གུང་རི་གུང་བཙན།
གུང་རི་གུང་བཙན་ནི་བོད་ཀྱི་བཙན་པོ་ཞིག་རེད། ཁོང་གིས་སྤྱི་ལོ་ ༦༥༠ ནས་ ༦༥༥ བར་དབང་བསྒྱུར་བྱས་པ་རེད། ཡོངས་གྲགས་ཀྱི་བོད་ཡིག་ལོ་རྒྱུས་ཡིག་ཆ་ཕལ་ཆེ་བའི་ནང༌། སྲོང་བཙན་སྒམ་པོ་དགུང་ལོ་བརྒྱད་ཅུ་ལྷག་བཞུགས་པ་དང༌། བཙུན་མོ་མོང་བཟའ་ཁྲི་ལྕམ་ལ་སྲས་གུང་རི་གུང་བཙན་འཁྲུངས་པ། སྲས་དེ་དགུང་ལོ་བཅུ་གསུམ་ལོན་སྐབས་རྒྱལ་སྲིད་ལ་བསྐོས་ནས་ལོ་ལྔ་རིང་སྲིད་དབང་བསྐྱངས་པ། སྲས་དེ་དང་བཙུན་མོ་འ་ཞ་བཟའ་མོང་རྗེ་ཁྲི་དཀར་གཉིས་ལ་སྲས་མང་སྲོང་མང་བཙན་འཁྲུངས་པ་བཅས་བཤད་ཚུལ་གཅིག་གྱུར་ལྟ་བུ་ཡིན། མཁས་དབང་དགེ་འདུན་ཆོས་འཕེལ་སོགས་དེང་སྐབས་རྒྱལ་ཁབ་ཕྱི་ནང་གི་མཁས་དབང་མང་པོས་སྲོང་བཙན་སྒམ་པོ་མེ་གླང( ༦༡༧ )ལ་འཁྲུངས་ནས་དགུང་ལོ་ཉི་ཤུ་རྩ་ལྔ་པ་ལྕགས་གླང( ༦༤༡ )ལོར་རྒྱ་བཟའ་བཙུན་མོར་བཞེས་པ་དང༌། དེ་ནས་དགུང་ལོ་སོ་བཞི་པ་ལྕགས་ཁྱི( ༦༥༠ )ལོར་གཤེགས་པར་བཞེད་པ་དེའི་དབང་དུ་བྱས་ན་སྲོང་བཙན་གྱི་སྲས་གུང་རི་གུང་བཙན་དགུང་ལོ་བཅོ་བརྒྱད་ལ་ཡབ་སྲོང་བཙན་གོང་དུ་གཤེགས་པས་གུང་རི་གུང་བཙན་གྱི་སྲས་མང་སྲོང་མང་བཙན་ཡབ་ཀྱི་དགུང་ལོ་བཅུ་བདུན་ཡས་མས་ལ་འཁྲུངས་དགོས་པ་དང༌། མེས་པོ་སྲོང་བཙན་སྒམ་པོ་གཤེགས་དུས་ཚ་བོ་མང་སྲོང་མང་བཙན་དགུང་ལོ་བཅུ་གསུམ་ལོན་ཡོད་པ་ལྟར་ན། ཡབ་གུང་རི་གུང་བཙན་དགུང་ལོ་ལྔ་ལ་སླེབས་དུས་སྲས་མང་སྲོང་མང་བཙན་འཁྲུངས་དགོས་པས་ཧ་ཅང་རྒོད་བྲོ་བའི་གནས་ཤིག་ཡིན། དབལ་མང་དཀོན་མཆོག་རྒྱལ་མཚན་གྱིས་མཛད་པའི<<རྒྱ་བོད་ཧོར་སོག་གི་ལོ་རྒྱུས>>སུ་གུང་སྲོང་དང་མང་སྲོང་གཉིས་སྐུ་མཆེད་ཡིན་པར་བཞེད་པ་དེ་ཁུངས་གང་འདྲ་ཞིག་ལ་བརྟེན་ནས་གསུངས་པ་ཡིན་མིན་མ་གསལ་བ་སོགས་དོགས་གཅོད་བྱ་དགོས་པ་མང་པོ་ཡོད་པས་འདིར་ཡི་གེ་མང་དོགས་གྱིས་མ་བྲིས་སོ། །བཙན་པོ་འདིའི་བང་སོ་ནི་དོན་མཁར་མདའ(སྲོང་བཙན་བང་སོའི་མདུན་ངོས་ཀྱི་རི)ལ་བརྩིགས་ཤིང༌། མེས་པོ་གནམ་རི་སྲོང་བཙན་གྱི་བང་སོའི་གཡོན་ངོས་སུ་ཡོད་ཅིང༌། བང་སོའི་མིང་ལ་གུང་ཆེན་གུང་རི་ཟེར།
མི་ཚེ།
[རྩོམ་སྒྲིག]སྒྲུང་།
[རྩོམ་སྒྲིག]ཆོས་ལུགས།
[རྩོམ་སྒྲིག]པར་རིས་བར་འཁྱམས།
[རྩོམ་སྒྲིག]ཟིན་ཐོ་འམ་དཔྱད་གཞི།
[རྩོམ་སྒྲིག]དཔྱད་གཞིའི་དཀར་ཆག།
[རྩོམ་སྒྲིག]ད་དུང་གཟིགས།
[རྩོམ་སྒྲིག]ཕྱི་ཕྱོགས་དྲ་མཐུད།
[རྩོམ་སྒྲིག]
| སྔོན་མ། སྲོང་བཙན་སྒམ་པོ། |
བོད་ཀྱི་བཙན། ༦༥༠-༦༥༥ |
རྗེས་ལ། མང་སྲོང་མང་བཙན། |