པཎྜི་ཏ་སྨྲི་ཏི་

ཡོང་ཁུངས་Wikipedia

སྨྲི་ཏི་ཛྙ་ན་ཀིརྟི་སྟེ་བོད་སྐད་དུ་དྲན་པའི་ཡེ་ཤེས་གྲགས་པ་ཞུ་ཞིང་། རྒྱ་གར་གྱི་པཎྜི་ཏ་ཧ་ཅང་མཁས་པའི་སྙན་གྲགས་ཅན་ཞིག་ཡིན་ཞིང་དུས་རབས་བཅུ་བའི་མཇུག་ཏུ་བལ་བོ་ལོ་ཙྭ་བ་པདྨ་རུ་རྩེའམ་རྨ་རུ་རྩེས་པན་ཆེན་སྨི་ཏི་དང་ཕྲ་ལ་རིང་བ་གཉིས་རྒྱ་གར་ནས་བོད་དུ་སྤྱན་དྲངས། ལམ་བར་དུ་ལོ་ཙྭ་བ་ཕོ་བའི་ནད་ཀྱིས་གྲོངས་ནས་བོད་སྐད་མ་མཁྱེན་པའི་རྐྱེན་གྱིས་གཙང་རྟ་ནག་ཏུ་མི་ཚང་ཞིག་གི་ལུག་རྫི་གནང། མཐར་ཁོང་གི་སློབ་མ་དཔྱལ་ལོ་ཙྭ་བ་བསོད་ནམས་རྒྱལ་མཚན་གྱིས་མི་ཚང་དེ་ལ་གསེར་སྦྱིན་ནས་སྨན་ལུང་དུ་སྤྱན་དྲངས་ནས་ཆོས་ཞུས། མཐར་མདོ་ཁམས་ལྡན་མའི་ས་ཁུལ་དུ་གདན་དྲངས་ཏེ། འབྲོམ་སྟོན་པ་སོགས་སློབ་མ་ཁ་ཤས་ལ་རྒྱ་གར་སྐད་ཀྱི་སྒྲ་རིག་པ་བསླབ་པ་གནང་། དེང་སང་གི་ <<སྨྲ་སྒོ་མཚོན་ཆ་>> ཞེས་པའི་གཞུང་འདི་ཡང་སྐབས་དེར་ཁོང་གིས་བརྩམས་པར་གྲགས་ཤིང་། དེ་ནི་སྒྲ་རིག་པའི་བསྟན་བཅོས་ཤིག་ཡིན་པ་དང་། ཕྱིས་འབྱུང་མཁས་པ་རྣམས་ཀྱིས་བརྩམས་པའི་སུམ་རྟགས་སོགས་པའི་སྒྲ་རིག་པའི་གཞུང་ལུགས་ཁག་ནང་འདིའི་ནས་ལུང་དུ་མ་དྲངས་ཡོད། འདི་ཉིད་ཀྱི་འགྱུར་མང་པོ་བཀའ་འགྱུར་ནང་བཞུགས་ཤིང་། པཎྜི་ཏ་འདི་ཡན་ཆོད་དུ་བསྒྱུར་བའི་གསང་སྔགས་ཀྱི་ཆོས་རྣམས་ལ་གསང་སྔགས་རྙིང་མའི་ཐ་སྙད་བྱེད་པ་ཡིན།ཞེས་དུང་དཀར་ཚིག་མཛོད་དུ་བཀོད་ཡོད། གཉིས་པ། མཚན་ཉིད་ཀྱི་སྐོར། ༡ མིང་།

གང་ཞིག་རྣམ་ཆ་འདུས་པ་ཡིས།། དོན་གྱི་ངོ་བོ་ཉིད་བརྗོད་ན།། རྣམ་ཆ་མང་ངམ་ཉུང་གྱུར་ཀྱང་།། དེ་ནི་མིང་ཞེས་རབ་ཏུ་བརྗོད།། ཅེས་ཡི་གེ་ཅི་ཙམ་འདུས་ནས་མིང་འགྲུབ་ཅེ་ན། ཆོས་རྣམས་ཀྱི་ངོ་བོ་ཉིད་ཙམ་སྟོན་ན་ཡི་གེའི་རྣམ་གྲངས་ཀྱི་ཚད་ངེས་པ་མེད་དེ། ཆོས་ཀྱི་ངོ་བོ་ཉིད་ཙམ་སྟོན་ནུས་ཁྱད་པར་མི་སྟོན་པའི་ཡི་གེ་འདུས་པའི་གནས་སྐབས་ལ་མིང་ཞེས་བྱ།

འདོད་རྒྱལ་གྱི་མིང་། གང་ཞིག་གཞན་ལ་མ་བརྟེན་པར།། བླ་དྭགས་གང་བྱས་ཐོག་མའོ།། ༢ ཚིག གསལ་ཞིང་འབྲུར་ཆགས་པའམ། གལ་ཏེ་མིང་གཉིས་འདུས་པའམ།། འོན་ཏེ་མང་པོ་འདུས་ཀྱང་རུང་།། དེ་དག་ཁྱད་པར་བརྗོད་བྱེད་ན།། ཚིག་ཅེས་རབ་ཏུ་བརྗོད་པ་སྟེ།། ཕྲད་རྣམས་དག་དང་བཅས་པའོ།། ཕྲད་འདུས་པ། གལ་ཏེ་ཕྲད་གཉིས་འདུས་པའམ།། ཡང་ན་མང་པོ་འདུས་པ་ན།། སྔ་ཕྱི་ཕན་ཚུན་ཟིལ་གནོན་དང་།། རང་གི་ཆ་ལྡན་དག་ཏུ་སྦྱར།། ཚིག་ཕྲད། གང་ཞིག་རངགི་དོན་མེད་ཅིང་།། དོན་གྱི་མིང་ལ་གསལ་བྱེད་པ།། ཚིག་གི་ཕྲད་ཅེས་བྱ་བ་སྟེ།། དེ་ལྡན་ཕྲད་དངབཅས་པ་ཡིན།། གསུམ་པ། ཁྱད་ཆོས་ཀྱི་སྐོར། ཚིག་གི་སྦྱོར་བ་བསྟན་པ། དེ་ལ་ཚིག་གི་སྦྱོར་བ་བཅུ།། འབྲུ་མང་པོ་དང་ཚིག་སྡུད་དང་།། ཁྱད་པར་དག་དང་ཡན་ལག་དང་།། གཞི་དང་གཞི་གཅིག་བསྡུ་བ་དང་།། གཞི་མཐུན་པ་དང་དེའི་སྐྱེས་བུ།།ཟླས་དབྱེ་བ་དང་ཕྱོགས་ཙམ་ཞེས་དང་། འབྲུ་མང་པོ་བ་སྟོན་པར་ཡང་། ཚིག་གཉིས་མང་པོར་རབ་དབྱེ་བའི།། རང་མིང་ལྡན་དང་མི་ལྡན་དང་།། ཕྱོགས་དང་རྣམས་གྲངས་ཕན་ཚུན་དང་།། ཚིག་མང་པོ་སྟེ་རྣམ་པ་དྲུག་ཅེས་པ་སོགས་ནང་གསེས་དབྱེ་བ་དག་ཀྱང་ཤོག་ངོས་༤༢ནས་༤༤བར་དུ་བསྟན་འདུག ཚིག་བསྡུ་བ་འཆད་སྐབས། ཚིག་བསྡུ་བ་ནི་རྣམ་པ་ལྔ།། གཉིས་དང་རྣམ་གྲངས་བྱེ་བྲག་དང་།། གཞན་དང་བྱེད་པའི་ཚིག་ཡིན་ནོ་ཞེས།དང། ལས་ལ་སོགས་པའི་དབྱེ་བ་ཡིས།། གཉིས་པ་ལ་སོགས་བདུན་པའི་མཐའ།། བྱེད་པ་དྲུག་ཏུ་འདོད་པ་སྟེ།། ཚིག་སྡུད་ཙམ་དུ་ཤེས་པར་བྱ་ཞེས།།ཞེས་སྨོས་ཏེ། གཉིས་པ་ལས་སུ་བྱ་བ་ནི་གྲོང་ལ་འགྲོ་བ་ནི་གྲོང་འགྲོ་ལྟ་བུའོ།། གསུམ་པའི་བསྡུ་བ་ནི་མདའ་ཡིས་བསྣུན་པ་པ་ནི་མདས་བསྣུན་ལྟ་བུའོ།། བཞི་བའི་བསྡུ་བ་ནི་རྒྱན་ཆེད་ཀྱི་གསེར་ནི་རྒྱན་གསེར་ལྟ་བུའོ།། ལྔ་བའི་བསྡུ་བ་ནི་ཡུལ་ལས་འབྱུང་བ་ནི་ཡུལ་བྱུང་ལྟ་བུའོ།། དྲུག་པའི་བསྡུ་བ་ནི་ལྷས་བྱིན་གྱི་རྟ་ནི་ལྷས་བྱིན་རྟ་ལྟ་བུའོ།། བདུན་པའི་བསྡུ་བ་ནི་ཡུལ་ན་གནས་པ་ནི་ཡུལ་གནས་ལྟ་བུ་སྟེ། དེ་དག་ལ་བྱེད་པའི་ཚིག་གི་བསྡུ་བ་ཞེས་བྱའོ།། ཙམ་གྱི་དགག་པ་ནི་དོན་ཐམས་ཅད་དུ་ཐ་དད་པས་ཐ་དད་པས་འགེགས་པར་བྱེད་དེ། ཚིག་གི་བསྡུ་བ་ལྔ་པོ་འདི་ཚིག་བསྡུ་བ་གཞན་དོན་མཐུན་ལ་པ་ཉེས་པ་མེད་དོ།། ཁྱད་པར་བསྡུ་བ་འཆད་པ་ལ། སྔ་མ་ཕྱི་མའི་སྦྱོར་བ་ཡིས།། ཁྱད་པར་བསྡུ་བ་རྣམ་པ་གཉིས།། ཞེས་སྨོས་ཏེ་ཚིག་སྔ་མ་ཁྱད་པར་དུ་སྦྱོར་བ་དང་ཚིག་ཕྱི་མ་ཁྱད་པར་དུ་སྦྱོར་གཉིས་བསྟན། ཡན་ལག་བསྡུ་བ་འཆད་པ་ལ། འབྲེལ་བ་དག་དང་གོ་རིམ་དང་།། དོན་དང་གྲགས་པའི་ཡན་ལག་ནི།། བསྡུ་བ་བཞིའོ་གྲགས་པ་ཡང་།། འཇིག་རྟེན་བསྟན་བཅོས་དག་ལ་ཞེས་གསལ་བོར་བསྟན།། བསྟན་བཅོས་ལ་གྲགས་པ་གཉིས་ནི། འཇིག་རྟེན་ལ་གྲགས་པ་ནི་ཀ་བ་བུམ་པ་ལ་སོགས་པའི་ཐ་སྙད་ལ་བྱས་པ་ལྟ་བུའོ།། བསྟན་བཅོས་ལ་གྲགས་པ་ནི་ལས་ལ་སོགས་པའི་བྱེད་པའི་ཚིག་ལ་བྱེད་པ་ལྟ་བུའོ།། གཞི་བསྡུ་བ་འཆད་པ་ལ། རིགས་གསལ་བྱས་དང་མ་བྱས་པའི།། གཞི་བསྡུ་བ་ནི་གཉིས་ཡིན་ནོ།། ཞེས་སྨོས་ཏེ་རིགས་གསལ་བའི་བསྡུ་བ་ནི་ཆོས་མཐའ་དག་ཅེས་པ་ལྟ་བུའོ།། རིགས་མ་གསལ་བའི་བསྡུ་བ་ནི་མཐའ་དག་དང་ཀུན་ལ་སོགས་པའོ།། གཞི་གཅིག་ཏུ་བསྡུ་བ་འཆད་པ་ལ། ཕྱོགས་གཅིག་དག་ཏུ་བྱེད་པ་དང་།། སོ་སོ་ཕྱོགས་གཅིག་བྱེད་པ་ཡིས།། གཞིག་གཅིག་བསྡུ་བ་གཉིས་སུའོ།། གཞི་མཐུན་པའི་བསྡུ་བ་འཆད་པ་ལ། ཁྱད་པར་ཁྱད་པར་ཅན་གཉིས་དང་།། ཁྱད་པར་རྣམ་གཉིས་གཞི་གཅིག་ཏུ།། མཐུན་པར་གོ་བར་བྱ་བ་ལ།། སྦྱོར་བའི་གཞི་མཐུན་རྣམ་པ་གཉིས།། མ་ཡིན་པར་དགག་པའི་མཚན་ཉིད་མི་མཐུན་པ་བཅུ་བཞི་གང་ཞེ་ན། གཞན་དང་མི་མཐུན་གཉེན་པོ་དང་།། ཆུང་དང་ཕྲ་བ་ཉུང་བ་དང་།། ཡུན་ཐུང་ལྷག་མ་མེད་པ་དང་།། མཐའ་དག་མིན་དང་བྲལ་བ་དང་།། དམན་དང་ཞན་དང་ཞུམ་པ་དང་།། འདྲ་བ་དག་ལས་དགག་པ་ནི།། མ་ཡིན་དགག་པར་འདོད་པའོ།། མེད་པར་དགག་པ་བཅུ་གཅིག་འཆར་པར། རྒྱུན་འདྲ་བ་དང་རང་བཞིན་དང་།། སྐབས་དང་རྟེན་གྱི་དབྱེ་བ་ཡིས།། སྔ་དང་གཞི་ནས་མེད་པ་དང་།། དབྱེ་བ་རྣམ་པ་བརྒྱད་ཡིན་ཏེ།། ཕན་ཚུན་དག་ལ་རང་བཞིན་དང་།། རྒྱུ་དང་རངབཞིན་གཉིས་དབྱེ་བའི།། ཤིན་ཏུ་མེད་དང་བཅུ་གཅིག་ནི།། མེད་པར་དགག་པར་འདོད་པ་ཡིན།། འདི་ཚིག་གི་འཇུག་ཚུལ། འདི་ཚིག་འདས་མ་འོངས་དང་།། སྐབས་ཀྱི་དངོས་གཞན་དག་ལ་འཇུག། གམ་ཞིག་ལ་ནི་བལྟོས་བྱས་པའི།། ཉེ་བ་དག་དང་མངོན་སུམ་པའི།། དངོས་པོ་དག་ཀྱང་གཉིས་ཡིན་ནོ།། འདི་སྒྲ་མི་འཇུག་པར་བསྟན་པ་ནི།། སྤང་བར་བྱ་བ་འདི་ལྟ་སྟེ།། ལྐོག་ཏུ་གྱུར་དང་རིང་བ་དང་།། གལ་ཏེ་བསྟན་བྱ་དུས་ཉིད་ན།། འདས་མ་འོངས་སྤང་བར་བྱ།། ད་ནི་ཞེས་པའི་སྒྲ་འཇུག་ཡུལ། ད་ནི་སྐབས་སུ་བབས་པའི་ཚིག ། ད་ལྟར་བྱུང་ལ་སྦྱོར་བ་སྟེ།།འདས་པའི་སྐབས་ལ་རྣམ་པར་སྤང་།། ན་སྒྲ་འཇུག་ཡུལ་བསྟན་པ་ནི། ན་ཞེས་བྱ་བའི་ཚིག་གི་དོན།། དམིགས་ཀྱིས་འབྱེད་དང་རྒྱུ་མཚན་དང་།། རྒྱུ་མཚན་དོན་གྱིས་བསྟན་པ་དང་།། ལས་དང་ཆེད་དང་རྟེན་གནས་དང་།། ཕྱི་ཚིག་དེ་བཞིན་སོགས་སྟོན་དང་།། འོས་པར་དཀའ་བ་ཆགས་འཛིན་ལས།། ཕྱི་ཚིག་ངེས་པར་བྱེད་པ་དང་།། དེ་ལས་བཟློག་པ་ཉིད་དང་ནི།། འགལ་བའང་མི་འགལ་སྟོན་པ་དང་།། སྨོན་དང་འདྲི་དང་ཐེ་ཚོམ་གཞི།། ཚེ་སྐབས་རྣམས་ལ་འདི་མཐོང་ངོ་།། དང་སྒྲའི་འཇུག་ཡུལ་གཞན་ཞིག་བསྟན་པ་ནི།། དེ་ཉིད་དང་ནི་གཞན་དག་དང་།། ལན་གྲངས་གཞན་ལ་སྦྱོར་བ་ཡི།། སྡུད་པའི་དང་ཡང་གསུམ་དུ་འདོད།།ཅེས་བསྟན། ནི་སྒྲའི་འཇུག་པ་བསྟན་པ་ནི། ནི་ནི་དགར་དང་བསྣན་པའི་ཚིག ། དམིགས་སམ་ངེས་པར་འཛིན་པ་སྟེ།། ཕྱི་མའི་ཚིག་དང་སྦྱར་བར་བྱ།། ཁོ་ནའི་ཚིག་གི་དོན་བསྟན་པ་ནི། ངེས་པར་གཟུང་བའི་ཚིག་གི་དོན།། གཞན་མི་ལྡན་དང་གཞན་ལ་མིན།། ལྡན་པ་ཙམ་དུ་འཛིན་པ་དང་།། མ་ངེས་པ་ཡི་རྣམ་པ་གཉིས།། བདེན་ཞིང་མི་སླུ་བ་ཉིད་དང་།། ཁོ་ན་དག་ནི་རྣམ་པ་དྲུག ། ཉིད་ཀྱི་འཇུག་པ་བསྟན་པ་ནི།། ཉིད་ནི་དེ་བཞིན་ཅུང་ཟད་དུ།། ཕྱི་ཚིག་ཐ་དད་མིན་པ་དང་།། དངོས་པོའི་རྐྱེན་དུ་འགྱུར་བའོ།། ཙམ་གྱི་འཇུག་པ་བསྟན་པ་ནི།། ཚད་འཛིན་ལྷག་པ་འགོག་པ་ཡི།། ཙམ་ཞེས་བྱ་བ་རྣམ་པ་གཉིས།། འབའ་ཞིག་ལ་སོགས་དེ་བཞིན་སྦྱར།། ཁྱབ་པ་སྐབས་ཀྱིས་བརྩི་བར་བྱ།། ཚུལ་གྱི་སྒྲའི་འཇུག་ཚུལ་བསྟན་པ་ནི། ཚུལ་ནི་འདྲ་དང་སྨད་པ་དང་།། སྒོ་དང་སྡོམ་པ་མཚན་ཉིད་དང་།། ཐབས་དང་རིགས་པ་དོན་དང་འདོད།། ལེགས་པ་དག་ལ་འཇུག་པ་ལས།། འདྲ་བར་སྦྱར་བ་ཕྲད་དུ་འདོད།། བཞིན་ལ་སོགས་པའི་འཇུག་པ་བསྟན་པ་ནི།། བཞིན་ལ་སོགས་པའི་ཚིག་གི་དོན།། མ་ནོར་བ་དང་ཡིན་པ་དང་།། འདྲ་བ་དག་ཏུ་སྦྱར་བའོ།། འོན་ཏེ་ནའི་དོན། ཕྱོགས་གཅིག་ཁོང་དུ་ཆུད་པ་ལས།། ཕྱོགས་གཅིག་འདྲི་བར་བྱེད་པ་ནི།། འོ་ན་ཞེས་པའི་ནུས་པའོ།།
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།