ཆུས་ཡོན།
Appearance
ཆུས་ཡོན་(སྤྱི་ལོའི་སྔོན་གྱི་༣༤༠-༢༧༨ལོ་ཡས་མས།)(རྒྱ་སྐད།: 屈原)ནི་ཀྲན་གོའི་དུས་འགོའི་ཁྲུའུ་རྒྱལ་ཁབ་ཀྱི་མི་ཡིན་ལ་ཁྲུའུ་རྒྱལ་པོ་ཧུའེ་ཝང་གིས་སྙིང་ཉེ་ནས་ཙུའོ་ཐུའུ་ཞེས་པའི་བློན་པོར་བསྐོས། ཐེངས་ཤིག་ཁོང་གིས་རྒྱལ་པོ་ལ་ཁྲིམས་ཡིག་གཏན་འབེབས་བྱེད་རིང་མི་ངན་གྱིས་སྙད་བཏགས་ནས་དཀྲུག་ཤིང་འཕངས་པས་རྒྱལ་པོ་ཁོང་ལ་གློ་བ་རིང་བར་གྱུར། དུས་སྐབས་དེར་ཁོང་གིས་༼སྐྱོ་མགུར་༽ཞེས་པ་མཛད་ནས་སེམས་ནང་གི་སྐྱོ་གདུང་མཚོན། དེ་ནས་ཁྲུའུ་རྒྱལ་པོ་ཞཱང་ཝང་ཁྲི་ལ་འཁོད་རྗེས་ཁོང་ཉིད་ལྷོ་ཕྱོགས་སུ་རྒྱང་འབུད་བཏང་། ལོ་འགའི་རྗེས་སུ་ཁོང་གིས་ཞང་ཅང་གཙང་པོའི་སྨད་རྒྱུད་དུ་ཆུར་ལྕེབས་ནས་རང་སྲོག་བཅད་པ་རེད།[༡]
མི་ཚེ།
[རྩོམ་སྒྲིག]པར་རིས་བར་འཁྱམས།
[རྩོམ་སྒྲིག]ཟིན་ཐོ་འམ་དཔྱད་གཞི།
[རྩོམ་སྒྲིག]- ↑ "རིག་གནས་སྒྱུ་རྩལ།" ༼ཀྲུང་གོའི་བྱིས་པའི་ཤེས་བྱ་ཀུན་བཏུས།༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧