ལ་སྒོ་ཕྱུགས་སེམས་ཅན་གསོ་བ་རེད། དཔེར་ན་ལུག་དང་། [[བ་ཕྱུགས་] ]ར་ རྔ་མོང་ གཡག མཛོ་དང་རྟ་སོགས་ཡོད་པ་རེད། སྟོན་ཏོག་གཙོ་བོ་ནས་དང་། གྲོ་ བྲ་བོ་ གྲོ་ནག་ [[ཞོ་ཁོག་] ]ཤིང་འབྲས་སྣ་ཚོགས་ སྔོ་ཚལ་སོགས་ཡོད་པ་རེད་ དེང་སྐབས་མི་རྣམས་ཀྱི་ནང་ཆོས་ལ་དོ་ཁུར་ཆེ་རུ་འགྲོ་བ་ལ་རྟེན་ནས་བོད་ཀྱི་ཡུལ་སྐོར་སྤྲོ་གསེང་གི་ལས་གནས་དེའང་ཧ་ཅང་གི་གལ་ཆེན་པོར་རྒྱུར་ཡོང་གི་ཡོད་ལ། དབང་འཛིན་ལས་འཁུངས་དག་གིས་ཀྱང་ཡུལ་སྐོར་སྤྲོ་གསེང་གི་ལས་གནས་དེ་ཁྱབ་དལ་དུ་གཏོང་གི་ཡོད་པ་རེད།

ཤར་གྱི་ཇ་ལའི་འགྲུལ་གྱི་གསེར་ལམ།

[རྩོམ་སྒྲིག]

ཤར་གྱི་ཇ་ལའི་འགྲུལ་གྱི་གསེར་ཟམ་ཞེས་པ་ནི་བཙན་པོའི་དུས་ནས་ལོ་རབས་དྲུག་ཅུའི་བར་ལ་དར་པའི་ཚོང་དབོར་འདྲེན་བྱེད་སའི་གཞུང་ལམ་རྙིང་པ་ཞིག་རེད། འོན་ཀྱང་གཞུང་ལམ་རེ་འགའ་ད་ལྟའང་མུ་མཐུད་དུ་བེད་སྤྱོད་གཏོང་བཞིན་ཡོད།

སུང་རྒྱལ་རབས་སྐབས་སུ་ཇ་ཚོང་དང་། དར་ཚོང་། རྟ་ཚོང་ལ་སོགས་པའི་ཚོང་འབྲེལ་གྱི་བྱེད་སྒོ་དེ་རྒྱ་བོད་མི་རིགས་གཉིས་པོའི་བར་གྱི་འབྲེལ་བ་བྱེད་ཐབས་གལ་ཆེན་ཞིག་ཏུ་གྱུར་པ་རེད། དེར་བརྟེན་རྒྱ་བོད་བར་གྱི་གཞུང་ལམ་ལའང“ཤར་གྱི་ཇ་ལའི་འགྲུལ་གྱི་གསེར་ཟམ”ཞེས་ཐོགས་པ་རེད། དེ་ལའང་སི་ཁྲོན་ནས་བོད་བར་ཆགས་པའི“ཇ་ལའི་འགྲུལ་གྱི་གསེར་ཟམ”གཅིག་དང་། ཡུན་ནན་ནས་བོད་བར་ཆགས་པའི“ཇ་ལའི་འགྲུལ་གྱི་གསེར་ཟམ”གཅིག་ཡོད། སི་ཁྲོན་གཡག་རྔ་ས་ཁུལ་ནས་ཐོན་པའི་བོད་ཀྱི་ས་གནས་ཁག་ཏུ་དབོར་འདྲེན་བྱེད་སའི་ལམ་བུར“ཁྲོན་བོད་ཇ་ལའི་འགྲུལ་གྱི་གསེར་ཟམཚོང་ལམ”དང་། ཡུན་ནན་ཞི་ཧྲོང་པན་ན་དང་སི་མའོ་ནས་ཐོན་པའི་ཇ་རིལ་དག་ཏ་ལི་རུ་བསྡུ་རུབ་བྱས་རྗེས།ས་དམ་དང་། རྒྱལ་ཐང་། བདེ་ཆེན་ལ་སོགས་བརྒྱུད་ནས་བོད་ཀྱི་སྤང་མདའ་དང་། ཀོང་པོ་རྒྱ་མདའ། ལྷ་ས། རྒྱལ་རྩེ། གཞིས་རྩེ། མངའ་རིས་སོགས་སུ་དབོར་འདྲེན་བྱེད་སའི་ལམ་བུར“ཡུན་བོད་ཇ་རྟའི་ཚོང་ལམ”ཟེར་བ་རེད།

ས་སྐྱའི་སྐབས་སུ་ཡིག་ཟམ་གྱི་ལམ་བུ་གསར་དུ་གཏོད་ནས་ས་ཚིགས་དུ་མ་བཙུགས། རྒྱ་བོད་ཡིག་ཚང་ནང་འཁོད་པ་ལྟར་ན། རྒྱ་བོད་འདྲེས་མཚམས་ནས་ལྷ་ས་བར་ལ་ས་ཚིགས་ཆེ་བ་ཉི་ཤུ་རྩ་བདུན་བཙུགས་ཡོད་སྐད་འདུག མདོ་ཁམས་སྤྱི་ཁྱབ་ཁོ་ནའི་མངའ་འོག་ས་ཚིགས་དགུ་བཙུགས་ཡོད། ས་ཚིགས་ཆེ་བ་རེའི་མངའ་ཁོངས་སུ་ད་དུང་ས་ཚིགས་ཆུང་བ་མང་པོ་ཡོད་པ་དང་། ས་ཚིགས་ཁུལ་གྱི་མི་སེར་རྣམ་པས་ཁྲལ་གྱི་རྣམ་པའི་ཐོག་ནས་ས་ཚིགས་ཆེ་བའི་མངའ་ཞབས་ལ་དུད་ཁྱིམ་སྟོང་ཕྲག་ཁ་ཤས་དང་། ཆུང་བའི་མངའ་ཞབས་ལ་དུད་ཁྱིམ་བརྒྱ་ཕྲག་ཁ་ཤས་ཡོད།

ཕག་གྲུའི་སྐབས་སུ་ཡིག་ཟམ་གྱི་ལམ་བུ་མུ་མཐུད་འཛུགས་སྐྲུན་བྱས་པ་རེད།ཕག་གྲུའི་སྐབས་སུ་འཇང་ས་དམ་རྒྱལ་པོས་རྒྱལ་ཐང་བཟུང་བ་དང་། ཡུན་ནན་གྱི་ཚོང་པས་ལོ་ལྟར་ས་དམ་དང་། ཧེ་ཆིང་། ཏ་ལི། ཕུའུ་ཨེར་བཅས་ནས་ཇ་དང་བྱེ་མ་ཀ་ར། ཟངས་ཆས། འབྲུ་རིགས། ཞོར་ཟས་བཅས་རྒྱལ་ཐང་དང། ཁམས་ཀྱི་ལྷོ་ཕྱོགས། ཚྭ་ཁ་རོང་སོགས་ལ་དྲངས་ནས་ས་ཁུལ་དེ་གའི་བལ་དང་མར་སྤོས་སྣམ་བུ། དེ་བཞིན་དབྱར་རྩྭ་དགུན་འབུ་དང་། གླ་རྩི་སོགས་དང་བརྗེ་རེས་བྱས་པས་སྐབས་དེར་རྒྱ་བོད་ཉོ་ཚོང་གི་འབྲེལ་བ་ཆེན་པོ་ཡོད། སྤྱི་ལོ་༡༤༠༧ལོར་རྒྱ་ནག་གོང་མས་ཁམས་ཁུལ་གྱི་རྒྱལ་པོ་སོ་སོ་དང་བླ་མ་ཆེ་གྲས་རྣམས་ལ་སྔར་གྱི་ས་ཚིགས་རྣམས་བསྐྱར་བཟོ་བྱ་དགོས་པ་མ་ཟད། གཡག་རྔ་ནས་དབུས་གཙང་བར་གྱི་ས་ཚིགས་འཛུགས་དགོས་པའི་བཀའ་བསྩལ་བས། མཐར་མེས་རྒྱལ་ནང་ཁུལ་ནས་དབུས་གཙང་ལ་འགྲོ་སའི་ཡིག་ཟམ་གྱི་ལམ་བུ་བྱང་མ་གཅིག་དང་ལྷོ་མ་གཅིག་ཆགས་པ་རེད། ལྷོ་བྱང་གི་ལམ་བུ་དེ་དུས་ཆབ་མདོའི་རྒྱུད་ལ་ས་ཚིགས་གལ་ཆེན་མང་པོ་ཡོད།

མཉྫུ་གོང་མའི་དུས་སུ་ཉིན་གཅིག་ལ་སྲིད་གཞུང་གིས་རྒྱལ་ཐང་དུ་ཚོང་འདུས་བཙུགས་ཆོག་པའི་རེ་བ་བཏོན་པ་དེར་གོང་མའི་ཆོག་མཆན་ཐོབ་པ་རེད། དེ་ནས་བཟུང་རྒྱལ་ཐང་དེ་ཡུན་ནན་དང་བོད་ཀྱི་ཉོ་ཚོང་བྱེད་གནས་གཙོ་བོ་ཞིག་ཏུ་གྱུར་བ་རེད། མཉྫུ་གོང་མས་སྐབས་དེའི་ས་ཚིགས་ཀྱི་གཞི་ཁྱོན་དང་མི་འབོར། དུད་ཚང་གི་ཁ་གྲངས། ས་བབ་བཅས་ཞིབ་བཤེར་ཐོ་འགོད་བྱས་པ་མ་ཟད། ཟི་ལིང་ནས་ཡུལ་ཤུལ་དང་ཆབ་མདོ་བརྒྱུད་ལྷ་སར་བསྐྱོད་སའི་ཡིག

རིག་གནས།

[རྩོམ་སྒྲིག]

བོད་བརྒྱུད་ནང་བསྟན།

[རྩོམ་སྒྲིག]

ཆོས་ལུགས་ནི་བོད་རིགས་ཀྱི་ངོས་ནས་བཤད་ན་ཧ་ཅང་གི་གལ་ཆེན་པོ་ཡིན་ཞིང་། བོད་རིགས་ཚོའི་འཚོ་བར་ཤུགས་རྐྱེན་ཆེན་པོ་ཡོད། ནང་ཆོས་ནི་བོད་ཅིག་པོར་དར་བ་མ་ཡིན་པར་སོག་ཡུལ་དང་ཀྲུང་གོའི་ས་ཆ་ཁ་ཤས་ལ་འཁྱབ་ཡོད།

ནང་ཆོས་ལ་དབྱེ་ན་ལྔ་སྟེ་དགེ་ལུགས་པ་དང་བཀའ་རྒྱུད་ རྙིང་མ་ ས་སྐྱ་པ་ ཇོ་ནང་ བཅས་ཡོད།

བོན་ནི་གནའ་བོའི་བོད་ཀྱི་སྔ་རབས་ཀྱི་ཆོས་ལུགས་ཅིག་གི་མིང་ཡིན་ལ། དེ་ནི་བོན་གྱི་སྟོན་པ་གཤེན་རབས་ཀྱིས་གསར་བསྟོད་བྱས་པ་ཅིག་ཡིན།༢༥བར་གྱི་སྟེང་གཉིས་དེ་གང་ཡིན། གྲི་གུམ་བཙན་པོ་དང་པུ་དེ་གུང་རྒྱལ་ཡིན་ནོ།། ༢༦གྲི་གུམ་བཙན་པོའི་དུས་སུ་བོན་དར་བ་རེད་དམ་བསྣུབས་པ་རེད།རྒྱུ་མཚན་ཅི། བོན་བསྣུབས་པ་རེད།རྒྱུ་མཚན་ནི་བོན་གཤེན་དག་གི་མངའ་ཐང་ཇེ་ཆེར་སོང་སྟེ་ཐད་ཀར་བཙན་པོའི་རྒྱལ་སྲིད་ལ་ཐེ་གཏོགས་དང་ཚོད་འཛིན་བྱས་པས་སོ། ༢༧གྲི་གུམ་བཙན་པོ་སུས་བཀྲོངས་པ་རེད།ཅིའི་ཕྱིར། རྒྱལ་པོ་འདི་ཡིས་བོན་གྱི་བསྟན་པ་བསྣུབས་པས།འབངས་ལོ་ངམ་གྱིས་རྒྱལ་པོའི་དཔྲལ་བ་ལ་མདའ་འཕངས་ནས་བཀྲོངས་སོ། ༢༧གྲི་གུམ་བཙན་པོ་ལ་བུ་དུ་བྱུང་།དེ་དག་ལས་པུ་དེ་གུང་རྒྱལ་དེ་སུ་རེད། བྱ་ཁྲི་དང་།ཤ་ཁྲི།ཉ་ཁྲི་བཅས་བྱུང་།དེ་ལས་སྲས་བྱ་ཁྲི་དེ་པུ་དེ་གུང་རྒྱལ་ཡིན་ནོ།། ༢༨བློན་པོ་ལོ་ངམ་བསད་མཁན་སུ་རེད། བློན་པོ་རུ་ལས་སྐྱེས་ཀྱིས་བསད་པ་རེད། ༢༩བོད་ཀྱི་རྒྱལ་པོ་རྣམས་ཀྱི་བང་སོ་ཐོག་མ་དང་།ཁྲབ་ཀྱི་ཐོག་མ་དེ་རྒྱལ་པོ་སུ་ཡི་དུས་སུ་བྱུང་། རྒྱལ་པོ་བརྒྱད་པ་གྲི་གུམ་བཙན་པོའི་དུས་སུ་བྱུང་ངོ་།། ༣༠ཅིའི་ཕྱིར་པུ་དེ་གུང་རྒྱལ་ཟེར། ཡུམ་གྱི་ལྷ་ལ་དམོན་བོར་བས་ནམ་མཁའ་ནས་ཁྱེད་ཀྱི་བུ་དེ་ཀུན་ལས་རྒྱལ་བར་འགྱུར་རོ་ཞེས་པའི་སྒྲ་བྱུང་བས་བྱ་ཁྲིའི་མཚན་ལ་པུ་དེ་གུང་རྒྱལ་ཟེར་རོ།། ༣༡ཕྱིང་བ་སྟག་རྩེ་དེ་རྒྱལ་པོ་སུ་ཞིག་་གི་དུས་སུ་བརྩིགས། པུ་དེ་གུང་རྒྱལ་གྱི་སྐབས་སུ་བརྩིགས་སོ། ༣༢བོད་ཀྱི་མཛངས་མི་བདུན་ལས་དང་པོའི་མིང་ལ་ཅི་ཟེར། མཛངས་མི་དང་པོའི་མིང་ལ་རུ་ལས་སྐྱེས་ཞེས་ཞུའོ།། ༣༣རུ་ལས་སྐྱེས་ཀྱིས་མཛངས་པའི་ལས་སུ་ཅི་བྱས། མཛངས་པའི་ལས་སུ་ཤིང་སྲེག་སོལ་བ་བྱུང་།དེ་ཡིས་རྡོ་བཞུགས་གསེར་དངུལ་ཟངས་ལྕགས་བྱུང་།ཤིང་ལ་མིག་ཕུག་གཤོལ་དང་གཉའ་ཤིང་བྱས།ས་ཞིང་བརྐོས་ནས་ཕུ་ཆུ་ཡུར་དུ་དྲངས།རྨོན་པ་དོར་བསྡེབས་སྤང་ཐང་ཞིང་དུ་རྨོས།བརྒལ་བའི་མི་ཐར་ཆུ་ལ་ཟམ་པ་བཙུགས། ༣༤རུ་ལས་སྐྱེས་དེ་རྒྱལ་པོ་སུ་ཡི་བློན་པོ་ཡིན། གྲི་གུམ་བཙན་པོ་དང་པུ་དེ་གུང་རྒྱལ་གཉིས་ཀྱི་བློན་པོ་ཡིན། ༣༤བར་གྱི་སྟེང་གཉིས་ཀྱི་བང་སོ་གང་དུ་བཏབ། གཡའ་དང་རྫ་ལ་བཏབ། ༣༥ས་ཡི་ལེགས་དྲུག་དེ་གང་གང་ཡིན། ཨེ་ཤོ་ལེགས་དང་།དེ་ཤོ་ལེགས།ཐི་ཤོ་ལེགས།གུ་རུ་ལེགས།འབྲོང་ཞི་ལེགས།ཨི་ཤོ་ལེགས་བཅས་སོ། ༣༦མཛངས་མི་གཉིས་པའི་མིང་ལ་ཅི་ཟེར། ལྷ་བུ་མགོ་དཀར་ཟེར།དེ་ནི་བློན་པོ་རུ་ལས་སྐྱེས་ཀྱི་བུ་ཡིན། ༣༧མཛངས་མི་གཉིས་པས་དེ་རྒྱལ་པོ་སུ་ཡི་སྐབས་བྱུང་། ཨེ་ཤོ་ལེགས་ཀྱི་སྐབས་སུ་བྱུང་། ༣༨མཛངས་མི་གཉིས་པས་མཛངས་པའི་ལས་སུ་ཅི་བྱས། མཛངས་པའི་ལས་སུ་ཞིང་ལ་དོར་ཁ་བརྩིས།འབྲོག་ལ་ཐུལ་རྩིས་ཕུ་ཆུ་ཡུར་དུ་དྲངས།མདའ་ལ་ཆུ་མ་རྨོ་བ་འདི་ནས་བྱུང་། ༣༩ས་ཡི་ལྡེ་བརྒྱད་དེ་གང་གང་ཡིན། ས་ནམ་ཟིན་ལྡེ།ལྡེ་འཕྲུལ་ནམ་གཞུང་བཙན།སེ་སྣོལ་ནམ་ལྡེ།སེ་སྣོལ་བོ་ལྡེ།ལྡེ་སྣོལ་ནམ།ལྡེ་ནམ་པོ།ལྡེ་རྒྱལ་པོ།ལྡེ་སྤྲིན་བཙན་བཅས་སོ། ༤༠ལྡེ་བརྒྱད་ཀྱི་བང་སོ་གང་དུ་བཏབ། ཆུ་བོའི་གཞུང་ལ་བཏབ། ༤༡ལོ་རྒྱུས་ཐོག་འོག་གི་བཙན་ལྔ་ལ་གྲགས་པའི་རྒྱལ་པོ་དེ་གང་གང་རེད། རྒྱལ་ཏོ་རེ་ལོང་བཙན།ཁྲི་བཙན་ནམ།ཁྲི་སྒྲ་དཔུང་བཙན།ཁྲི་ཐོག་རྗེ་བཙན།ལྷ་ཐོ་ཐོ་གཉན་བཙན་བཅས་ལགས། ༤༢གཉའ་ཁྲི་བཙན་པོ་ནས་ཁྲི་ཐོག་རྗེ་བཙན་བར་བོད་རྒྱལ་གདུང་རབས་ཉི་ཤུ་རྩ་བདུན་རིང་ཆབ་སྲིད་གང་ལ་བརྟེན་ནས་བསྐྱངས། བོན་སྒྲུང་ལྡེའུ་གསུམ་གྱིས་བསྐྱངས་། ༤༣རྒྱལ་པོ་གང་གི་རིང་ལ་དམ་པའི་ཆོས་ཀྱི་དབུ་བརྙེས། ལྷ་ཐོ་ཐོ་གཉན་བཙན་གྱི་དུས་སུ་དམ་ཆོས་དབུ་བརྙེསསོ། ༤༤གཉན་པོ་གསང་བ་ཞེས་པ་དེ་གང་ལ་ངོས་འཛིན་དགོས། སྐུའི་རྟེན་རིགས་ལྔའི་ལུགས་ཚར་གཅིག གསུང་གི་རྟེན་དུ་དཔང་ཀོང་ཕྱག་རྒྱ་མ་དང་གཙུག་ཏོར་དྲི་མེད།ཐུགས་ཀྱི་རྟེན་གསེར་གྱི་མཆོད་རྟེན་བང་རིམ་ལྔ་བ་བཅས་སོ། ༤༥གཉན་པོ་གསང་བ་ཞེས་པ་བོད་ལ་དྲངས་ཡོང་མཁན་སུ་ཡིན། པཎྡི་ཏ་བློ་སེམས་འཚོ་དང་ལོ་ཙྭ་བ་ལི་ཐེ་སི་གཉིས་ཀྱིས་དྲངས་ཡོང་བའོ།། ༤༦ཐོག་མར་བོད་ལ་དར་བའི་གསོ་བ་རིག་པ་ནི་གང་གི་ལུགས་ཡིན།། གཡུང་དྲུང་བོན་གྱི་ལུགས་ཡིན། ༤༧བོད་ཀྱི་གསོ་བ་རིགས་པས་ནད་བཅོས་ཐབས་གཙོ་བོ་གང་ལ་བརྟེན། གཏར་སྲེག་བྱུག་གསུམ་ལ་བརྟེན་པའོ། ༤༨བཙན་ལྔའི་བང་སོ་གང་དུ་བཏབ། བཙན་ལྔའི་བང་སོ་འཆིང་ཡུལ་དར་ཐང་དུ་བཏབ།བང་སོའི་དབྱིབས་ནི་ས་ཕུང་སྦྲ་འདྲ་ཡོད་ཟེར། ༤༩ལྷ་ཐོ་ཐོ་གཉན་བཙན་དགུང་ལོ་ག་ཚོད་བཞུགས། བོད་ཀྱི་ལོ་རྒྱུས་དོན་ཆེན་རེའུ་མིག་ལྟར་ན།སྤྱི་ལོ་༢༥༤ལོ་ནས་སྤྱི་ལོ་༣༧བར་དགུང་ལོ་བརྒྱ་དང་ཉི་ཤུ་བཞུགས་སོ། ༥༠ལྷ་ཐོ་ཐོ་གཉན་བཙན་གྱི་བླ་སྨན་པ་དེའི་མཚན་ལ་གང་གསོལ། སྨན་པ་དུང་གི་ཐོར་ཅོག་ཅན་ཞེས་ཞུ་ལ།ཁོང་གིས་རྒྱལ་པོ་ལྷ་ཐོ་ཐོ་གཉན་བཙན་དང་ཁྲི་གཉན་གཟུངས་བཙན་གཉིས་ཀྱི་བླ་སྨན་པ་མཛད་ཅིང་།བོད་དུ་བླ་སྨན་འཛུགས་པའི་སྲོལ་དེ་ནས་དར་རོ། ༥༡བོད་གཅིག་གྱུར་བཟོས་པ་དེ་རྒྱལ་པོ་གང་གི་དུས་སུ་འགོ་རྩོམ། བོད་རྒྱལ་སྟག་རི་གཉན་གཟིགས་ཀྱི་སྐབས་སུ་འགོ་རྩོམ། ༥༢སྟག་རི་གཉན་གཟིགས་ཀྱི་སྐབས་སུ་བོད་དུ་རྒྱལ་ཕྲན་ཅི་ཙམ་མངའ་འོག་ཏུ་འདུས། རྒྱལ་ཕྲན་རྣམས་ཀྱི་སུམ་ཆ་གཉིས་མངའ་འོག་ཏུ་འདུས་སོ།།

༥༣མཛངས་མི་གསུམ་པ་དེ་སུ་ཡིན། ཁྲི་དོ་རི་སྣང་ཞེས་པ་དེ་ལགས། ༥༤མཛངས་མི་བདུན་གྱི་གསུམ་པ་དེ་རྒྱལ་པོ་གང་གི་དུས་སུ་བྱུང་། སྟག་རི་གཉན་གཟིགས་ཀྱི་སྐབས་སུ་བྱུང་ངོ་། ༥༥ཁྲི་དོ་རི་སྣང་མཛངས་བློན་དུ་འཇོག་པའི་བྱས་རྗེས་གང་། བྲེ་ཕུལ་སྲང་བཅོས་འབྲུ་མར་ཚད་ཀྱིས་བཅལ།།དགའ་གཉིས་ཚོང་བྱས་མཐུན་གཉིས་ལ་ལུང་བསྡེབས། ༥༦རྒྱལ་པོ་གང་གི་དུས་སུ་ཚོང་ལས་ཐོག་མ་དར་བ་ཡིན། སྟག་རི་གཉན་གཟིགས་ཀྱི་སྐབས་སུ་ཚོང་ལས་ཐོག་མ་དརབ་ཡིན། ༥༧བྱང་ནས་ཚྭ་ཁ་རྙེད།བྱང་ཚྭ་ལྷོ་རུ་འདྲེན་པའི་སྲོལ་དེ་རྒྱལ་པོ་སུའི་རིང་ལ་བྱུང་། གནམ་རི་སྲོང་བཙན་གྱི་སྐབས་སུ་བྱུང་། ༥༨བོད་རྒྱལ་ཉེར་དགུ་པ་དང་སུམ་ཅུ་པ།སོ་ཅིག་པ་བཅས་སོ་སོར་གང་དག་ཡིན། རིམ་བཞིན་ཁྲི་གཉན་གཟུངས་བཙན་དང་།འབྲོང་གཉན་ལྡེའུ།སྟག་རི་གཉན་གཟིགས་བཅས་སོ།། ༥༩སྟག་རི་གཉན་གཟིགས་ཞེས་ཐོགས་དགོས་དོན་གང་ཡིན་ནམ། ཁོང་ནི་འབྲོང་གཉན་ལྡེའུ་དང་བཙུན་མོ་མཆིམས་བཟའ་ཀླུ་རྒྱལ་ངན་བུ་མཚོ་གཉིས་ཀྱི་སྲས་དམུས་ལོང་དཀོན་པ་བཀྲ་ཞེས་དེ་ཡིན་ལ།ཡབ་ཀྱི་ཞལ་ཆེངས་བཞིན་འ་ཞའི་ཡུལ་གྱི་སྨན་པ་སྤྱན་དྲངས་ཏེ་སྨན་བཅོས་བྱས་པས་མིག་ཕྱེ་སྐབས་སྐྱིད་ཤོད་སྟག་མོ་རི་ལ་རི་དྭགས་གཉན་འགྲོ་བ་གཟིགས་ཐུབ་པ་བྱུང་བས་མཚན་ཡང་སྟག་རི་གཉན་གཟིགས་གསོལ་ལོ།

བོད་ཀྱི་སྒྱུ་རྩལ།

[རྩོམ་སྒྲིག]

བོད་ཀྱི་རོལ་དབྱངས།

[རྩོམ་སྒྲིག]

http://www.reverbnation.com/play_now/song_10633861

བོད་ཀྱི་ཆས་ལུགས།

[རྩོམ་སྒྲིག]

བོད་ཀྱི་ཆས་ནི་སྔོན་ཏ་ཟིག་གི་ཤུགས་རྐྱེན་ཕོག་ཤིང་ཕྱིས་རྒྱ་དཀར་ནག་གི་ཆས་ལུགས་དང་འབྲེལ་བ་བྱུང་ཞིང་ཡུལ་སོ་སོའི་ཆས་ལུགས་ལ་ཁྱད་པར་ལྡན་ཞིང་། ཆས་ལུགས་སོ་སོའི་ཁྱད་པར་ཡུལ་སོ་སོའི་འཚོ་བའི་སྐྱེལ་སྟངས་དང་གནམ་གཤིས་ས་ཆའི་མཐོ་བབ་སོགས་དང་འབྲེལ་བ་ཧ་ཅང་ཟབ།

བོད་ཀྱི་ལུས་རྩལ།

[རྩོམ་སྒྲིག]

བོད་ཀྱི་ཞེ་ས།

[རྩོམ་སྒྲིག]

པར་རིས་བར་འཁྱམས།

[རྩོམ་སྒྲིག]


   ནང་དོན་འདིའི་རེ་བ།གཙང་མ་བཟོས་པ། .
ཁྱེད་ཀྱིས་ཐུབ་ན་ནང་དོན་འདིར་བཟོ་བཅོས་ལེགས་པར་གྱིས།



དགོན་སྡེ་ཁག་དང་མནའ་ཤུལ་ཁག་གི་བོད་རྒྱ་ཤན་སྦྱར་རེའུ་མིག


ཀ་ཐོག་དགོན།
སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཔལ་ཡུལ་རྫོང་ཁོངས་ཀྱི་དགོན་པ་ཞིག་སྟེ་དུས་རབས་བཅུ་གཉིས་པར་ཕག་མོ་གྲུ་པའི་གཅུང་པོ་ཀ་དམ་པ་བདེ་གཤེགས་ཀྱིས་བཏབ། 嘎妥寺。四川省甘孜藏族自治州白玉县境一宁玛派寺庙名。原为十二世纪中帕摩竹巴之弟噶-当巴德协所倡建。


ཀརྣི་སྒོ་བཞིའི་མཆོད་རྟེན།
ལྷ་སའི་གཙུག་ལག་ཁང་གི་བྱང་རྒྱུད་ཁྲོམ་ལམ་དུ་སྔར་ཡོད་མཆོད་རྟེན་སྒོ་བཞི་མའི་མིང་། སྤྱི་ལོ་ ༡༣༦༨ གོང་ལ་བོད་ཀྱི་གྲུབ་ཆེན་ཐང་སྟོང་རྒྱལ་པོ་ཡུན་རིང་སྐུ་མཚམས་ལ་བཞུགས་མྱོང་བའི་གནས་ཤིག་ཡིན་པར་གྲགས། 噶尼果希。拉萨大昭寺北街一座四门塔名。相传公元1368 年前,藏传佛教证士唐东杰波曾在此处长期修行。


ཀུན་བདེ་གླིང་།
ལྷ་སའི་རྩེ་པོ་ཏ་ལའི་ལྷོ་ནུབ་ཕྱོགས་སུ་རབ་བྱུང་བཅུ་གསུམ་པའི་ཤིང་སྟག་ལོར་ཕྱག་བཏབ་པའི་དགོན་པ་ཞིག་སྟེ། དེའི་བདག་པོ་རྟ་ཚག་ནོ་མིན་ཧན་ནམ། རྗེ་དྲུང་ཧོ་ཐོག་ཐུ་ཞེས་པའི་གོ་མིང་འཛིན་པའི་སྐྱེ་ཕྲེང་སྔ་ཕྱི་གཉིས་ཀྱིས་གོང་མ་ཆན་ལུང་དང་། ཀྭང་ཞུའི་སྐབས་སུ་བོད་ཀྱི་སྲིད་སྐྱོང་ཐེངས་གཉིས་བྱས་ཡོད་འདུག 卫藏永安寺,功德林寺。公元1794 清乾隆59年建,在拉萨布达拉宫西南角。清乾隆和光绪两代,


ཀོང་པོ་བུ་ཆུ།
ལྷ་ཁང་ཞིག བོད་ཀྱི་ས་གཞི་སྲིན་མོ་གན་རྐྱལ་དུ་འགྱེལ་བ་འདྲ་བའི་ཁ་གནོན་དུ་སྲོང་བཙན་སྐབས་སུ་བཞེངས་པའི་གཙུག་ལག་ཁང་ཡང་འདུལ་བཞིའི་གྲས་ཤིག 工布布楚寺。西藏古代堪舆(kan yu )家说西藏地形象仰卧的罗刹女妖(luo cha nv yao)。松赞干布时为镇压此妖,在其右膝(you xi )建立的镇节寺庙。


བཀའ་ཚལ་དགོན་པ།
སྲོང་བཙན་སྒམ་པོའི་སྐབས་བཏབ་པའི་ལམ་གྲོ་གུང་དཀར་ས་ཁུལ་དུ་ཡོད་པ་མཐའ་འདུལ་གྱི་གཙུག་ལག་ཁང་བཞིའི་ཡ་གྱལ་ཞིག 噶采寺。藏史所载七世纪初,藏王松赞干布为镇压罗刹女右肩所倡建的一座古寺庙名。地在今西藏墨竹工卡县境内。


བཀྲ་ཤིས་ལྷུན་པོ།
གཙང་ཕྱོགས་ཀྱི་དགེ་ལུགས་པའི་དགོན་ཆེན་ཞིག་སྟེ། རབ་བྱུང་བརྒྱད་པའི་མེ་ཡོས་ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་ཀྱིས་ཕྱག་བཏབ་ཅིང་། རྗེ་བློ་བཟང་ཆོས་རྒྱན་ནས་བཟུང་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་ཞིག 札什伦布寺。后藏最大的格鲁派寺庙,在日喀则郊区,公元1447 明正统十二年丁卯,第一代达赖喇嘛根敦珠所创建,自班禅洛桑却坚以后,即为历代班禅额尔德尼驻锡所。 མུ་འགོད་་་་་་་་་་་་་་་་་་


བོད་གནས་གྲོང་ཁྱེར་ཁག་གི་བོད་རྒྱ་སྦྱན་ཤར་གྱི་རེའུ་མིག


ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ།


ཀན་སུའུ་ཞིང་ཆེན་གྱི་ལྷོ་ཕྱོགས་སུ་ཡོད་པའི་བོད་རིགས་རང་སྐྱོང་ཁུལ་ཞིག་སྟེ། ༡༩༥༣ ལོར་བཙུགས། དེའི་ཁོངས་སུ་ཞ་ཧོ་རྫོང་། རྨ་ཆུ་རྫོང་། ཀླུ་ཆུ་རྫོང་། ཅོ་ནེ་རྫོང་། ཐེ་བོ་རྫོང་། འབྲུག་ཆུ་རྫོང་། ལིན་ཐན་རྫོང་སྟེ་རྫོང་ཁག་བདུན་ཡོད་ཅིང་། བོད། རྒྱ། ཧུས། ས་ལར། སོག་པོ་སོགས་མི་རིགས་ཁ་ཤས་ཡོད། རང་སྐྱོང་ཁུལ་གྱི་མི་དམངས་སྲིད་གཞུང་གནས་ས་དེ་གཙོས་གྲོང་ཁྱེར་ཡིན། 甘南藏族自治州。1953 年建立,位于甘肃南部。辖夏河,玛曲,碌曲,卓尼,迭部,舟曲,临潭等七县,居民有藏,汉,回,撒拉,蒙古等族。州人民政府驻合作市。


ཀོང་པོ་རྒྱ་མདའ།

  • རྫོང་ཞིག བོད་རང་སྐྱོང་ལྗོངས་ཀྱི་ཀོང་ཡུལ་ཉང་ཆུའི་སྟོད་རྒྱུད་དུ་ཡོད། དེང་སྐབས་རྫོང་མི་དམངས་སྲིད་གཞུང་དེ་ང་ཕོད་ཟམ་ཁར་ཡོད། 工布江达。县名。 在西藏自治区工布尼洋河上游,县人民政府驻阿沛桥。
  • གྲོང་ཞིག
    བོད་རང་སྐྱོང་ལྗོངས་ཀྱི་ཀོང་ཡུལ་ཉང་ཆུ་དང་སྤྱི་མདའ་ཕྱོགས་ནས་འབབ་པའི་ཆུ་གཉིས་འཛོམས་སའི་ལུང་པ་སུམ་མདོར་ཡོད། 太昭。工布江达一村名。在西藏自治区工布尼洋河和从金达流来的河水汇合处,旧为太昭县治。 ཀླུ་ཆུ།
  • རྫོང་ཞིག
    ཀན་སུའུ་ཞིང་ཆེན་ཁོངས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་དང་ཀླུ་ཆུའི་སྟོད་རྒྱུད་དུ་ཡོད། 碌曲。县名。在甘肃省甘南藏族自治州西部洮河上游。(2)རྨ་ཆུའི་སྟོད་རྒྱུད་ཀྱི་ཡན་ལག་ཅིག ཀན་སུའུ་ཞིང་ཆེན་གྱི་ལྷོ་ནུབ་ཕྱོགས་ན་ཡོད། 洮河。黄河上游支流,在甘肃省西南部。

དཀར་མཛེས་བོད་རིགས་རང་སྐྱོང་རང་སྐྱོང་ཁུལ།


སི་ཁྲོན་ཞིང་ཆེན་ཁོངས་ཀྱི་ནུབ་རྒྱུད་དུ་ཡོད། ༡༩༥༠ ལོའི་ཟླ་བ་ ༡༢ ཚེས་ ༢༥ ཉིན་ཤིས་ཁམས་ཞིང་ཆེན་བོད་རིགས་རང་སྐྱོང་ལྗོངས་བཙུགས་ཤིང་། ༡༩༥༥ ལོར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་བསྒྱུར། དེའི་ཁོངས་སུ་རྫོང་བཅོ་བརྒྱད་ཡོད་པ་དེ། ༡ དར་མདོ་རྫོང་། ༢ བྲག་མགོ་རྫོང་། ༣ དཀར་མཛེས་རྫོང་། ༤ ཉག་རོང་། ༥ དཔལ་ཡུལ་རྫོང་། ༦ སྡེ་དགེ་རྫོང་། ༧ སེར་ཤུལ། ༨ གསེར་ཐང་རྫོང་། ༩ ལྕགས་ཟམ་རྫོང་། ༡༠ རོང་བྲག་རྫོང་། ༡༡ བརྒྱད་ཟུར་རྫོང་། ༡༢ ཉག་ཆུ་རྫོང་། ༡༣ རྟའུ་རྫོང་། ༡༤ ལིང་ཐང་རྫོང་། ༡༥ ཕྲག་ཕྲེང་རྫོང་། ༡༦ འདབ་པ་རྫོང་། ༡༧ འབའ་ཐང་རྫོང་། ༡༨ སྡེ་རོང་རྫོང་བཅས་བཅོད་བརྒྱད་ཡོད། 甘孜藏族自治州。 地处四川省西部,1950年12月25日建立西康省藏族自治区,1955年改为甘孜藏族自治州。1 辖康定,2 炉霍,3甘孜,4新龙,5 白玉,6 德格,7 石渠,8 色达,9 泸定,10 丹巴,11 九龙,12 雅江,13 道孚,14 理塘,15 乡城,16 稻城,17 巴塘,18 得荣等十八县。自治州人民政府驻康定。


བཀྲ་ཤིས་གླིང་།
ས་ཆ་ཞིག སི་ཁྲོན་ཞིང་ཆེན་ཁོངས་རྔ་བ་བོར་རིགས་རང་སྐྱོང་ཁུལ་གྱི་ལྷོ་རྒྱུད་དུ་ཡོད། ད་ལྟ་ལི་ཞན་རྫོང་མི་དམངས་སྲིད་གཞུང་གི་གནས་ཡུལ་ཡིན། 扎西林。地名。在四川省阿坝藏族自治州南部。现为理县人民政府驻地。


རྐ་འབའ་སུམ་མདོ།
ས་མིང་ཞིག ད་ལྟ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོར་རིགས་རང་སྐྱོང་ཁུལ་གྱི་ཁོངས་ཐུང་ཏེ་རྫོང་མི་དམངས་སྲིད་གཞུང་གནས་ཡུལ་ཡིན། 尕巴松都。地名。现为青海省海南藏族自治州同德县人民政府驻地。 མུ་འགོད་་་་་་་་་་་རྒྱལ་མོ་པདྨ་བཀྲ་ཤིས་ནས།

ད་དུང་གཟིགས།

[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།

[རྩོམ་སྒྲིག]