བོད་ཡིག་

ཡོང་ཁུངས་Wikipedia

བོད་ཡིག་ནི་བོད་སྐད་དང་རྫོང་ཁ་སྐད་ཀྱི་ཡི་གེའི་མ་ལག་ཡིན། དེ་གནའ་བོའི་བོད་སྐད་ཀྱི་སྒྲ་གདངས་ལ་གཞིགས་ནས་བཙུགས་པ་ཞིག་ཡིན། ཡི་གེ་མ་ལག་འདིར་ཁྱོན་གསལ་བྱེད་སུམ་བཅུ་ཡོད། ད་ལྟ་བོད་ཡིག་ནི་འབྲུག་ཡུལ་དང་ལ་དྭགས་སོགས་ཧི་མ་ལའི་རི་རྒྱུད་ཀྱི་མི་རིགས་མང་པོ་ཞིག་གིས་བེད་སྤྱོད་བྱེད་ཀྱི་ཡོད། བོད་ཀྱི་ཡི་གེ་ལ་ཁྱོན་གསལ་བྱེད་སུམ་བཅུ་དང་དབྱངས་བཞི་ཡོད། འཛམ་གླིང་ལ་སྐད་རིགས་བདུན་སྟོང་༧༠༠༠ཙམ་ཡོད་ཀྱང་ཡི་གེ་ཡོད་པའི་སྐད་རིགས་ཉིས་བརྒྱ་༢༠༠ཙམ་ལས་མེད། དེའི་ནང་ན་དབྱངས་གསལ་གྱི་ཡི་གེ་ཡོད་པའི་སྐད་རིགས་ལྔ་བཅུ་༥༠ལས་མེད་ཅིང་། ལོ་ངོ་སྟོང་ཡན་གྱི་ལོ་རྒྱུས་ཡོད་པའི་སྐད་རིགས་བཅོ་ལྔ་༡༥ཙམ་ལས་མེད་ལ། དེའི་ནང་ལ་བོད་ཡིག་ཚུད་ཡོད།

པར་རིས།[རྩོམ་སྒྲིག]

ད་དུང་གཟིགས།[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག: