Jump to content

ཧི་མ་ལ་ཡ

ཡོང་ཁུངས་Wikipedia
ཧི་མ་ལ་ཡའི་ ནས་ཁ་ཕྱོགས་བསྐྱར་དུ་བཟོས་པ།

འདི་བོད་སྐད་ལ་རི་བོ་གངས་ཅན་ཟེར་བ་རྒྱ་གར་སྐད་ལ་བསྒྱུར་བ་ཞེག་རེད། རི་བོ་འདི་ནི་འཛམ་གླིང་ཐོག་མཐོ་ཤོས་དང་ཆེས་རིང་ཤོས་ཀྱི་རི་རྒྱུད་ཅིག་སྟེ་བོད་ཀྱི་ནུབ་ཕྱོགས་པ་ཀི་སི་ཐན་གྱི་བྱང་མཐའ་ནས་རྒྱ་གར་དང། བལ་ཡུལ། འབྲས་ལྗོངས། འབྲུག་ཡུལ་བཅས་ཀྱི་ཉེ་འདབས་བར་བརྐྱངས་པའི་རིང་ཚད་ལ་སྤྱི་ལེ་ཉིས་སྟོང་བཞི་བརྒྱ་ལྔ་ཙམ་དང་ཞེང་ཚད་སྤྱི་ལེ་ཉིས་བརྒྱ་ནས་སུམ་བརྒྱ་ལྔ་བཅུའི་བར་ཟིན། རི་རྒྱུད་འདི་སྣེ་གཉིས་ནང་དུ་གུག་ཅིང་དཀྱིལ་རྒྱུད་ལྷོ་ཕྱོགས་སུ་འབུར་བ་དབྱིབས་གཞུ་དང་མཚུངས་ལ་རི་བོ་མཐོ་ཞིང་གཟར་བ། ཆ་སྙོམས་མཐོ་ཚད་རྒྱ་མཚོའི་ངོས་ནས་སྤྱི་ཁྲི་དྲུག་སྟོང་ཡན་ཟིན་ཡོད། རི་རྒྱུད་འདིའི་ཁྲོད་དུ་རི་ཆེན་གནམ་གྱི་ཀ་བ་འདྲ་བ་དུ་མ་ཡོད་པ་སྟེ་མཐོ་ཚད་རྒྱ་མཚོའི་ངོས་ནས་སྤྱི་ཁྲི་བདུན་སྟོང་ཡན་ཟིན་པའི་རི་ཆེན་ལྔ་བཅུ་ལྷག་ཙམ་དང། མཐོ་ཚད་སྤྱི་ཁྲི་བརྒྱད་སྟོང་བརྒལ་བའི་རི་ཆེན་བཅུ་བཅས་ཡོད། རི་ཆེན་མང་པོ་འདི་ལྟ་བུ་རི་རྒྱུད་གཅིག་གི་ཐོག་ཕྱོགས་གཅིག་ཏུ་ཁེལ་བ་འདི་འདྲ་འཇམ་གླིང་ཐོག་རི་བརྒྱུད་གང་ལ་ཡང་མཐོང་རྒྱུ་མེད། འཛམ་གླིང་གི་རི་བོ་མཐོ་ཤོས་གངས་རྒྱལ་མོ་མཐོན་མཐིང་སྟེ་རང་ལྗོངས་དིང་རི་རྫོང་གི་ལྷོ་ཕྱོགས་ཇོ་མོ་གླང་མ་(མཐོ་ཚད་སྤྱི་ཁྲི་༨༨༤༤、༤༣ཡོད་)དེ་ཡང་རི་རྒྱུད་འདིའི་དཀྱིལ་རྒྱུད་ཀྱི་ཀྲུང་བལ་ས་མཚམས་ཀྱི་རྒྱད་དུ་ཆགས་ཡོད། རི་བོ་འདི་ནི་ལྷུན་པོའི་ཚོགས་ལས་འཕགས་ཤིང་དབུ་རྩེ་ཁ་བའི་འདི་ནི་ལྷུན་པོའི་ཚོགས་ལས་འཕགས་ཤིང་དབུ་རྩེ་ཁ་བའི་མདངས་འཛིན་ལ་ན་བུན་སྤྲིན་གྱི་ཅོད་པན་མཛེས་པ་སོགས་ངོ་མཚར་ཤིན་ཏུ་ཆེ། རང་རྒྱལ་གྱི་རི་འཛེགས་ལུས་རྩལ་པ་ཚོས་བོད་རབ་བྱུང་བཅུ་དྲུག་པའི་ལྕགས་བྱི་(༡༩༦༠)ལོའི་ཟླ་༥ཚེས་༢༥ཉིན་དང་ཤིང་ཡོས་(༡༩༧༥)ལོའི་ཟླ་༥ཚེས་༡༧ཉིན་སོ་སོར་བྱང་ངོས་ནས་རི་བོ་འདིའི་རྩེ་མོར་ཐེངས་རེ་འཛེགས་ཏེ་རང་རྒྱལ་གྱི་ཚན་རིག་ལས་དོན་པ་ཚོ་དང་མཉམ་དུ་ཇོ་མོ་གླང་མའི་ཁུལ་དུ་ཚན་རིག་རྟོག་ཞིབ་རིམ་པ་བྱས་ཏེ་སླད་ཕྱིན་བོད་དུ་འབྱུང་བའི་ནུས་པ་བེད་སྤྱོད་བྱ་རྒྱུར་སྨན་ཚན་རིག་ཐོག་གི་གཞི་འཛིན་ས་བཟོས་ཡོད། རི་བོ་ཧི་མ་ལ་ཡ་འདི་བོད་ལྗོངས་ས་མཐོའི་ལྕགས་རི་ཆེན་པོ་ཞིག་དང་འདྲ་བར་རླུང་གི་རྒྱུན་བཀཀ་སྟབས་བོད་ཀྱི་དངོས་དང་གནམ་གཤིས་སོགས་ལ་ཡང་བག་ཆགས་ཆེན་པོ་བཞག་ཡོད། ཅོན་ཀྱང་མཁས་པ་འགའ་ཞིག་གིས་རི་བོ་གངས་ཅན་ནམ། ཧི་མ་ལ་ཡ་ཞེས་པ་གངས་རི་ཏི་སི་ལ་ངོས་འཛིན་གནང་འདུག་ཅིང། གངས་རི་ཏི་སེ་ལ་ཡང་ངོས་འཛིན་སྟངས་མི་འདྲ་བ་གཉིས་འདུག། ༡.སྟོད་གངས་རིན་པོ་ཆེ་དང་གངས་རི་ཏི་སེ་གཅིག་ཡིན་པར་ངོས་འཛིན་པ་ལྟར་བྱས་ན་མ་ཕམ་གཡུ་མཚོའི་བྱང་ངོས་སུ་ཡོད་པ་དེ་ཡིན་ཅིང། རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་དྲུག་སྟོང་བདུན་བརྒྱ་བཅུ་བཞིས་མཐོ་བ་ཡིན། བོད་ཀྱི་མཁས་པ་མང་ཆེ་བས་སྟོད་གངས་རིན་པོ་ཆེ་དང། གངས་རི་ཏི་སེ་གཅིག་པ་ཡིན་པར་བཤད་པ་ལྟར། རང་རྒྱལ་གྱི་ས་ཁྲ་རྒྱ་ཡིག་ཁུངས་བཙན་ཞིག་འདུག་པ་དེར་ཡང་དེ་ལྟར་བཀོད་པས་འདི་རང་ཁུངས་དག་གམ་སྙམ། ༢.ཡང་མཁས་པ་འགའ་ཞིག་གིས། སྟོད་གངས་རིན་པོ་ཆེ་ལས་ལོགས་སུ་གངས་རི་ཏི་སེ་ཞེས་པ་ཞིག་ཡོད་པར་བཞེད་པ་ལྟར་ན། རང་རྒྱལ་གྱི་ས་ཁྲ་གཞན་ཞིག་གི་ནང་དུ། མ་ཕམ་གཡུ་མཚོ་བྱང་ངོས་ཀྱི་གངས་རིན་པོ་ཆེ་ལས་ལོགས་སུ་མངའ་རིས་སྒར་ཐོག་གི་ཤར་ལྷོའི་མཚམས་སུ་གངས་རི་ཏི་སེའི་རི་རྩེ་གཙོ་བོ་ཡིན་ཞེས་པ་དང། དེའི་འོག་གི་མཆན་དུ་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་དྲུག་སྟོང་བདུན་བརྒྱ་བཅོ་ལྔས་མཐོ་བ་ཡོད་པའི་ཨང་རྟགས་ཀྱང་བྲིས་འདུག། གང་ལྟར་འདིའི་རི་རྒྱུད་ནི་སྟོད་མངའ་རིས་ཁུལ་བཀྲ་ཤིས་སྒང་གི་ཤར་སྨད་ནས་གཞིས་ཀ་རྩེའི་བྱང་ཕྱོགས་ཤང་རྣམ་གླིང་རྫོང་གི་ཤར་ཕྱོགས་བར་བརྐྱངས་ནས་ཡོད།

"ཧི་མ་ལ་ཡ་རི་རྒྱུད"

[རྩོམ་སྒྲིག]

༡ ཧི་མ་ལའི་རི་རྒྱུད་བསྡུས་མིང་ལ་ཧི་མ་ལ་ཡ་ཞེས་བརྗོད་པ་རེད། ཧི་མ་ལ་ཡ་ནི་ཨེ་ཤེ་ཡའི་རི་རྒྱུད་ཞིག་ཡིན་ཞིང་རྒྱ་གར་དང་བོད་ཀྱི་བར་དུ་གནས་ཤིང་རྒྱ་གར་དང་བོད་ཀྱི་དབྱེ་མཚམས་ཡིན། རི་རྩེ་མཐོ་ཤོས་ནི་ཇོ་མོ་གླང་མ་ཡིན་ལ། མཚོ་ངོས་ལས་སྨི༨༨༤༤ཡོད། ཇོ་མོ་གླང་མ་ནི་འཛམ་གླིང་གི་རི་རྩེ་མཐོ་ཤོས་ཀྱང་ཡིན།

བོད་ཡིག་གཏག་ཆས་ཀྱི་མིང་།

[རྩོམ་སྒྲིག]

༢ ཧི་མ་ལ་ཡ་བོད་ཡིག་གཏག་ཆས་ཞེས། 2007ལོར་Microsoftནས་བཟོས་པའི་གློག་ཀླད་ཐོག་བོད་ཡིག་གཏམ་ཆས་ཀྱི་མིང་། དེ་ནི་རྒྱལ་སྤྱིའི་གཅིག་འགྱུར་ཨང་རྟགས་Unicodeལས་བཟོས་པའི་བོད་ཡིག་གཏག་ཆས་ཐོག་མ་ད་རེད་ལ་བོད་ཡིག་འདི་ཉིད་རྒྱལ་སྤྱིའི་ཐོག་དྲྭ་རྒྱལ་ཅན་ལ་ཁ་ཕྱོགས་པའི་གོམ་པ་དང་པོ་དེ་ཡང་རེད། དེ་རྗེས་གྲྭ་པ་སྨོན་ལམ་ལགས་ཀྱིས་བཟོས་གནང་བའི་Monlamཐོན་རིམ་དེ་དག་ཀྱང་རྒྱལ་སྤྱིའི་གཅིག་འགྱུར་ཨང་རྟགས་ཀྱི་གཏག་ཆས་དང་ཡིག་གཟུགས་ཤ་སྟག་རེད། གློག་ཀླད་མཉེན་ཆས་དེ་དག་གིས་བོད་ཡིག་དྲྭ་རྒྱའི་ཐོག་ཁྱབ་སྤེལ་བྱེད་པར་ཕན་ནུས་ཤུགས་ཆེན་ཐོན་ཡོད། དེས་མི་ཚད་སྤྱི་ཚོགས་དང་སློབ་གྲྭ་སོགས་ཀྱི་བྱེད་སྒོ་དང་། འདུ་འཛོམས། བགྲོ་གླེང་སོགས་ཀྱི་སྐབས་བོད་ཡིག་གི་ཡིག་བྱང་དང་། སྒོ་བྱང་། བརྡ་ཁྱབ། འགྲེམས་ཡིག་སོགས་དཔར་སྒྲིག་བྱས་པར་ཡང་སྟབས་བདེ་དང་འཐུས་ཚང་གི་ཆ་རྐྱེན་ཤུགས་ཆེན་བསྐྲུན་ཡོད། ་་་་་་ཆ་མི་ཚང་བ།

གསལ་བཤད།

[རྩོམ་སྒྲིག]

ས་ཁམས།

[རྩོམ་སྒྲིག]

འདི་ནི་བོད་ལྗོངས་ཀྱི་ལྷོ་མཐའ་དང་པ་ཀི་སི་ཐནརྒྱ་གརབལ་བོའབྲས་ལྗོངསའབྲུག་ཡུལ་བཅས་ཀྱི་བར་དུ་ཆགས་ཤིང་། འཛམ་གླིང་ཐོག་ཆེས་མཐོ་ཞིང་རིང་ལ་རི་ཚོགས་མང་བའི་རི་རྒྱུད་རེད། རི་རྒྱུད་འདིའི་རིང་ཚད་ལ་སྤྱི་ལེ་2400ལྷག་དང། ཞེང་ཚད་སྤྱི་ལེ་200ནས་300ལྷག་ཡོད། རི་རྒྱུད་ཀྱི་སྣེ་གཉིས་བྱང་དུ་གུག་ཅིང་དཀྱིལ་ལྷོ་ཕྱོགས་སུ་འབུར་བས་གཞུ་དབྱིབས་དང་མཚུངས་ལ་མཐོ་ཞིང་གཟར། ཆ་སྙོམས་ཀྱི་མཐོ་ཚད་མཚོ་ངོས་ནས་སྨི6000ལྷག་ཡོད་པ་དང། མཐོ་ཚད་ལ་སྨི7000ཅན་གྱི་རི་བོ་བཞི་བཅུ་ལྷག་དང་སྨི8000ཅན་གྱི་རི་བོའང་དུ་མ་ཡོད། དེ་ལས་བོད་ཁོངས་དང་བལ་བོད་ས་མཚམས་སུ་ཇོ་མོ་གླང་མ་སོགས་མཐོ་ཚད་སྨི8000ཅན་གྱི་རི་བོ་ལྔ་ཡོད།

པར་རིས་བར་འཁྱམས།

[རྩོམ་སྒྲིག]


ཟིན་ཐོ་འམ་དཔྱད་གཞི།

[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག

[རྩོམ་སྒྲིག]

ད་དུང་གཟིགས།

[རྩོམ་སྒྲིག]

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།

ཕྱི་ཕྱོགས་དྲ་མཐུད།

[རྩོམ་སྒྲིག]